ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
མདོ་སྨད་ས་ཡི་ཐིག་ལེ་སྟེ་བ་རུ།
མཚན་དང་སྙན་གྲགས་ཆེ་བའི་ཟིང་ཆུ་ཡུལ།
ཡིད་འོང་ཡུལ་གྲུ་གཞན་ལས་ཁྱད་པ་འཕགས།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
བཟང་པོ་འདོད་དགུ་འཛོམས་ས་ང་ཡི་ཡུལ།
བཅུ་ཕྲག་རིག་པའི་གཏེར་མཛོད་འབྱུང་བའི་སྣོད།
ང་ཡི་བཞིན་བཞིན་ནོད་བུ་འཁྲུངས་པའི་གླིང་།
ཕ་ཕུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
ཡིད་འོད་གྲོང་སྡེ་ཕུན་སུམ་ཚོགས་པའི་གླིང་།
འབྲི་གཡག་འཛོམས་པའི་རྩེད་འཇོ་རོལ་པ་བཞིན།
སྐྱིད་སྡུག་དགོངས་འདོད་འབྱུང་བ་ང་རང་ཡུལ།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
དཀར་པོ་འོ་མ་བཏུང་བ་རྒྱ་མཚོ་འཁྱིལ།
ཤ་མར་རྩམ་གསུམ་སྤུངས་པ་རི་བོའི་གདོས།
འཛམ་གླིང་ཤེད་མཐུན་འཛོམས་པའི་ང་ཡི་ཡུལ།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
རྒྱུ་དང་དཔལ་འབྱོར་འཛོམས་ས་ང་ཡི་ཡུལ།
སྤྱོད་ལམ་དུལ་བ་ཟླ་བའི་ལྷ་མོ་གང་།
གསུམ་སྙན་སྐད་སྒྲ་སྲིད་གསུམ་ཡོངས་ལ་ཁྱབ།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
སྤང་ལྗོངས་གཡུ་མདོག་ཡུལ་གྲུའི་མཐའ་བསྐོར་ཞིང་།
ཆུ་གཙང་ལྷུང་ལྷུང་འབབ་པའི་རྒྱ་མཚོར་འཁྱིལ།
མེ་ཏོག་དཀར་དམར་འཇའ་ཚོན་ལྟར་བཀྲ་བའི།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
གནས་མཆོག་སྐྱིད་པོའི་རང་ཡུལ་ཞིང་ཁམས་ནས།
ཡིད་སེམས་ཡ་རབས་མང་པོ་སྤུན་ཟླ་ལགས།
སྐུ་གཟུགས་བདེ་བོ་ཡོད་པའི་སྨོན་ལམ་ཞུ།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
ང་ནི་རྒྱལ་ཁབ་དུ་མ་བསྐོར་ནས་འཁྱམས།
འབྲས་སྐྱ་ལྡ་ལི་སྐུར་མོ་མཐུང་པའི་དུས།
རྣམ་ཤེས་ཁེར་རྐྱང་དབང་མེད་མིག་ཆུ་ཤོར།
ཕ་ཡུལ་ཟིང་ཆུ་བདག་གིས་ཡང་ཡང་དྲན།
- ཟིན་ཐོ་གོང་མ།གཏེར་སྟོན་ཆེན་པོ་༧རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་ཐར་སྐོར།།
- ཟིན་ཐོ་འོག་མ།ནང་ཆོས་ཀྱི་ངོ་བོ་དང་དེའི་ཕན་ཡོན།