མགོ་ལོག་པའི་མྱི་སྐད།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

 

ཚེ་སྲོག་ལྷག་བསམ་དག་ཅིང་རྩ་འགངས་ཆེ།།

བརྩེ་དུང་རིན་ཐང་རི་རྒྱལ་ལྷུན་པོ་འདྲ།།

གལ་ཏེ་རང་དབང་འཐོབ་ཕྱིར་ཡིན་པས་ན། །

ཕྱོགས་གཉིས་བློས་གཏོང་བྱེད་རྐྱང་ཁོ་ན་ཡིན། །

མགོ་ལོག་པ་འཇིགས་བྱེད་ཚེ་རིང་།

སྡོད་གནས། ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་།

གླེང་མོལ་ཨང་གྲངས།  1654346774

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 6
  • དཔྱད་བརྗོད། 19
  • ཆེམས། 0
  • ཀློག་གྲངས། 5627


 
ཉི་མའི་འོད་སྐར་ལ་རྟེན་འབྲེལ་ཞུ།
[ 2012/3/5 21:37:00 | By: འཇིགས་བྱེད་ཚེ་རིང་། ]
 

 

ཉི་མའི་འོད་སྐར་ལ་རྟེན་འབྲེལ་ཞུ།

 

   དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ཐུང་།

 

 

ཆུང་ཆུང་བྱིས་པ་ཚོའི་མི་ཚེའི་ནང་ལ།།

གསེར་འོད་ལམ་ལམ་གྱི་འོད་སྣང་བསྩལ་མྱོང་།།

 

བུས་པ་བསམ་མེད་ཚོའི་ཡིད་ཀྱི་ངོས་ལ།།

རིན་བྲལ་ཤེས་རིག་གི་རི་མོ་བྲིས་མྱོང་།།

 

མ་འོངས་གངས་ལྗོངས་ཀྱི་བདག་པོ་རྣམས་ལ།།

ཞི་བདེ་བག་ཕེབས་ཀྱི་ལམ་བུ་བསྐྲུན་མྱོང་།།

 

ང་ལ་མུན་སེལ་བའི་གློག་འོད་སྒྲོན་ནས།།

ཁྱེད་ལ་ཤེས་རབ་ཀྱི་འོ་མ་སྡུད་མྱོང་།།

 

ཐོག་མའི་ཀ་མད་ཀྱི་ཕྲེང་ཐག་བརྒྱུས་ནས།།

མཐའ་མའི་རིག་གཞུང་གི་ཕོ་བྲང་བཞེངས་མྱོང་།།

 

འཛམ་གླིང་ལོག་ལམ་ནས་སླར་ཡང་ལྡོག་སྟེ།།

ལེགས་པའི་ལམ་ཆེན་དུ་སེམས་ཀྱིས་ཁྲིད་མྱོང་།།

 

མེ་ཏོག་དཀར་དམར་གྱི་ལེགས་སྐྱེས་བསྣབས་ནས།།

དྲི་མེད་ཁ་བཏགས་ཤིག་སེམས་པས་བཏེགས་ནས།།

 

ལྷག་བསམ་གཙང་མ་ཞིག་དྲན་པས་བསྙོར་ནས།།

ཉི་མའི་འོད་སྐར་ལ་རྟེན་འབྲེལ་ཞུས་ཡོད།།

 

 

2011.9.10ཉིན་མདོ་ཁམས་མགོ་ལོག་ནས་བྲིས།

 

 
 
Re:ཉི་མའི་འོད་སྐར་ལ་རྟེན་འབྲེལ་ཞུ།
[ 2012/4/9 20:01:07 | By: སྐུ་མགྲོན་1IYl05(སྐུ་མགྲོན) ]
 
སྐུ་མགྲོན་1IYl05(སྐུ་མགྲོན)འབྲོག་ཁ་མང་ཐོན་ཡོད་
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.