སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྙན་དེབ་ཅིག་གི་དབུ་བྱང་བཀླགས་པ།
[ 2012/3/1 9:30:00 | By: འཇིགས་བྱེད་ཚེ་རིང་། ]
 

 

སྙན་དེབ་ཅིག་གི་དབུ་བྱང་བཀླགས་པ།

 

 

གྲྭ་ཆུང་སྙན་ངག་པ་སྒེའུ་ཁུང་ལགས་ཀྱི་དེབ་ཆུང་

<མི་ཡུལ་ས་དཀྲུག་རྡོ་དཀྲུག>ལ་བལྟས་རྗེས་སུ་བྲིས་པ།

 

དབྱངས་ཀྱི་འགུག་ཚུལ་དེ་ཡག་པ།།

རྗོད་པའི་བཟོ་སྟངས་དེ་མཛེས་པ།།

སེམས་ཀྱི་ན་ཟུག་གི་གླུ་འདི།།

མི་ཡུལ་དཀྲུག་བྱེད་ཀྱི་དབྱུག་པ།།

 

ཡི་གེའི་དག་ཆ་དེ་གཙང་བ།།

བརྡ་སྤྲོད་གཞུང་ལུགས་དང་མཐུན་པ།།

ཀ་རྩོམ་ཕྲེང་ཐག་གིས་བརྒྱུས་པའི།།

དགག་བཞག་མེ་དཔུང་གི་ཕུང་པོ།།

 

བླ་མར་དཀོར་ཟས་ཀྱི་ཕུད་ཡིན།།

གྲྭ་བར་སྡོམ་ཁྲིམས་ཀྱི་རྒྱ་ཡིན།།

ན་གཞོན་ཀླད་པ་དེ་དཀྲུག་བྱེད།།

དུངས་བའི་ན་ཆུང་མའི་གཞས་ཡིན།།

 

མེ་ཏོག་དམར་དམར་དེ་མ་ཡིན།།

ན་ཆུང་བུ་མོ་ཚོར་མི་འཐད།།

ཁ་བཏགས་དཀར་དཀར་དེ་མིན་ནོ།།

བླ་མ་སྤྲུལ་སྐུ་ཚོར་བསྣུན་ཡོད།།

 

བརྒྱ་ཤོག་བརྩེགས་མ་དེ་མིན་པར།།

མྱི་དཔོན་རྫིག་མོ་ཚོར་བསྡིགས་ཡོད།།

བླ་བསྟོད་ཏང་བསྟོད་ཙམ་མིན་པ།།

མི་ཡུལ་མགོ་རྟིང་ནས་སློག་ཡོད།།

 

ཀ་དག་གནས་ལུགས་ནས་བརྩམས་ཏེ།།

ཁ་བའི་ལས་དབང་གི་བར་དུ།།

སྙུ་གུས་ཐེངས་ཤིག་གིས་བྲིས་སོང་།།

དཀའ་ངལ་སྟོང་ཕྲག་གིས་བསྐྲུན་འདུག།

 

འགག་སྒོ་གང་མང་ལ་འཕྲད་ཀྱང་།།

ལྟ་ལོག་བལྟས་ངན་སོགས་སྨྲས་ཀྱང་།།

མགྲིན་པའི་དབྱངས་གསལ་གྱི་སྐད་སྒྲ།།

མ་བཅོས་རང་བྱུང་དུ་འཁྲུངས་སོང་།།

 

 

2011.2.6ཉིན་ཁྲིན་ཏུའུ་ནས་བྲིས།

 

 
 
Re:སྙན་དེབ་ཅིག་གི་དབུ་བྱང་བཀླགས་པ།
[ 2012/3/2 14:31:15 | By: danzengyixi ]
 
danzengyixi


གྲྭ་ཆུང་སྙན་ངག་པ་སྒེའུ་ཁུང་ལགས་ཀྱི། །
རྩོམ་དེབ་དེ་དངོས་སུ་མ་མཐོང་ཡང་། །
རྒན་ལགས་ཀྱིས་འདེང་འཇོག་ལ་གཞིགས་ནས། །
ཤིན་ཏུ་ནས་ཀློག་པར་སྤྲོ་བའི་དེབ་ཞིག་ཡིན་འདུག །
དུས་གང་མགྱོགས་དངོས་སུ་མཇལ་བའི་རེ་བ་བྱས་ཡོད། །
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.