གྲོགས་ལོ་ཆུང་དྲན་པའི་ཚིགས་བཅད།
ལོ་ཆུང་ནི་རྩོམ་པ་པོ་ཞིག་གི་པིར་མིང་ཡིན་ལ་ན་གཞོན་གསར་ཉམས་ཅན་ཞིག་གི་ཤེས་རབ་མཚོན་བྱེད་ཅིག་ཡིན་ནོ།
ཁ་བྱང་གི་འགྲེལ།
རྩོམ་ཡིག་འབྲི་རྒྱུར་དགའ་བའི།།
རྩོམ་གཤིས་ཧ་ཅང་ཡག་པའི།།
གྲོལ་རྩོམ་བྲིས་ན་ལེགས་པའི།།
ལོ་ཆུང་བདེ་མོ་ཡིན་ནམ།།
མགོ་ལོག་ཡུལ་ན་ཡོད་པའི།།
འབྲོག་མོར་བརྩེ་དུངས་བཅངས་པའི།།
རྨ་ཆེན་རྫོང་གི་དམག་པ།།
ལོ་ཆུང་བདེ་མོ་ཡིན་ནམ།།
སྐྲ་ལོ་རིང་པོ་འཇོག་པའི།།
གཟུགས་པོ་ཐུང་ཐུང་ཡིན་པའི།།
ཁ་བཙོག་བཤད་རྒྱུར་དགའ་བའི།།
ལོ་ཁོ་སྙིང་ལ་རྗེ་བོ།།
གསར་ཉམས་ཧ་ཅང་དོད་པའི།།
གསར་མོ་འགའ་བོ་འགུགས་པའི།།
སྐད་ཆ་བཤད་ན་མཁས་པའི།།
སྤུན་ཟླ་ལོ་ཆུང་བདེའམ།།
ནུབ་བྱང་ཚང་ནས་ཐོན་པའི།།
ལྟ་བ་ཡག་པོ་ཡིན་པའི།།
ཕྱི་ཐག་ཤིན་ཏུ་རིང་བའི།།
ལོ་ཆུང་སེམས་ནས་དྲན་འདུག།
ལ་རྒྱའི་བླ་སྲོག་བདོག་པའི།།
ཕ་སྐད་སེམས་ན་གསལ་བའི།།
མ་ཡིག་བློ་ནས་ཤེས་པའི།།
ལོ་ཆུང་བརྗེད་ཀྱིན་མེད་དོ།།
ངང་རྒྱུད་ཧ་ཅང་འཇམ་པའི།།
གྲོགས་ལ་སྙིང་ནས་བརྩེ་བའི།།
ཆེ་མདོག་སྒམ་མདོག་མེད་པའི།།
ལོ་ཆུང་མྱི་བཟང་ཡིན་ནོ།།
འཕྲིན་པ་ཤར་མར་བྲིས་པའི།།
ལོ་ཆུང་ལག་ཏུ་འཕྲོད་པའི།།
ཞིབ་ཀློག་ངེས་པར་དགོས་པའི།།
སེམས་གཏམ་དམར་པོ་ཡིན་ནོ།།
2012.1.9ཉིན་སྐུ་ཞབས་སེང་རྡོར་གྱི་རྩོམ་ཡིག་ལ་ལད་མོ་བྱས་པའི་ཚིགས་སུ་བཅད་པ་འདི་ནི་ཁོ་བོའི་མི་ཚེའི་ནང་གི་ཆེས་བཟང་བའི་རྩོམ་གྲོགས་ལོ་ཆུང་ལ་ཕུལ་བའོ།།