སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/2/22 22:50:00 | By: འཇིགས་བྱེད་ཚེ་རིང་། ]
 

ཀ་ཁ་ག་ང་། ང་ཡི་བླ་སྲོག  ༼ གཞས་ཚིག     ༽

ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ

ཅ་ཆ་ཇ་ཉ། མི་རིགས་ཀྱི་བླ་སྲོག

ཨོ། དབྱངས་གསལ་གྱི་ཕྲེང་བ།

ཁྱེད་ནི་མུན་སེལ་གྱི་སྒྲོན་མེ་ཡིན།

 

ཏ་ཐ་ད་ན། མུ་ཏིག་གི་འོད་ཟེར།

པ་ཕ་བ་མ། རིགས་ལམ་གྱི་ལྡེ་མིག

ཨོ། བོད་པ་ཡི་ཡིག་རིས།

ཁྱེད་ནི་གཞུང་ལུགས་ཀྱི་རྨང་གཞི་ཡིན།

 

ཙ་ཚ་ཛ་ཝ། བྱིས་དུས་ཀྱི་རྨི་ལམ།

ཞ་ཟ་འ་ཡ། མེ་ཏོག་གི་མགུལ་རྒྱན།

ཨོ། བདག་སེམས་ཀྱི་མིག་འབྲས།

ཁྱེད་ནི་ཨ་མ་ཡི་བསླབ་བྱ་ཡིན།

 

ར་ལ་ཤ་ས། ནང་སེམས་ཀྱི་ཤེས་རབ།

ཧ་དང་ཨ་ནི། སློབ་གླིང་གི་གསང་བ།

ཨོ། བརྡ་སྤྲོད་ཀྱི་སྨྲ་ལྕེ།

ཁྱེད་ནི་མི་རིགས་ཀྱི་བླ་སྲོག་ཡིན།

 

གསལ་བཤད་སུམ་ཅུ། དྭངས་གཙང་གི་ཟས་མཆོག

ཨི་ཨུ་ཨེ་ཨོ། སྒྲ་རིག་གི་གདངས་དབྱངས།

ཨོ། མཛེས་སྡུག་གི་ཀ་མད།

ཁྱེད་ནི་བདག་སེམས་ཀྱི་ཡོད་ཚད་ཡིན།

 

 
 
Re:ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/3/3 22:03:33 | By: སྐུ་མགྲོན་8EUg8K(སྐུ་མགྲོན) ]
 
སྐུ་མགྲོན་8EUg8K(སྐུ་མགྲོན)ཡག་བྱུང་།
 
 
Re:ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/3/3 15:21:41 | By: སྐུ་མགྲོན་817Gw3(སྐུ་མགྲོན) ]
 
སྐུ་མགྲོན་817Gw3(སྐུ་མགྲོན)དགོས་མི་དགོས་གཉིས་ཀ་བྲིས་མ་ཡོང་། བྱིས་པ་ཞིག་གིས་བྲིས་བ་ལོས་ཡིན་འདོད།
 
 
Re:ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/2/27 15:03:58 | By: སྐུ་མགྲོན་2k0Meq(སྐུ་མགྲོན) ]
 
སྐུ་མགྲོན་2k0Meq(སྐུ་མགྲོན)འཇིག་བྱེད་ཚེ་རིང་། ། ཁྱེད་ནི་ང་ཚོའི་མིག་དཔེ་བྱེད་སའི་མི་སྣ་ཡིན། །

འཇིག་བྱེད་ཚེ་རིང་། ། ཁྱེད་ནི་ང་རང་དགའ་བའི་དཔའ་བོ་དེ་ཡིན། །

ཨོ་གངས་རའི་ཕོ་རྒོད། ། ཁྱེད་ནི་ང་ཚོའི་གཅེས་སྤྲས་བྱེད་དགོས་པའི་མི་སྣ་ཡིན། །

ཁྱེད་ནི་ངའི་སེམས་ནང་གི་ནོར་བུ་དེ་ཡིན། བོན་ཕྲུག་ནས།
གཤམ་དུ་འཇིགས་བྱེད་ཚེ་རིང་།་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་བོན་ཕྲུག་ལགས་ཕེབས་ཏེ། བདག་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེའོ། མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
Re:ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/2/27 14:52:57 | By: danzengyixi ]
 
danzengyixi

ཤིན་ཏུ་ནས་ལེགས་པའི་གཞས་ཚིགས་ཤིག་རེད་འདུག་སྙམ།
གླུ་གཞས་སྙན་མཁན་ཚང་མ་རིག་གནས་ཆུ་ཚད་ཡོད་པ་རྐྱང་རྐྱང་ཡིན་པའི་ངེས་པ་མེད། འདི་ལྟ་བུའི་ཁ་གསལ་གོ་བདེ་བའི་གཞས་ཚིག་གང་མང་འབྲི་དགོས་འདུག་སྙམ།
དྲྭ་གྲོགས་རྙིང་པ་ཞིག་གིས།
གཤམ་དུ་འཇིགས་བྱེད་ཚེ་རིང་།་ལགས་ཀྱིས་ལན་སློག་པ་ནི་
ལྷ་གཡག་དར་མས་སེམས་གཏམ་ལ་སེམས་པ་གླན་ཡོད་དོ། མགོ་ལོག་པས།
 
 
Re:ཀ་ཁ་ག་ང་། ང་ཡི་བླ་སྲོག
[ 2012/2/24 17:34:35 | By: སྐུ་མགྲོན་L52Sjw(སྐུ་མགྲོན) ]
 
སྐུ་མགྲོན་L52Sjw(སྐུ་མགྲོན)སློབ་ཆུང་ལོ་རིམ་གསུམ་པ་ཞིག་གིས་བྲིས་པ་དང་གཅིག་མཚུངས་འདུག
གཤམ་དུ་འཇིགས་བྱེད་ཚེ་རིང་།་ལགས་ཀྱིས་ལན་སློག་པ་ནི་
ང་འདི་ལྟར་མདུན་དུ་བསྐྱོད་རྩིས་ཡོད། ཁྱེད་ཀྱིས་བསམ་ཚུལ་བརྗོད་པར་དགའོ།། མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.