སྤྱི་ལོ། ༢༠༡༢ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༣ དང་ ༡༤ གཉིས་ལ། ཞོགས་པ་ཆུ་ཚོད་དགུ་པ་ནས། ཉིན་གུང་ཆུ་ཚོད་གཉིས་པ་དང་ཕྱེད་ཀ་བར་ཉིན་གཉིས་ཀྱི་རིང་ལ། སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་། སློབ་དཔོན་རྒྱལ་བ་བསྟན་འཛིན་རིན་པོ་ཆེི་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་ལྷ་སྡེ་དད་ལྡན་གནས་སྐོར་བ་སེར་སྐྱ་ཕོ་མོ་༼༥༠༠༠ ༽ལྷག་ལ་སྐྱབས་འགྲོའི་སྡོམ་པ་གནང་བ་དང་། སྔོན་འགྲོ་དངོས་གཞིའི་ཁྲིད་ལུང་། དགེ་སྒྲུབ་སྡིག་སྤོང་གི་ཕན་ཡོན། ཡུལ་སྲོལ་གོམས་གཤིས། གནས་ལ་སྐོར་བ་བྱེད་ལུགས། ཁོར་ཡུག་གཙང་སྦྲཤ་ཆང་ཐཱ་མའི་ཉེས་སྐྱོན། རང་དམའ་ས་དང་གཞན་མཐོ་ས་ཕན་ཚུན་མཐུན་སྒྲིལ་དགོས་
ཚུལ་སོགས་མདོར་ན་རང་གཞན་ཐམས་ཅད་ལ་གཙོ་བོ་བྱམས་སྙིང་རྗེ་ཡོད་དགོས་ཚུལ་བཀའ་སློབ་རྒྱ་ཆེན་གསུངས་།