
བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། །
དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །
དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

སྤྱི་རྟིང་ཁ་གསུམ་གྱི་ལབ་ཙེ།
དེ་རིང་ཟླ་4་བའི་ཚེས་11ཉིན་ནི་མདོ་སྨད་རེ་སྐོང་གསེར་མོ་ལྗོངས་ཀྱི་ཤར་ཕྱོགས་གྲུབ་ཐོབ་རྣམ་གསུལ་ལས་(གྲུབ་པའི་དབང་ཕྱུག་སྤྱི་རྟིང་འཁོར་ལོས་སྒྱུར་)བའི་གདན་ས་སྤྱི་རྟིང་ཁ་གསུམ་གྱི་སྐྱེས་ལྷ་(མཐར་སྨུག་)ལ་ལབ་ཙེ་དང་བསང་མཆོད་ཀྱི་བཀྲ་ཤིས་པའི་ཉིན་མོ་ཡིན་པས་ད་ནངས་ང་ཡང་ནངས་སྔ་ལངས་བྱས་ནས་ལམ་ལ་ཆས་པ་ཡིན། སྤྱིར་ཡིན་ན་ལབ་ཙེ་བསྟོད་པའི་ཉིན་མོ་འདིར་སྤྱི་རྟིང་ཁ་གསུམ་གྱི་སྐྱེ་བ་ཕོ་ལུས་ཐོབ་པའི་རྒན་དར་གཞོན་གསུམ་ཚང་མ་ཡོང་བ་ཡིན་ལ། ཡིན་ཡང་དེང་སང་ང་ཚོ་བོད་པ་ཚོ་ལ་མཚོན་ན་དབྱར་རྩྭ་བརྐོ་བའི་དུས་འདི་ནི་མང་ཚོགས་ལ་ཡོང་འབབ་ཆེས་བཟང་བའི་དུས་ཤིག་ཡིན་པས། དེ་རིང་ལབ་ཙེ་བསྟོད་མཁན་ཡང་རྒན་པ་དང་བྱིས་པ་གསར་བུ་འགའ་ལས་མི་མང་ཞིག་མི་འདུག་མོད། ང་ཚོས་མདའ་བསྟོད་དང་བསང་མཆོད་ཀི་སྒྲ་དང་རླུང་རྟ་ཤོག་སྦག་གི་ལྡིར་སྒྲའི་ཁྲོད་ནས་ལབ་ཙེ་ཡག་པོ་ཞིག་བསྟད་སོང་།
- ཟིན་ཐོ་གོང་མ།མཁས་དབང་བོན་བརྒྱའི་ཡིག་གཟུགས།
- ཟིན་ཐོ་འོག་མ།སྔགས་འཆང་བསོད་ནམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།