
བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། །
དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །
དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

༧ སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གསུང་པོད་གཉིས་པ་སྟེ། ༼ ཀ་རྩོམ་ཕྱོགས་བསྒྲིགས་དབྱངས་ཅན་བཞད་པའི་སྒྲ་དབྱངས་ཡིག་གཟུགས་མ་ཕྱིར་སྤེལ་བ་བློ་གསར་གཞོན་ནུའི་དགའ་སྟོན༽ཅེས་པ་ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་དཔར་བསྐྲུན་འགྲེམས་སྤེལ་བྱས་ཤིང་། དེབ་འདིའི་ནང་ཆེས་སྔ་བའི་ཡིག་རྙིང་གི་གཟུགས་རིས་སྔ་རབས་མཁས་པའི་ཕྱག་རྒྱུན་བཞིན་བཀོད་པ་སྤུངས་ཆེན་སྤུངས་ཆུང་གི་སྐོར་དང་། ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་སྨར་ཆུང་གི་སྐོར། དབུ་ཅན་དང་དབུ་མེད་སོགས་ཡིག་གཟུགས་སྣ་ཚོགས་ཀྱི་མ་ཕྱི་དང་། གསལ་བྱེད་སུམ་ཅུ་ཚང་བའི་ཀ་རྩོམ་སྣ་ཚོགས་ཡིག་གཟུགས་ཀྱི་མ་ཕྱིར་སྤེལ་ཡོད་པས་ཞིབ་འཇུག་ཀྱི་རིན་ཐང་ཆེས་ཆེར་ལྡན་པ་ཞིག་ལགས་སོ། དེབ་འདིའི་སྤྱི་ཁྱབ་འགན་འཁུར་བ་པདྨ་རྣམ་རྒྱལ་དང་ཇུས་འགོད་པ་ཁྱུང་དཀར་ཟླ་བ་ཡིན།
- ཟིན་ཐོ་གོང་མ།མཁས་དབང་བོན་བརྒྱའི་གསུང་པོད་དང་པོ།
- ཟིན་ཐོ་འོག་མ།མཐར་སྨུག་ལབ་ཙེ།