ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 15
  • དཔྱད་བརྗོད། 25
  • ཆེམས། 0
  • ཀློག་གྲངས། 11479


 
བར་ཆད་ལམ་སེལ།
[ 2014/4/7 14:48:00 | By: ཨ་ཚེ་རིང་། ]
 
“༧ བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་ཅེས་བྱ་བ་བཞུགས།
རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་ནས། རྒྱལ་སྲས་ཚུལ་འཛིན་རབ་མང་བསྟན་དང་འགྲོ །རྒྱལ་བའི་མཛད་པ་ཅི་བཞིན་གསལ་མཛད་པའི། རྒྱལ་བ་མཉམ་མེད་མཚན་དེར་གུས་བཏུད་ནས། འདི་ཕྱིའི་དོན་གཉིས་བསྒྲུབ་པའི་སྐྱེས་བུ་གང་། བསླུ་མེད་སྐྱབས་གནས་མཆོད་འོས་ཚོགས་རྣམས་ལ། རྩེ་གཅིག་གསོལ་བ་འདེབས་པའི་ཐབས་ཟབ་མོ། །བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་བསྟན། ཨེ་མ་ཧོ། བོན་ཉིད་སྤྲོས་བྲལ་བདེ་ཆེན་ཞིང་ཁམས་ན། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ལ། སྟོང་ཆ་བོན་སྐུའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། འོག་མིན་འདའ་བ་མེད་པའི་ཕོ་བྲང་ན། རིགས་ལྔ་ལྷུན་རྫོགས་གཤེན་ལྷ་འོད་དཀར་ལ། གསལ་ཆ་རྫོགས་སྐུའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆོད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། ནུབ་ཕྱོགས་རྟག་གཟིགས་བདེ་ཆེན་ཞིང་ཁམས་ན། སྟོན་མཆོག་གཤེན་རབ་བརྒྱ་པའི་མགོན་པོ་ལ། དབྱེར་མེད་སྤྲུལ་སྐུའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆོད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། མི་འགྱུར་གཡུང་དྲུང་དབྱིངས་ཆེན་ཞིང་ཁམས་ན། རྒྱལ་ཀུན་ཡུམ་གྱུར་ཤེས་རབ་བྱམས་མ་ལ། རྣམ་དག་ཕྱི་རྒྱུད་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། མཁའ་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ན། ལྷག་པའི་ལྷ་མཆོག་རྒྱལ་བ་འདུས་པ་ལ། ཐུགས་ཉིད་ཞི་བའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆོད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། རང་བཞིན་ལྷུན་གྲུབ་རྫོགས་པའི་ཞིང་ཁམས་ན། ཚད་མེད་བཞི་ལྡན་ཀུན་སྣང་ཁྱབ་པ་ལ། ངོ་མཚར་རྒྱས་པའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། དབང་ཆེན་སྤྱི་སྤུངས་གསང་བའི་གསས་མཁར་ན། ཐུགས་རྗེ་ཁྲོ་རྒྱལ་གཙོ་མཆོག་མཁའ་འགྱིང་ལ། བྱིན་རླབས་དབང་གི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། བསྐལ་པ་མེ་དཔུང་འབར་བའི་གསས་མཁར་ན། ཁྲོ་མཆོག་ཀུན་འདུས་དབལ་གསས་རྔམ་པ་ལ། མཐུ་སྟོབས་དྲག་པོའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། མཁའ་སྤྱོད་བདེ་ཆེན་གསང་བའི་ཞིང་ཁམས་ན། རྒྱུད་ཁུང་སྟོན་པ་གསང་བ་འདུས་པ་ལ། གྲུབ་ཐོབ་རིག་འཛིན་དཔའ་བོ་རྒྱ་མཚོས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། བདེ་ལྡན་གསང་ཆེན་རོལ་པའི་དུར་ཁྲོད་ན། དབྱིངས་ཀྱི་ཡུམ་ཆེན་སྐལ་པ་བཟང་མོ་ལ། མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། གཡུང་དྲུང་བསྟན་པ་སྐྱོང་བའི་ཕོ་བྲང་ན། མ་མཆོག་སྲིད་རྒྱལ་ཡེ་ཤེས་དབལ་མོ་ལ། བཀའ་སྐྱོང་བསྟན་སྲུང་དམ་ཅན་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། ཟབ་གསང་བཀའ་གཏེར་བྱིན་རླབས་གནས་མཆོག་ནས། སྟོང་རྒྱུང་མངོན་བྱོན་གཤེན་ཆེན་ཀླུ་དགའ་ལ། རིག་འཛིན་རྣམ་སྤྲུལ་གཏེར་སྟོན་བརྒྱ་རྩས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། བསླབ་གསུམ་བསྟན་པ་འཛིན་པའི་ཞིང་ཁམས་ན། རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ལ། རྒྱུད་གསུམ་མངའ་བདག་མཁས་མཆོག་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། བཤད་སྒྲུབ་བསྟན་པ་རྒྱས་པའི་ཕོ་བྲང་ན། རྒྱལ་ཀུན་སྤྱི་གཟུགས་ཟླ་བ་རྒྱལ་མཚན་ལ། མདོ་སྔགས་བསྟན་པའི་གསལ་བྱེད་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། སྤྱི་གཙུག་བདེ་བ་ཆེན་པོའི་ཞིང་ཁམས་ན། རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་ལ། སྐྱབས་“གནས་ཕྱི་ནང་གསང་གསུམ་དུ་མས་བསྐོར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བསམ་དོན་དགེ་དོན་མྱུར་དུ་འགྲུབ་པར་མཛོད། དེ་ལྟར་སྐྱབས་གནས་བསླུ་མེད་ཚོགས་རྣམས་ལ། སྒོ་གསུམ་རྩེ་གཅིག་དད་པའི་གསོལ་བཏབ་མཐུས། བདག་སོགས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་ཏེ། སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག དེ་ཡང་སེམས་ལུང་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་སོང་བ་ན། སྲུང་བ་དམ་པའི་མཆོག་ཏུ་འདི་གྱུར་རོ། །ཞེས་དང་ཨ་ཁྲིད་ལས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་འདི་ནི། དཀར་པོ་གཅིག་ཐུབ་ཀྱི་གདམས་པ་ཡིན། ཞེས་གསུངས་པ་ལྟར། ཁ་ཙམ་ཚིག་ཙམ་མ་ཡིན་པར། སྙིང་ལ་མོས་འདུན་དྲག་པོས་ཡང་ནས་ཡང་དུ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བཏོན་ན། ཕྱི་ནང་གསང་བའི་བར་ཆད་མ་ལུས་པ་ཞི་ནས། ཚེ་འདི་ཡི་བསམ་དོན་དང་། ཕྱི་མའི་དགེ་དོན་གཉིས་ཀ་མྱུར་དུ་འགྲུབ་པར་གདོན་མི་ཟ་བས་རབ་ཏུ་སྤྱོད་ཅིག །ཅེས་པ་འདི་ནི་སྨན་རིའི་མཁན་མིང་པ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོར་འབོད་པས་དྲན་པ་ཡབ་སྲས་ཀྱི་བྱིན་གྱིས་རླབས་པའི་གནས་ཆེན་བྲག་དཀར་ལྷ་ལུང་གི་མདུན་ཞོལ། དགོན་གནས་གཡུང་དྲུང་བདེ་ཆེན་གླིང་དུ་སྒོ་གསུམ་བཅད་རྒྱར་གནས་པའི་འཁྲུལ་སྣང་ལ་ཤར་བཞིན་བརྩམས་པས་དགེ་བར་གྱུར་ཅིག །ཐ་ཚན་མུ་ཙུག་སྨར་རོ། དགེའོ།”

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.