མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་དྲ་གྲོགས་རྣམས་ལ་བཀའ་དྲི་ཞུ་རྒྱུར།
རང་རེའི་ཡུལ་གྱི་སྲོལ་རྒྱུན་གོམས་གཤིས་སུ་སྐྱེས་ཕོ་མོ་གང་ཡང་
རུང་བ་ལོ་ན་བརྒྱད་ཅུར་སླེབས་ཙ་ན་ཆེད་མངགས་རྟེན་འབྲེལ་སྟོན་
མོ་ཟབ་རྒྱས་བྱེད་སྲོལ་འདུག་ལ། བརྒྱད་ཅུ་གོས་དཀར་ཞེས་པའི་ལྭ་བ་
དཀར་པོ། སྟོད་རྒྱབ་ཏུ་ཉི་ཟླ་སྐར་གསུམ་དང༌། གཡུང་དྲུང་གི་མཚོན་
རྟགས་རྒྱག་སྲོལ་འདུག
འོན་ཀྱང་ཤེས་དམན་པ་བདག་གིས་རང་རེར་དམངས་སྲོལ་རིག་གནས་
འདི་ལྟ་བུ་ཞིག་ཡོད་ཀྱང་འདིའི་ཐོག་མའི་ལོ་རྒྱུས་འབྱུང་ཁུངས་དང༌། གོས་དེ་གྱོན་དགོས་པའི་རྒྱུ་མཚན། ཉི་ཟླ་སྐར་གསུམ་དང༌།
གཡུང་དྲུང་རྒྱག་དགོས་པའི་མཚོན་དོན་སོགས་
མི་ཤེས་པས་མཁྱེན་ལྡན་པ་རྣམས་ནས་རྩ་ཆེའི་དགོངས་དོན་ལྷུག་
སྩོལ་ཡོད་པ་མཁྱེན་མཁྱེན། །