སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཔལ་གཤེན་བསྟན་༸སྨན་རིའི་གླིང་དུ་དགེ་བཤེས་མཛད་སྒོའི་སྐབས་ཀྱི་ཟིན་ཐོ། 
[ 2012/3/10 6:32:00 | By: ཨ་ཀྲོང་སེམས་དཔའ། ]
 

        དཔལ་གཤེན་བསྟན་༸སྨན་རིའི་གླིང་དུ་དགེ་བཤེས་མཛད་སྒོའི་                                       སྐབས་ཀྱི་ཟིན་ཐོ།

དཔལ་གཤེན་བསྟན་༸སྨན་རིའི་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོའི་མཛད་སྒོའི་སྐབས་ཀྱི་ཟིན་ཐོ་ལ་གསུམ་སྟེ།    དང་པོ་སྔོ་འགྲོའི་ཚིག་བཤད་སྐབས་ལ་ཐོག་མར་བོད་ཟླ་དང་པོའི་ཚེས་དྲུག་ཉིན་ཞོགས་པ་ཕྱག་ཚོད་བདུན་ དང་ཕྱེད་ཀའི་ཐོག་རྡོ་ཏིང་ནས་ཡར་འཚོགས་ལ་འཚོགས་འདོན་བདེ་ཆེན་རྒྱལ་པོ། བདག་དང་འགྲོ་བ། བདེ་ཆེན་ ལྷུན་གྲུབ། ཀུན་སྐྱོབས་མཐུ་ལྡན།   གསོལ་འདེབས་མ་རིག་མུན་སེལ།        མཛད་བཅུའི་བསྟོད་པ།  ཇ་མཆོད་མངོན་རྣམས་མ་ལུས་གསུངས་ལ་ཞོགས་ཇ་མཆོད།    བྱམས་མ་དང་བར་ཆད་ལམ་སེལ་གསུངས་ལ་ཞོགས་འཚོགས་གྲོལ། ཕྱག་ཚོད་བཅུ་པའི་ཐོག་རྡོ་ཏིང་དུང་གྷེ་དྷེ་དུང་ཆེན་རྣམས་དུས་གཅིག་ཏུ་འབུད་བརྡུང་དཀྲོལ་གསུམ་བྱེད་དགོས།  སྒྲུབ་ཁང་ལྷ་མཆོད་དང་གྲྭ་ཚང་རྒྱ་གླིང་བཏང་མཁན་བཅས་ཀྱིས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་འདུལ་ཁང་ནང་དུ་གདན་འདྲེན་ཞུ་དགོས་ལ་གཡས་ཕྱོགས་ནས་སྤོས་འདྲེན་འབུད་པ་དང་བཅས་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་གདན་འདྲེན་དགོས་འདུས་ཕྱོགས་ནས་སྤོས་འདྲེན་འབུད་པ་དང་བཅས་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སྐབས་བབས་ཀྱི་བཀའ་རམ་གཉིས་གདན་འདྲེན་ཞུ་དགོས་གཡས་མདུན་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་དང་སྐབས་བབས་ཀྱི་བཀའ་རམ་པ་གཉིས་གདན་འདྲེན་ཞུ་དགོས།   དེ་ལྟར་ཚང་མ་འདུལ་ཁང་ནང་དུ་ལྷན་འཛོམས་ཟིན་རྗེས་དབུ་མཛད་ནས་བྱམས་མ་ཚར་ཁ་ཤས་གསུངས་རྗེས་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་ལ་གསོལ་ཇ་དང་འབྲས་སིལ་མཆོད་ཚོགས་ཆེན་དགེ་བསྐོས་ཀྱིས་སྐབས་བབས་ཀྱི་བཀའ་རམ་པ་གཉིས་ལ་ཆབ་དྲངས་རྗེས་བཀའ་རམ་བཞེངས་ལ་གྲལ་འཇུག་ནས་ཕྱག་གསུམ་བཙལ་ལ་སྟོན་པའི་སྐུ་བརྙན་དང་། ཁྲི་འཛིན་རིན་པོ། ཡོངས་འཛིན་རིན་པོ་ཆེ།དཔོན་སློབ་རིན་པོ་ཆེ།བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ལ་མཇལ་ཁ་ཞུས་ཤིང་མར་གྲལ་མཇུག་དུ་ཕེབས་ཏེ་ན་བཟའ་རྣམས་ལེགས་པར་གསོལ་ཞིང་རྩེ་ཞྭ་ལག་ཏུ་ཐོག་ནས་གྲལ་དཀྱིལ་དུ་ཕེབས་གནང་རྗེས་༸སྐྱབས་རྗེ་དཔོན་སློབ་རིན་པོ་མཆོག་བཞུགས་ཁྲིའི་སྟེང་དུ་བཞེང་ཏེ་སྔོན་འགྲོའི་ཚིག་བཤད་གྱེར།  དེ་ན་བཀའ་རམ་པས་རྩེ་ཞྭ་དབུ་ལ་གསོལ་ཞིང་སྔོན་འགྲོའི་ཚིག་བཤད་གྱེར་རྗེས་དབུ་མཛད་ནས་བར་ཆད་ལམ་སེལ་གསུངས་བཀའ་རམ་པའི་མཆོད་སྟེགས་ཀྱིས་བཀའ་རམ་པའི་ཟླ་གམ་དང་རྩེ་ཞྭ་མཛད་སྒོ་ཚོགས་ཆུང་ནས་ཁ་གདན་རྐྱང་པ་ཞིག་བཏིངས་ཡོད་པའི་ཐོག་ཏུ་འཇོག་དགོས།  བཀའ་རམ་པ་རང་ཉིད་ཕྱག་གསུམ་འཚལ་ནས་ གདན་ལ་བཞུགས་སླར་ཡང་བར་ཆད་ལམ་སེལ་ཚར་གཅིག་གསུངས་ལ་འཚོགས་གྲོལ།     ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀའི་ཐོག་རྡོ་ཏིང་དང་དུང་ནས་ཡར་འཚོགས་ལ་བྱམས་མ་ཚར་ཁ་ཤས་གསུངས་རྗེས་དམ་ཐུག་མཆོད་བར་ཆད་ལམ་སེལ་ནས་འཚོགས་གྲོལ།  ཕྱི་དྲོ་ཕྱག་ཚོད་གསུམ་པའི་ཐོག་སྔར་བཞིན་རྡོ་ཏིང་དུང་གྷེ་དྷེ་དུང་ཆེན་སོགས་འབུད་བརྡུང་དཀྲོལ་གསུམ་དང་སྐྱབས་རྗེ་མཁན་སློབ་རྣམ་པ་སོགས་སྔར་བཞིན་འདུལ་ཁང་དུ་གདན་འདྲེན་ཞུ་དགོས།       དེ་རྗེས་བྱམས་མ་ཚར་ཁ་ཤས་གསུངས་ལ་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་གསོལ་ཇ་མཆོད་ཚོགས་ཆེན་དགེ་བསྐོས་ཀྱིས་སྐབས་བབས་ཀྱི་ བཀའ་རམ་པ་གཉིས་ལ་ཆབ་དྲངས་རྗེས་བཀའ་རམ་བཞེང་ལ་གྲལ་འཇུག་ནས་ཕྱག་གསུམ་བཙལ་ལ་སྟོན་པའི་སྐུ་ བརྙན་དང་།  ཁྲི་འཛིན་རིན་པོ  །ཡོངས་འཛིན་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་ལ་  མཇལ་ཁ་ཞུས་ཤིང་མར་གྲལ་མཇུག་དུ་ཕེབས་ཏེ་ནམ་བཟའ་རྣམས་ལེགས་པར་གསོལ་དེ་ན་རྩེ་ཞྭ་དབུ་ལ་གསོལ་ཞིང་སྔོན་འགྲོའི་ཚིག་བཤད་གྱེར་རྗེས་ཀློང་རྒྱས་བཀྲ་ཤིས་དང་།   ལེགས་པ་ཀུན།  འབྱུང་སྐལ་བཟང་དབུས་ནས།  ཞི་གྱུར། བཀྲ་ཤིས་ཀྱི་ཁ་བསྐང་།   སྨོན་ལམ་འདི་བཏབ་སོགས་གསུངས་བཞིན་བཀྲ་རྫས་གཏོར་དེ་ན་ཕྱག་གི་པད་མོ་ཐུགས་ཁར་ཟུམ་བཞིན་རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་སོགས་གྱེར། དབུ་མཛད་ནས་བར་ཆད་ལམ་སེལ་གསུངས་བཀའ་རམ་པའི་མཆོད་སྟེགས་ཀྱིས་བཀའ་རམ་པའི་ཟླ་གམ་དང་རྩེ་ཞྭ་མཛད་སྒོ་ཚོགས་ཆུང་ནས་འབོལ་གདན་དང་མདུན་ཅོག་བསྒྲིགས་ཡོད་པ་དེར་འཇོག་དགོས་བཀའ་རམ་པ་རང་ཉིད་ཕྱག་གསུམ་འཚལ་ནས་གདན་ལ་བཞུགས་སླར་ཡང་བར་ཆད་ལམ་སེལ་ཚར་གཅིག་གསུངས་ལ་འཚོགས་གྲོལ།  ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག་རྡོ་ཏིང་དུང་ནས་ཡར་འཚོགས་ལ་བྱམས་མ་ཚར་ཁ་ཤས་གསུངས་ཤིང་ཇ་མཆོད་རྩ་བརྒྱུད་པ་གསུངས་ལ་གསོལ་ཇ་མཆོད་བར་ཆོད་ལམ་སེལ་ནས་གྲོལ།    དུས་ཚོད་ལྔ་དང་ཕྱེད་ཀའི་ ཐོག་རྒྱ་རྔ་ནས་ཡར་འཚོགས་ལ་སྨོན་ལམ་བཞེས་ཐུག་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་ཞིང་འཚོགས་གྲོལ།    བཀའ་རམས་པ་བཅུ་ཡོད་པའི་དབང་དུ་བཏང་ན་ཉིན་རེར་བཀའ་རམས་གཉིས་  ཀྱི་མཛད་སྒོ་འགྲོ་དགོས་པསཉིན་ལྔ་ཡི་རིང་འདི་བཞིན་བསྐོར་དགོས།                      གཉིས་པ་དངོས་གཞི་རྩོད་རྒྱུགས་དམ་བཅའི་སྐབས་ལ་ཞོགས་པ་ཕྱག་ཚོད་བདུན་དང་ཕྱད་ཀའི་ཐོག་རྡོ་ཏིང་ནས་ ཡར་འཚོགས་ལ། འཚོགས་འདོན་བདེ་ཆེན་རྒྱལ་པོ།  བདག་དང་འགྲོ་བ། བདེ་ཆེན་ལྷུན་གྲུབ།ཀུན་སྐྱོབས་མཐུ་ལྡན།  གསོལ་འདེབས་མ་རིག་མུན་སེལ།མཛད་བཅུའི་བསྟོད་པ།ཇ་མཆོད་མངོན་རྣམས་མ་ལུས་གསུངས་ལ་ཞོགས་ཇ་མཆོད།    བྱམས་མ་དང་བར་ཆད་ལམ་སེལ་གསུངས་ལ་ཞོགས་འཚོགས་གྲོལ། ཕྱག་ཚོད་བཅུ་པའི་ཐོག་རྡོ་ཏིང་དང་དུང་གྷེ་དྷེ་དུང་ཆེན་རྣམས་དུས་གཅིག་ཏུ་འབུད་བརྡུང་དཀྲོལ་གསུམ་བྱེད་དགོས།  སྒྲུབ་ཁང་ལྷ་མཆོད་དང་གྲྭ་ཚང་རྒྱ་གླིང་བཏང་མཁན་བཅས་ཀྱིས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་འདུལ་ཁང་དུ་གདན་འདྲེན་ཞུ་དགོས་ལ་གཡས་ཕྱོགས་ནས་སྤོས་འདྲེན་འབུད་པ་དང་བཅས་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་གདན་འདྲེན་དགོས་འདུས་ཕྱོགས་ནས་སྤོས་འདྲེན་འབུད་པ་དང་བཅས་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སྐབས་བབས་ཀྱི་བཀའ་རམ་གཉིས་གདན་འདྲེན་ཞུ་དགོས་གཡས་མདུན་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་དང་སྐབས་བབས་ཀྱི་བཀའ་རམ་པ་གཉིས་གདན་འདྲེན་ཞུ་དགོས།   དེ་ལྟར་ཚང་མ་འདུལ་ཁང་ནང་དུ་ལྷན་འཛོམས་ཟིན་རྗེས།     དབུ་མཛད་ནས་བྱམས་མ་ཚར་ཁ་ཤས་གསུངས་རྗེས་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་གསོལ་ཇ་དང་འབྲས་སིལ་མཆོད་ཚོགས་ཆེན་དགེ་བསྐོས་ཀྱིས་སྐབས་བབས་ཀྱི་བཀའ་རམ་པ་གཉིས་ལ་ཆབ་དྲངས་རྗེས་བཀའ་རམ་བཞེང་ལ་གྲལ་འཇུག་ནས་ཕྱག་གསུམ་བཙལ་ལ་སྟོན་པའི་སྐུ་བརྙན་དང་།  ཁྲི་འཛིན་རིན་པོ།  ཡོངས་འཛིན་རིན་པོ་ཆེ།    དཔོན་སློབ་རིན་པོ་ཆེ།    བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ལ་མཇལ་ཁ་ཞུས་ཤིང་མར་གྲལ་མཇུག་དུ་ཕེབས་ཏེ་ན་བཟའ་རྣམས་ལེགས་པར་གསོལ།        མཛད་སྒོ་ཚོགས་ཆུང་ནས་དམ་ཁྲི་བསྒྲིགས་བཀའ་རམ་པ་རྣམ་གཉིས་དེར་བཞུགས་ཤིང་དམ་བཅའ་གསུངས་དགོས་དེ་རྗེས་ཞལ་མར་བསྐོར་ལ་བར་ཆད་ལམ་སེལ་ནས་གྲོལ།   ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀའི་ཐོག་རྡོ་ཏིང་དང་དུང་ནས་ཡར་འཚོགས་ལ་བྱམས་མ་ཚར་ཁ་ཤས་གསུངས་རྗེས་དམ་ཐུག་མཆོད་བར་ཆད་ལམ་སེལ་ནས་འཚོགས་གྲོལ།     ཉིན་གུང་ཕྱག་ཚོད་དང་པའི་ཐོག་གྷེན་དྷེ་བརྡུང་ནས་ཡར་འཚོགས་ཤིང་བཀའ་རམ་པ་རྣམ་གཉིས་དམ་བཅའ་བཞུགས་དགོས་དགེ་བཤེས་རྣམ་པ་ནས་རིམ་པས་བསླབ་པ་རྒན་རིམ་བཞིན་རྟགས་གསལ་རྩོད་དགོས་ཕྱག་ཚོད་གསུམ་པའི་ཐོག་གསོལ་ཇ་མཆོད་བར་ཆད་ལམ་སེལ་ནས་གྲོལ་སྐར་ཆ་བཅུའི་རྗེས་སུ་རྡོ་ཏིང་ནས་ཡར་འཚོགས་གོང་ལྟར་ཕྱག་ཚོད་ལྔ་པ་བར་རྟགས་གསལ་རྩོད་དགོས།    དེ་རྗེས་གསོལ་ཇ་མཆོད་ལ་བར་ཆད་ལམ་སེལ་ནས་གྲོལ་དུས་ཚོད་ལྔ་དང་ཕྱེད་ཀའི་ཐོག་རྒྱ་རྔ་ནས་ཡར་འཚོགས་ལ་སྨོན་ལམ་བཞེས་ཐུག་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་ཞིང་འཚོགས་གྲོལ།     བཀའ་རམ་པ་བཅུ་ཡོད་པའི་དབང་དུ་བཏང་ན་ཉིན་རེར་བཀའ་རམས་གཉིས་ཀྱི་དམ་བཅའ་འགྲོ་དགོས་པས་ཉིན་ལྔ་ཡི་རིང་གོང་ལྟར་བསྐོར་དགོས།    དགེ་བཤེས་མཛད་སྒོའི་སྐབས་ཉིན་གཅིག་རིང་འཆམ་འཁྲབ་དགོས།  སྟོན་པའི་དུས་ཆེན་གྱི་ཆེད་དུ་བོད་ཚེས་བཅུ་གསུམ་དང་བཅུ་བཞི་བཅོ་ལྔ་གསུམ་གྱི་ཞོགས་པར་འདུལ་ཆོག་ཚར་གཉིས་རེ་གསུངས་དགོས།                            གསུམ་པ་རྗེས་བྱ་བཀྲ་ཤིས་ཀྱི་སྐབས་ལ་བོད་ཚེས་བཅུ་དྲུག་ཞོགས་པར་འདུལ་ཆོག་ཚར་གཅིག་གསུངས་ལ་ཞོགས་ཇ་མཆོད་སྒོ་དབྱེ་བཀྲ་ཤིས་གཤེགས་སྤྱོད་བྱོས་ལ་ཞོགས་འཚོགས་གྲོལ་ཕྱག་ཚོད་བཅུ་པའི་ཐོག་རྡོ་ཏིང་དང་དུང་གྷེན་དྷེ་དུང་ཆེན་རྣམས་དུས་གཅིག་ཏུ་འབུད་བརྡུང་དཀྲོལ་གསུམ་བྱེད་དགོས།  སྒྲུབ་ཁང་ལྷ་མཆོད་དང་གྲྭ་ཚང་རྒྱ་གླིང་བཏང་མཁན་བཅས་ཀྱིས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་འདུལ་ཁང་དུ་གདན་འདྲེན་ཞུ་དགོས་ལ་གཡས་ཕྱོགས་ནས་སྤོས་འདྲེན་འབུད་པ་དང་བཅས་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་གདན་འདྲེན་དགོས་མདུན་ཕྱོགས་ནས་སྐུ་མགྲོན་ཆེ་ཁག་རྣམས་དང་བོན་གཞིས་ཕོ་གསར་རྣམས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས།    དེ་རྗེས་སྤོས་འདྲེན་འབུད་པ་དང་བཅས་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་དང་བཀའ་རམ་རྣམས་གོ་རིམ་བཞིན་བསྒྲིགས་ལ་རང་རང་གི་མཆོད་སྟེགས་རྣམས་ཀྱིས་བཀྲ་རྫས་མདའ་དར་དང་ལྡན་པ་བྱེད་བཞིན་འདུལ་ཁང་ནང་དུ་གདན་འདྲེན་ཞུ་དགོས།  སྔར་ལྟར་བྱམས་མ་ཚར་ཁ་ཤས་གསུངས་ཤིང་ཟླ་བྲལ་ཨ་དཀར་གྱེར་ཏེ་གསོལ་ཇ་མཆོད་དགེ་བཤེས་རྣམ་པ་གཙོས་གྲྭ་མང་ཡོངས་ནས་བཀའ་རམ་པ་རྣམས་ལ་བཀྲ་ཤིས་རྟགས་གསལ་རྩོད་དགོས།   དེ་ན་བར་ཆོད་ལམ་སེལ་ནས་འཚོགས་གྲོལ་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀའི་ཐོག་རྡོ་ཏིང་དང་དུང་ནས་ཡར་འཚོགས་ལ་བྱམས་མ་ཚར་ཁ་ཤས་གསུངས་རྗེས་དམ་ཐུག་མཆོད་བར་ཆད་ལམ་སེལ་ནས་འཚོགས་གྲོལ།   ཉིན་གུང་ཕྱག་ཚོད་དང་པོའི་ཐོག་རྡོ་ཏིང་ནས་ཡར་འཚོགས་ལ་དབུ་མཛད་ནས་བྱམས་མ་ཚར་ཁ་ཤས་གསུངས་རྗེས་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་ལ་གསོལ་ཇ་མཆོད་ཚོགས་ཆེན་དགེ་བསྐོས་ཀྱིས་བཀའ་རམ་པ་རྣམ་ལ་ཆབ་དྲངས་རྗེས་བཀའ་རམ་བཞེང་ལ་གྲལ་འཇུག་ནས་ཕྱག་གསུམ་བཙལ་ལ་སྟོན་པའི་སྐུ་བརྙན་དང་།  ཁྲི་འཛིན་རིན་པོ། ཡོངས་འཛིན་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ།བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ལ་མཇལ་ཁ་ཞུས་ཤིང་མར་གྲལ་མཇུག་དུ་ཕེབས་ཏེ་ན་བཟའ་རྣམས་ལེགས་པར་གསོལ་ཞིང་རྩེ་ཞྭ་ལག་ཏུ་ཐོག་ནས་གྲལ་དཀྱིལ་དུ་བཞེང་རྗེས་༸སྐྱབས་རྗེ་དཔོན་སློབ་རིན་པོ་མཆོག་བཞུགས་ཁྲིའི་སྟེང་དུ་བཞེངས་ཏེ་རྗེས་བྱ་མཚན་བཏགས་ཀྱི་ཆོག་ག་རྣམས་གསུངས་ལ་དགེ་བའི་བཤེས་གཉེན་ཆེན་པོ་ཞེས་བཀའ་རམ་པ་རྣམས་ལ་མཚན་གསོལ། དེ་རྗེས་གྲྭ་མང་ནས་བདེར་གཤེགས་སྤྱན་དྲངས་བརྗོད་༸སྐྱབས་རྗེ་མཁན་རིན་པོ་ཆེས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་གྲྭ་མང་རྣམས་ཀྱིས་སྔ་རབས་འདས་བརྗོད་བཀའ་རམ་པ་རྣམས་ཀྱིས་མཆོད་ཚིག་གསུངས་བཞིན་མཆོད་འབྲུ་གཏོར།   དེ་མཚམས་  ༸སྐྱབས་རྗེ་མཁན་རིན་པོ་ཆེ་ནས་དགེ་བཤེས་ཕྱག་འཁྱེར་གནང་བ་དེ་གོ་རིམ་བཞིན་བླངས་ཚར་རྗེས་ཚིག་བཀྲ་གསུངས་ཤིང་ཕྱག་གསུམ་བཙལ་རང་གནས་སུ་བཞུགས།    གྲྭ་མང་ནས་ཡུམ་མདོ་གསུངས་ལ་ཁྲུས་ཆུ་སྔགས་རྗེས་གྲོལ།སྒོ་འཁྱམ་དུ་འདུལ་ཆོག་བསྐོར་བའི་ཡན་ལག་གསུངས་འཁོར་བའི་སེམས་ཅན་དང་ཨ་དཀར་གྱེར་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས།     དགེ་བཤེས་རྣམས།      དགེ་བཤེས་གསར་པ་རྣམ་པས་ཕྱག་ཏུ་མདའ་དར་བསྣམས་བཞིན་འདུལ་ཁང་ལ་བསྐོར་བ་གཅིག་འགྲོ་དགོས།      དེ་རྗེས ཨ་དཀར་སེམས་ཉིད་གསུངས་འཆམ་ར་ལ་ཕེབས་ཏེ་སེར་སྐྱ་མི་མང་ཀུན་ལ་ཁྲུས་བྱེད་དགོས་ལ་འདུལ་ཆོག་ལྟར་ཉུ་ལེ་བཀར་བདུད་ཟློག་དང་ཞི་གྱུར་བརྗོད།      སྒོ་འཁྱམ་དུ་འདུལ་ཆོག་སྨོན་ལམ་གསུངས་དེ་མཚམས།  ༸སྐྱབས་རྗེ་མཁན་རིན་པོ་ཆེས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་གྲྭ་མང་རྣམས་ཀྱིས་སྐལ་པ་བཟང་ཞེས་ལན་གསུམ་འབོད་དགོས། ༸སྐྱབས་རྗེ་མཁན་སློབ་རྣམ་པ་རྒྱ་གླིང་སྤོས་འདྲེན་དང་བཅས་གཟིམ་ཁང་དུ་གདན་དྲང་།     དགེ་བཤེས་གསར་པ་རྣམས་ཀྱང་རྒྱ་གླིང་སྤོས་འདྲེན་དང་བཅས་བཤད་སྒྲུབ་འདུས་སྡེའི་འཚོགས་ཁང་ནང་དུ་བཞུགས་ཁྲི་གྲ་བསྒྲིགས་ཡོད་པ་དེར་གདན་དྲོངས་ལ་སེར་སྐྱ་མི་མང་ཡོངས་ཀྱིས་བཀྲ་ཤིས་ལྷ་དར་དཀར་པོས་མདུན་བསུ་བཞིན་མཇའ་ཁ་ཞུ་དགོས་པ་ཅེས་ཟིན་ཐོ་མདོར་བསྡུས་འདི་ཉིད་ཨ་ཀྲོང་སེམས་དཔས་བོན་གྱི་གདན་ས་ཆེན་མོ་དཔལ་༸གཤེན་བསྟན་སྨན་རིའི་གླིང་ནས་སྤེལ་བའོ།    བཀྲ་ཤིས།      དགེའོ།                                   

 
 
Re:དཔལ་གཤེན་བསྟན་༸སྨན་རིའི་གླིང་དུ་དགེ་བཤེས་མཛད་སྒོའི་སྐབས་ཀྱི་ཟིན་ཐོ།
[ 2012/3/10 11:32:03 | By: bonnaktwang ]
 
bonnaktwangགནས་ཚུལ་ཞིབ་གསལ་སྤེལ་མཁན་མཆོག་ལ་སྙིང་ཉེ་བའི་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཛད་བཟང་འདི་ལྟ་བུ་གོ་ཐོས་བྱུང་བར་དགའ་སྤྲོ་མཆོག་ཏུ་བརྟས་ཤིང་བཀྲ་ཤིག་བདེ་ལེགས་ཀྱི་གསོལ་སྨོན་འདེབས་བཞིན་མཆིས། རེ་བར་རྗེས་སོར་ཟིན་ཐོ་སྤེལ་སྐབས་དག་ཆའི་སྐོར་ལ་ཐུགས་གཞིག་ཞིབ་ཙམ་བྱུང་ན་དགེ་བར་མཐོང་། དགོངས་འགལ་མེད་པར་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.