སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༧སྨན་རིའི་ལུགས་ཀྱི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་དང་འ 
[ 2011/12/25 8:31:00 | By: ཨ་ཀྲོང་སེམས་དཔའ། ]
 

༧སྨན་རིའི་ལུགས་ཀྱི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་དང་འདས་མཆོད་སྐབས་ཀྱི་ཟིན་ཐོ།

 

དེ་ཡང་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་ བཅོ་ལྔ་གཉིས་ལ་སྟོན་པ་སངས་རྒྱས་ཀྱིེ་འཁྲུངས་མཆོད་ལ་གཤེན་དགེ་སྤྱོད་རྣམ་དག་ གམ་འདུལ་ཆོག་གི་གཞུང་སྲོང་དགོས་ལ། ཐོག་མར་བོད་ཚེས་བཅུ་གསུམ་ཉིན་མཆོད་བཟོ་བྱ་དགོས་ཤིང་བཅུ་བཞི་ཉིན་ཞོགས་པར་ ཕྱག་ཚོད་ལྔ་་པའི་ཐོག་བཞེང་བརྡ་གཏོང་དགོས་ལ་དེ་རྗེས་རིམ་བཞིན་རྡོ་ཏིང་དང་ དུང་བཏང་དགོས་དུང་ཚིགས་གསུམ་པའི་ཐོག་དབུ་མཛད་ནས་འདོན་པ་དབུ་གཙུག་དགོས་ཤིང་། དེ་ཡང་ཐོག་མར་བདེ་ཆེན་རྒྱལ་པོ་ཚར་གསུམ་ཤར་འདོན་ཚར་གཅིག་གྱེར་ལ་གཤང་རོལ།མན་ དྷ་ཡན་ལག་གཤང་རོལ།  དེ་རྗེས་འདུལ་ཆོག་དབུའི་ཁྲུས་དང་ཕྱག་བཤགས་རྣམས་ཆོག་ཆུང་སྐད་ཐོག་ཤར་འདོན།

ས་ ཆོག་ཆག་ཆག་ཐིག་མཚོན་ཁྲུས་སྤོསརྣམས་རིམ་བཞིན་བྱ།དེ་ནས་མཚམས་བཅད་རྔ་རོལ་ཉུང་ ཀར་བྲིམ་ལ་ཁ་བཤད་མི་དགོས་མངོན་རྟོགས་ལྟར་ལྷ་བསྐྱེད་པའི་སྔགས་ལན་གཉིས་འབྲུ་ ལ་བསྔགས་ནས་བུམ་པར་བླུགས་བུམ་པ་རྒྱན་བཀོད་ཚར་བ་དང་གཤང་རོལ་བྱ་ཤིང་སླར་ཡང་ མཚམས་བཅད་ལན་གཅིག་སྤོག་ལ་རྔ་རོལ།   སྐྱབས་སེམས་དང་མངོན་རྟོགས།སྤྱན་དྲངས་གཤང་རོལ།གདན་འབུལ་གཤང་རོལ།དགྱེས་བསྐྱེད་གཤང་རོལ།ཁྲུས་གཤང་རོལ། ཕྱག་བཤགས་གཞུང་སྐད་བཤགས་པའི་མཇུག་ལ་རྔ་རོལ།རྣམ་ལྔ་གཤང་རོལ།  སྐུ་བསྟོད་གཤང་རོལ།

ཆ་གསུམ་རིམ་བཞིན་གཤང་རོལ་དང་རྔ་རོལ་བྱེད་དགོསགཞུང་གི་སྨོན་ལམ་དང་སྨོན་ལམ་འདི་བཏབ་གསུང་ལ་ཞོགས་ཇ་མཆོད་ཇ་བསྟོད་མཛད་བཅུ་གསུང་།  ཡང་བསྐྱར་མཚམས་བཅད་ནས་བཟུང་སྟེ་འདུལ་ཆོག་ཚར་གཅིག་གསུང་ལ་ཞོགས་འཚོགས་གྲོལ།

སླར་ ཡང་རྡོ་ཏིང་ནས་ཡར་འཚོགས་ཤིང་འདུལ་ཆོག་ཚར་གཅིག་གསུང་ལ་གསོལ་ཇ་མཆོད་ཇ་བསྟོད་ ཀུན་སྐྱོབས་མཐུ་ལྡན་གསུང་།ཡང་འདུལ་ཆོག་ཚར་གཅིག་གསུང་ལ་ཚོགས་གྲོལ།རྡོ་ཏིང་ དུང་བཅས་ནས་ཡར་འཚོགས་ཤིང་འདུལ་ཆོག་ཚར་གཅིག་གསུང་ལ་ཉིན་གུང་བཞེས་ལག་མཆོད་ ཅིང་བར་སེལ་གསུང་ལ་གྲོལ།  ཕྱག་ཚོད་གཉིས་དང་ཕྱད་ཀའི་ཐོག་ཡར་འཚོགས་ལ་འདུལ་ཆོག་ཚར་གཅིག་གསུང་ལ་མངར་ཇ་མཆོད་ཇ་བསྟོད་རྩ་བ་བརྒྱུད་པ་གསུང་།

ཡང་ཚར་གཅིག་གསུང་ལ་ཚོགས་གྲོལ།ཡང་རྡོ་ཏིང་དུང་དང་བཅས་ཏེ་ཡར་འཚོགས་ལ་འདུལ་ཆོག་ཚར་གཅིག

གསུང་ནས་གསོལ་ཇ་མཆོད་ཇ་བསྟོད་བསྟན་པའི་མཆོག་གྱུར་གསུང་།

བར་ཆད་ལམ་སེལ་ནས་འཚོགས་གྲོལ་ཡང་རྒྱ་རྔ་ནས་ཡར་འཚོགས་ལ་སྨོན་ལམ་གསུང་སྨོན་ལམ་འདི་བཏབ་འགོར་ཞེས་ཐུག་མཆོད། སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་གསུམ་དག་པ་སོགས་གྱེར་ལ་འཚོགས་གྲོལ།།

 

ཚེས་བཅོ་ལྔ་ཉིན་ཞོགས་པར་འདུལ་བའི་གསོ་ སྦྱོང་ཡིན་པས། ཞོགས་པ་ཕྱག་ཚོད་ལྔ་པའི་ཐོག་སྒྲུབ་ཁང་ལྷ་མཆོད་གྱི་གྷེ་དྷེ་བརྡུང་དེ་རྗེས་ མཆོད་དཔོན་གྱིས་དུང་ཚིགས་བཅུ་གསུམ་བཏང་ཚར་བ་དང་དབུ་མཛད་ནས་བདེ་ཆེན་རྒྱལ་པོ་ དང་།

མཛད་བཅུ།  བདེ་ཆེན་ལྷུན་འགྲུབ།  གསོ་ སྦྱོང་དབུ་ནས་འགོ་གཙུག་ཏེ་མཇུག་ཏུ་ཐབས་ཡིན་ནོ་ཞེས་པའི་བར་ནམ་རྒྱུན་ལྟར་ གསུང་ལ་དེ་རྗེས་ཚོགས་ཁྲིར་བཞུགས་ཏེ་ཀུན་སྐྱོབས་མཐུ་ལྡན་དང་རྣམ་རྒྱལ་ཕྱག་ བཤགས་གསུང་ལ་གསོལ་ཇ་མཆོད་ཇ་བསྟོད་བླ་མ་སངས་རྒྱལ་གསུང་དགོས།  ད་ ནས་སྨོན་ལམ་གསུང་བདེར་གཤེགས་སྤྱན་དྲངས་འགོར་གསོ་སྦྱོང་གི་བསྐལ་པ་ཁྲི་ཕྲག་ སོགས་བཤགས་པ་ལན་གསུམ་འདོན་དགོས་དེ་རྗེས་བདེར་གཤེགས་སྤྱན་དྲངས་སོགས་རིམ་ བཞིན་གསུངས་ཤིང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་སོགས་གྱེར་ལ་འཚོགས་གྲོལ།

ཕྱག་ ཚོད་དྲུག་པ་འམ་བཞེངས་བརྡ་ཚར་བ་དང་རྡོ་ཏིང་དུང་ནས་ཡར་འཚོགས་ཤིང་བདེ་ཆེན་ རྒྱལ་པོ་དང་མན་དྷ་ཡན་ལག་འདུལ་ཆོག་མཚམས་བཅད་ནས་བཟུང་སྟེ་ཚར་གཅིག་གསུང་ལ་ ཞོགས་ཇ་མཆོད་ཡང་ཚར་གཅིག་གསུང་ལ་ཞོགས་འཚོགས་གྲོལ།  རྡོ་ཏིང་ནས་ཡར་འཚོགས་ཤིང་འདུལ་ཆོག་ཚར་གཅིག་གསུང་ལ་གསོལ་ཇ་མཆོད་སླར་ཡང་ཚར་གཅིག་གསུང་ལ་ཚོགས་གྲོལ།     ཡང་རྡོ་ཏིང་དང་དུང་ནས་ཡར་འཚོགས་ཏེ་འདུལ་ཆོག་ཚར་གཅིག་གསུང་ལ་ཉིན་གུང་བཞེས་ལག་མཆོད་བར་ཆད་ལམ་སེལ་ནས་གྲོལ།   དེ་རྗེས་ཕྱག་ཚོད་གཉིས་པའི་ཐོག་ཡར་འཚོགས་ལ་འདུལ་ཆོག་ཚར་གཅིག་གསུང་ལ་གསོལ་ཇ་མཆོད་ཡང་བསྐྱར་ཚར་གཅིག་ལ་འཚོགས་གྲོལ།       ཡང་རྡོ་ཏིང་དུང་ནས་ཡར་འཚོགས་ཤིང་འདུལ་ཆོག་གི་སྒོ་དབྱེ་དང་གཤེགས་གཅོད་བཀྲ་ཤིས་དང་

བཅས་པ་གསུང་ཞིང་ཡུམ་མདོ་བརྗོད་ལ་ཁྲུས་ཆུ་བསྔགས།  གསོལ་ཇ་མཆོད།  བར་ཆད་ལམ་སེལ་ནས་གྲོལ།

གྲ་མང་རྣམས་ཀྱིས་རྨད་གོས་འཕྲག་ལ་བཀལ་ཏེ་སྒོ་ཁྱམས་དུ་ཞལ་ཡར་བསྐོར་ནས་བསྐོར་བའི་ཡན་ལག་བརྗོད།

ལ་ཨ་དཀར་གྱེར་བཞིནགླིང་བསྐོར་འགྲོས་དགོས།གླིང་བསྐོར་གྲུབ་རྗེས་སྒོ་ཁྱམས་དུ་ཨ་དཀར་སེམས་ཉིད་གྱེར།

འཁྱམ་རར་ཕེབས་ཏེ་རྣམ་འཇོམ་གྱི་གང་ཞིག་འགྲོ་བ་དང་དབྱིངས་ནས་ཡེ་ཤེས་བརྗོད་ཅིང་།

གྲ་མང་དང་མི་མང་རྣམས་ལ་ཁྲུས་བྱ།  འདུལ་ཆོག་གི་ཉུ་ལེ་བཀར།  བདུད་ཟློག་བྱ།  ཞི་གྱུར་བརྗོད།

ཡར་སྒོ་ཁྱམས་དུ་ཕེབས་ཏེ་འདུལ་ཆོག་གི་སྨོན་ལམ་གསུང་ནས་གྲོལ།   སླར་ཡང་རྒྱ་རྔ་ནས་ཡར་འཚོགས་ཤིང་སྨོན་ལམ་རྣམ་གསུམ་བརྗོད་ལ་བཞེས་ཐུག་མཆོད།   རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་སོགས་གྱེར་ལ་འཚོགས་གྲོལ།

ཚེས་བཅོ་ལྔ་ཉིན་ཕྱི་དྲོར་འདུལ་ཁང་གི་སྒོ་ཁྱམས་དུ་མཆོད་རྫས་ཕུན་སུམ་ཚོགས་པ་བཤམས་དགོས་ལ།

དགོང་མོ་ཕྱག་ཚོད་བདུན་པའི་ཐོག་ གཟིམས་བརྡ་བཏང་དགོས་གཟིམ་བརྡ་ཚར་བ་དང་འདུལ་ཁང་ནང་དུ་གྲ་པ་གཅིག་གིས་ཞུ་ལན་ སྐད་ཐོག་འདུལ་ཆོག་གི་བསྐོར་བའིཡན་ལག་གསུང་ལ་གྲ་མང་དང་མི་མང་རྣམས་ཀྱིས་དེའི་ རྗེས་ཟློས་བྱེད་བཞིན་ལག་ཏུ་མར་མེ་བཟུང་སྟེ་འཆམ་རར་ནོར་བུ་དགའ་འཁྱིལ་འགྲོ་ དགོས།

དེ་ཚར་བ་དང་འཁོར་བའི་སེམས་ཅན་དང་ཨ་དཀར་གྱེར་བཞིན་མཁན་སློབ་རྣམ་པར་སྤོས་འདྲེན་དང་བཅས་གླིང་བསྐོར་ཆུང་བ་འགྲོ་དགོས།

དེ་ཡང་དྲང་སྲོང་རྣམས་ཀྱིས་དམར་སེར་ངུར་སྨྲིག་མདངས་ལ་ཅོ་འདྲི་བྱེད་པའི་རྨད་གོས་སྐུ་ལ་གསོལ་

ཏེ་ཕེབས་དགོས།གླིང་བསྐོར་ཚར་བ་དང་སྒོ་ཁྱམས་དུ་ཨ་དཀར་གྱེར་བཞིན་སྐྱ་སེར་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་མཇའ་ཁ་ཞུ་དགོས།   མཇལ་ཁ་ཚར་བ་དང་ཨ་དཀར་སེམས་ཉིད་བསྟན་རྒྱལ་སྨོན་ལམ་བཅས་གསུང་ལ་འདུལ་ཁང་ནང་དུ་ཕེབས་ཏེ་གསོལ་ཇ་མཆོད་ཇ་བསྟོད་སྟོན་པ་བླ་མེད་གསུང་། དེ་རྗེས་མ་རྒྱུད་ལྟར་དགེ་བའི་མཆོག་ཆེན་གྱེར་ལ་ཚོགས་གྲོལ།།

 

 

སྨན་རིའི་ལུགས་ཀྱི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་འདས་མཆོད།

 

བོད་ཟླ་བཅུ་པའི་ཚེས་སུམ་བཅུ་ཉིན་ རྒྱལ་བ་གཤེན་རབ་ཀྱི་འདས་མཆོད་ལ་འདུལ་ཆོག་གཞུང་བསྲང་དགོས་ཤིང་ཚེས་ཉེར་དགུ་ ཉིན་ཕྱི་དྲོར་མཆོད་བཟོ་བྱ་དགོས་ལ་ཚེས་སུམ་ཅུ་ཉིན་ཞོགས་པར་ཕྱག་ཚོད་ལྔ་པའི་ ཐོག་འདུལ་

བའི་གསོ་སྦྱོང་ནམ་རྒྱུན་འཚོགས་དགོས།  དེ་ རྗེས་རིམ་བཞིན་རྡོ་ཏིང་དང་དུང་བཏང་དགོས་དུང་ཚིགས་གསུམ་པའི་ཐོག་དབུ་མཛད་ ཀྱིས་འདོན་པ་དབུ་གཙུག་དགོས་ཤིང་།དེ་ཡང་ཐོག་མར་བདེ་ཆེན་རྒྱལ་པོ་ཚར་གསུམ་ཤར་ འདོན་ཚར་གཅིག་གྱེར་ལ་གཤང་རོལ།དེ་རྗེས་འདུལ་ཆོག་དབུའི་ཁྲུས་དང་ཕྱག་བཤགས་ རྣམས་ཆོག་ཆུང་སྐད་ཐོག་ཤར་འདོན།ས་ཆོག་ཆག་ཆག་ཐིག་མཚོན་ཁྲུས་སྤོསརྣམས་རིམ་ བཞིན་བྱ།དེ་ནས་མཚམས་བཅད་རྔ་རོལ་ཉུང་ཀར་བྲིམ་ལ་ཁ་བཤད་མི་དགོས་མངོན་རྟོགས་ ལྟར་ལྷ་བསྐྱེད་པའི་སྔགས་ལན་གཉིས་འབྲུ་ལ་བསྔགས་ནས་བུམ་པར་བླུགས་བུམ་པ་རྒྱན་ བཀོད་ཚར་བ་དང་གཤང་རོལ་བྱ་ཤིང་སླར་ཡང་མཚམས་བཅད་ལན་གཅིག་སྤོག་ལ་རྔ་རོལ།   སྐྱབས་སེམས་དང་མངོན་རྟོགས།སྤྱན་དྲངས་གཤང་རོལ།གདན་འབུལ་གཤང་རོལ།དགྱེས་བསྐྱེད་གཤང་རོལ།ཁྲུས་གཤང་རོལ།ཕྱག་བཤགས་གཞུང་སྐད་བཤགས་པའི་མཇུག་ལ་རྔ་རོལ། རྣམ་ལྔ་གཤང་རོལ།  སྐུ་བསྟོད་གཤང་རོལ།

ཆ་གསུམ་རིམ་བཞིན་གཤང་རོལ་དང་རྔ་རོལ་བྱེད་དགོསགཞུང་གི་སྨོན་ལམ་དང་སྨོན་ལམ་འདི་བཏབ་གསུང་ལ་ཞོགས་ཇ་མཆོད་ཇ་བསྟོད་མཛད་བཅུ་གསུང་།  ཡང་བསྐྱར་མཚམས་བཅད་ནས་བཟུང་སྟེ་འདུལ་ཆོག་ཚར་གཅིག་གསུང་ལ་ཞོགས་འཚོགས་གྲོལ།

སླར་ཡང་ རྡོ་ཏིང་ནས་ཡར་འཚོགས་ཤིང་འདུལ་ཆོག་ཚར་གཅིག་གསུང་ལ་གསོལ་ཇ་མཆོད་ཇ་བསྟོད་ཀུན་ སྐྱོབས་མཐུ་ལྡན་གསུང་། ཡང་འདུལ་ཆོག་ཚར་གཅིག་གསུང་ལ་ཚོགས་གྲོལ།རྡོ་ཏིང་དུང་བཅས་ནས་ཡར་འཚོགས་ཤིང་ འདུལ་ཆོག་ཚར་གཅིག་གསུང་ལ་ཉིན་གུང་བཞེས་ལག་མཆོད་ཅིང་བར་སེལ་གསུང་ལ་གྲོལ།  ཕྱག་ཚོད་གཉིས་པའི་ཐོག་ཡར་འཚོགས་ལ་འདུལ་ཆོག་ཚར་གཅིག་གསུང་ལ་མངར་ཇ་མཆོད་ཇ་བསྟོད་རྩ་བ་བརྒྱུད་པ་གསུང་།

ཡང་ཚར་གཅིག་གསུང་ལ་ཚོགས་གྲོལ།

ཡང་རྡོ་ཏིང་དུང་ནས་ཡར་འཚོགས་ཤིང་འདུལ་ཆོག་གི་སྒོ་དབྱེ་དང་གཤེགས་གཅོད་བཀྲ་ཤིས་དང་བཅས་པ་གསུང་ཞིང་ཡུམ་མདོ་བརྗོད་ལ་ཁྲུས་ཆུ་བསྔགས།  གསོལ་ཇ་མཆོད།  བར་ཆད་ལམ་སེལ་ནས་གྲོལ།

གྲྭ་མང་ རྣམས་ཀྱིས་རྨད་གོས་འཕྲག་ལ་བཀལ་ཏེ་སྒོ་ཁྱམས་སུ་ཞལ་ཡར་བསྐོར་ནས་བསྐོར་བའི་ཡན་ ལག་བརྗོད་ལ་ཨ་དཀར་གྱེར་བཞིནམཁན་སློབ་རྣམ་ལ་སྤོས་འདྲེན་དང་བཅས་གླིང་བསྐོར་ འགྲོས་དགོས།

གླིང་བསྐོར་གྲུབ་རྗེས་སྒོ་ཁྱམས་དུ་ཨ་དཀར་སེམས་ཉིད་གྱེར།

ཁྱམས་རར་ཕེབས་ཏེ་རྣམ་འཇོམ་གྱི་གང་ཞིག་འགྲོ་བ་དང་དབྱིངས་ནས་ཡེ་ཤེས་བརྗོད་ཅིང་།

གྲ་མང་དང་མི་མང་རྣམས་ལ་ཁྲུས་བྱ།  འདུལ་ཆོག་གི་ཉུ་ལེ་བཀར།  བདུད་ཟློག་བྱ།  ཞི་གྱུར་བརྗོད།

ཡར་སྒོ་ཁྱམས་དུ་ཕེབས་ཏེ་འདུལ་ཆོག་གི་སྨོན་ལམ་གསུང་ནས་གྲོལ།   བསླར་ཡང་རྒྱ་རྔ་ནས་ཡར་འཚོགས་ཤིང་སྨོན་ལམ་རྣམ་གསུམ་བརྗོད་ལ་བཞེས་ཐུག་མཆོད།   རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་སོགས་གྱེར་ལ་འཚོགས་གྲོལ།

 
 
Re:༧སྨན་རིའི་ལུགས་ཀྱི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་དང་འ
[ 2012/4/27 15:28:49 | By: གངས་བུ།(སྐུ་མགྲོན) ]
 
གངས་བུ།(སྐུ་མགྲོན)གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ནི། རྟག་གཟིགས་འོལ་མོ་ལུང་རིང་དུ་སྤྱི་ལོའི་སྔོན་གྱི་ ༡༦༠༡༧ ལོར་འཁྲུངས་པའི་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་ཡིན་ལ། ལྟ་བ་གཙོ་བོ་རང་འབྱུང་ཡེ་ཤེས་དང་བོན་ཐམས་ཅད་རང་བཞིན་མེད་པའི་དོན་ཉམས་སུ་ལེན་ཞིང་། སྤྱོད་པ་ནི་ལས་འབྲས་ཀྱི་རྣམ་བཞག་ཕྲ་ཞིང་ཕྲ་བ་ནས་སྲུང་སྟེ་མས་ནས་ཡར་འཇུག་དགོས་པ་ཡིན་ནོ།
དམ་དེ་ཉིད་འཁྲུངས་ནས་ལོ་དེ་ཙམ་ཞིག་འགོར་ཡོད་པས་བསྒྲུབ་བྱེད་གཙོ་བོ་འགའ་ཞིག་དྲྭ་ངོས་སུ་འགོད་རོགས་ཞུ། གངས་བུ་ནས་གུས་འདུན་བཅས་ཕུལ།
 
 
Re:༧སྨན་རིའི་ལུགས་ཀྱི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་དང་འ
[ 2011/12/27 0:39:14 | By: སྐུ་མགྲོན་138Lco(སྐུ་མགྲོན) ]
 
སྐུ་མགྲོན་138Lco(སྐུ་མགྲོན)བོད་ཟླ་དང་པོ་དངོས་དེ་ཡིན་ན་ལེགས་འདུག་ཧོར་ཟླ་དང་བོད་ཟླ་ནོར་ཉེན་ཡོད་པས་གཟབ་དགོས། ལར་སངས་རྒྱས་འཁྲུངས་འདས་ཀྱི་དུས་ཚིག་དག་མཛད་མདོ་ཁག་སོགས་ལུང་རྣམ་དག་རྣམས་ལ་རིགས་པས་བརྟགས་ཏེ་གཏན་ལ་ཕབ་ན་ཚུལ་དང་མཐུན་པ་ཡིན་ངེས་པས་ཀུན་གྱིས་འབད་པ་གལ་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.