སྤྱི་བསྒྲགས།

    བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། ། 

     དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །

    དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

    སྟོན་གསུམ་འབྲས་བུ་སྨིན་པའི་བསྐལ་བ་དེ་དབེན་འགྲོ །
     
    རྒྱུན་མིང་།:  རེབ་སྐྱིད་ཡར་འཕེལ།
    སྐྱེས་ས།:  མཚོ་སྔོན་རེ་སྐོང་།
    ལས་རིིགས།:  ཚོང་གཉེར་བ།
    དགའ་ས།:  གློག་ཀླད་ཀྱི་རིགས།
    ཁ་པར།:  0973-8797378
    ལག་འཁྱེར།: 18609734440
    གླེང་མོལ:    984103380
    སྐད་འཕྲིན: tenzin3909
    ཡིག་སྒམ:   tenzin4440@yahoo.com
    སྡོད་གནས།:  མཚོ་སྔོན་ེ་སྐོང་རོང་བོ་གྲོང་རྡལ་སྟག་ལུང་དཀྱིལ་ལམ་རེ་སྐོང་སློབ་གསོའི་མགྲོན་ཁང་།(བོད་སྨན་ཁང་གི་ཁ་གཏད།)

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
འཐབ་ར་སྐྱ་བོ་ཁྲོད་ཀྱི་ཉི་ཟེར། | 2011/5/28 11:22:00

 

འཐབ་ར་སྐྱ་བོ་ཁྲོད་ཀྱི་ཉི་ཟེར།

   ཞར་བཀོད་གཅིག

 

འཐབ་ར

གངས་རིའི་ལྗོངས་ལ་དུངས་ཞེན་ཟབ་མོ་དེ་མེད་ན། །

ཨ་ཅག་བོད་པའི་བུ་མོ་ཟུར་མིག་དེ་མ་འཕེན། །

གངས་ཅན་བོད་པའི་ལ་རྒྱ་སེམས་ཁོང་ན་མེད་ན། །

ཨ་རག་བཟི་གཏམ་ཚིག་གི་སྟོང་བཤད་དེ་མ་ལབ། །

 

གངས་ཅན་མཐིང་སྨུག་སྦྲ་ཡི་ལས་དབང་དེ་མཁྱེན་ན། །

ཨ་རོགས་རིག་གསར་བུ་ཆུང་ལུག་མཐའ་དེ་མ་འཁོར། །

གངས་རིའི་མ་འོངས་ས་འཛིན་བདག་པོ་རང་ཡིན་པས། །

ཨ་ཇོ་མཁས་དབང་དག་ལ་ཡར་བལྟ་ཞིག་བྱེད་རོགས། །

 

གངས་ལྗོངས་ན་ཆུང་གཞོན་ནུའི་སྐྱེལ་ཚལ་གྱི་ཁྲོད་ནས། །

ཨ་རོགས་ན་ཆུང་བུ་མོ་ཕ་སྐད་ཞིག་བརྗོད་དང་། །

གངས་རིའི་བུ་དང་བུ་མོ་རྒྱུད་གཙང་ཞིག་འདོད་ན། །

ཨ་ཕོ་བོད་ལ་འགྲོགས་དང་གཞན་རིགས་དེ་བསྐྱུར་ཞོག །

 

ཉི་ཟེར

གངས་རིའི་ཁ་བ་ཡངས་པའི་སྤང་ལྗོངས་འཐོར་བས། །

སྣ་བརྒྱའི་མེ་ཏོག་མཛེས་པའི་གཞི་ཁྱིམ་ཞིག་གྲུབ་ཀྱང་། །

ཕྱག་ཟུང་ཐལ་མོ་སྦྱར་བའི་མུན་ཀློང་གི་ང་ཚོས། །

སྣང་བྱེད་དྲོད་ལ་རྟག་བརྟན་རེ་འདུན་ཞིག་ཞུས་ཡོད། །

 

གངས་རི་སྨིག་དང་སྤྲིན་པ་ས་རྡུལ་གྱིས་གཡོགས་པས། །

རི་ལུང་ཅེ་སྤྱངས་ཧམ་གྱི་འདུར་རྒོད་ལ་ཤོར་ཀྱང་། །

ཡིད་བརྟན་ཉམས་མེད་དཔུང་བ་མཉམ་བཤིབ་གྱི་ང་ཚོ། །

གངས་རིའི་རྩེ་ནས་ཁྱོད་ཀྱི་ངར་སྐད་ལ་སྒུག་ཡོད། །

 

གངས་རིའི་ཁྲག་རྒྱུན་ཁ་བའི་ཡུལ་ལྗོངས་ལ་བཞུར་དུས། །

གཡང་དཀར་ཚེར་མོ་སྤྲོ་བའི་སྣང་བ་རང་མེད་ཀྱང་། །

རི་ལུང་ཤོག་བཞིན་ལྟེབ་པའི་རྨོངས་སད་ཀྱི་བུ་ལོས། །

ཀི་གསུམ་རྒྱང་ལ་བཏང་ནས་རི་དར་རེ་བཙུགས་ཡོད། །

Re:འཐབ་ར་སྐྱ་བོ་ཁྲོད་ཀྱི་ཉི་ཟེར། | 2011/5/29 20:05:21
danzengyixiབོད་རིགས་ཤིག་གི་མིང་ཙམ་འཛིན་པའི། །
ཅི་ཡང་མེད་པའི་མདོ་མེད་བུ་ཡིས། །
རེབ་སྐྱིད་ཀྱི་སེམས་ཁུང་ནས་བཞུར་བའི། །
སྙན་རྩོམ་དག་བཀླགས་ནས་བུད་སོང་། །
Re:འཐབ་ར་སྐྱ་བོ་ཁྲོད་ཀྱི་ཉི་ཟེར། | 2011/5/29 22:26:57
tenzin3909སེམས་པའི་འཁྱེར་ཕྱོགས་གཅིག་པས། །
གནས་མཆོག་འདི་རུ་འཛོམས་སོང་། །
སྙན་མོ་རྩོམ་གྱི་ཀློང་ནས། །
གྲོགས་པོར་གྱུར་འདི་དགའ་སོང་། །
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.