སྤྱི་བསྒྲགས།

    བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། ། 

     དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །

    དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

    སྟོན་གསུམ་འབྲས་བུ་སྨིན་པའི་བསྐལ་བ་དེ་དབེན་འགྲོ །
     
    རྒྱུན་མིང་།:  རེབ་སྐྱིད་ཡར་འཕེལ།
    སྐྱེས་ས།:  མཚོ་སྔོན་རེ་སྐོང་།
    ལས་རིིགས།:  ཚོང་གཉེར་བ།
    དགའ་ས།:  གློག་ཀླད་ཀྱི་རིགས།
    ཁ་པར།:  0973-8797378
    ལག་འཁྱེར།: 18609734440
    གླེང་མོལ:    984103380
    སྐད་འཕྲིན: tenzin3909
    ཡིག་སྒམ:   tenzin4440@yahoo.com
    སྡོད་གནས།:  མཚོ་སྔོན་ེ་སྐོང་རོང་བོ་གྲོང་རྡལ་སྟག་ལུང་དཀྱིལ་ལམ་རེ་སྐོང་སློབ་གསོའི་མགྲོན་ཁང་།(བོད་སྨན་ཁང་གི་ཁ་གཏད།)

ལི་ཐོ།
    <<  < 2021 - 11 >  >>
    12345
    6789101112
    13141516171819
    20212223242526
    27282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཚོགས་གཏམ་ཐུང་ངུ་། | 2011/11/4 11:22:00

ཚོགས་གཏམ་ཐུང་ངུ་།

སྔགས་འཆང་བསོད་ནམས་རྒྱལ་ལགས་རེབ་གོང་བོན་མང་གི་དགེ་བསྐོས་སྐབས་སུ་བཏང་བའི་ཚོགས་གཏམ་ཐུང་ངུ་།

༄༅། །མནོབ་མནོབ་རྩ་གསུམ་ལྷ་དང་དམ་ཅན་སྲུང་མའི་མཐུ་དང་ནུས་པ་ལ་བརྟེན་ཏེ། རྣལ་འབྱོར་དཔོན་གཡོག་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་ཐུགས་ཉིད་ཞི་བའི་དབྱིངས་སུ་དྲག་པོ་ཁྲོ་བོའི་སྐུར་བཞེངས་ནས་མངོན་སྤྱོད་དྲག་པོའི་ལས་ལ་ཞུགས་པའི་སྐབས་འདིར་ཞྭ་གོས་དང་ཕྱག་ཆ་མེད་ན་བསམ་སྦྱོར་ཡ་བྲལ་ནི་རེད། རྩ་རྒྱུད་ལས། པྲ་ཕུད་གར་རྨོག་པྲོག་ཞུ་རྒྱན། །གཤེན་རབ་མི་ནུབ་དབུ་ཡི་ཆས། །ལྷ་དང་གཉིས་མེད་དབུ་ལ་བརྟེན། །གཡང་གཞི་དཔྱང་བུ་གོས་མ་ཧྲལ། །ཕྱར་གོས་དཔའ་ཆས་ལུས་ཀྱི་རྒྱན། །གཙང་ལྷམ་སྐུ་ཆིངས་སྐུ་རྒྱན་གསུམ། །མཛེས་བརྗིད་རྒྱན་དུ་སྐུ་ལ་སྤྲས། །ཞེས་གསུངས་ཡོད་ཀ །འཇིག་རྟེན་ཁ་དཔེར། མགོ་ཞྭ་མེད་ཀྱིས་མཐུ་མི་རྒྱག །རྐང་ལྷམ་མེད་ཀྱིས་བྲོ་མི་བརྡུང་། ཟེར་ནི་རེད། དགོས་པའི་ཡོ་བྱད་རྣམས་མེད་ན་ལག་སྟོང་ཇག་ལ་སོང་འདྲ། བྱིས་པའི་བྲོ་གླུ་འཁྲབ་པ་འདྲ་ནི་རེད། རིམ་གཉིས་ཟབ་མོའི་རྣལ་འབྱོར་པ་ཞིག་ཡིན་ན་ཞིང་བཅུ་ཚང་བའི་དགྲ་རྣམས་བསྒྲལ་དགོས་ནི་རེད། གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། སྤྱིར་ན་གཡུང་དྲུང་བསྟན་པ་ལ།  །གནོད་ཅིང་སྡང་བར་བྱེད་པ་ལ། །བརྣག་པ་སྦྱོར་བའི་ལས་བྱས་ཀྱང་། །དོན་ལ་མི་འགལ་བསྟན་པའི་ཆེད། །ཞེས་གསུངས་ཡོད་ནི་རེད། དེ་ཡིན་ན་དཔོན་གཡོག་ཐམས་ཅད་ཀྱིས་ཐུགས་མི་ཡེངས་པར་ཤིན་ཏུ་ནན་ཏན་བྱེད་དགོས། བླ་མའི་གསུང་མི་བརྩི། རྒྱལ་བའི་བཀའ་དང་མི་བསྟུན། འཕགས་པའི་ལུང་ལ་འགལ། རིག་འཛིན་འདུས་སྡེ་ཆེན་པོའི་བཅའ་ཡིག་དང་ཕྱག་ལེན་མི་དགོས། རང་སྣང་གང་ཤར་གྱིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། བོན་ཁྲིམས་དར་གྱི་མདུད་པ་བཤིག་མཁན་ཡོད་ན། ཐུགས་རྗེ་ཉི་མའི་རྒྱུད་ལས། དམ་ཅན་མཐོང་བ་ཙམ་གྱིས་སྤྲིན་བཞིན་འདུ།  །དམ་ཉམས་སྒྲ་ཐོས་ཙམ་གྱིས་དབྱིངས་ནས་བཤུམ།  །ཞེས་གསུངས་ཡོད་པས། བསྟན་བཤིག་བྱེད་མི་ཡོད་ན་རང་རང་ལ་ཡི་དམ་ལྷ་ཡིས་བཀའ་ཆད་གཏོང་བ། བོན་སྐྱོང་སྲུང་མས་དབུ་ཡོག་གཏོང་བ། རིག་འཛིན་འདུས་སྡེ་ཆེན་པོས་བཅའ་ཡིག་དང་ཕྱག་ལེན་བཞིན་དུ་ཚོགས་གྲལ་ནས་གཏོ་བསྐྱལ་བསྐྱལ་བྱས་ཏེ་ཉེས་ཆད་ནན་མོ་གཅོད་ལ། ཕྱིས་ནས་འགྱོད་ན་འཕྱི་སོང་བ་ཡིན། །

བཀྲ་ཤིས་བདེ་ལེགས་མངྒ་ལཾ། །

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཚོགས་གཏམ་ཐུང་ངུ་། | 2011/11/4 12:49:56
sempa88དགའ་བསུ་ཞུ། ཡིན་ན་ཡང་ རྐང་ལྷམ་མེད་ཀྱིས་བྲོ་མི་བརྡུང་། ཟེར་ནི་རེད་པ་འདི་ཡུལ་ལུགས་ཀྱི་གཏམ་ཞིག་རེད། དེང་རྒྱ་གར་ཁུལ་དུ་བྲོ་འཁྲབ་དུས་རྐང་རྗེན་རེད་འདུག་ལགས།
Re:ཚོགས་གཏམ་ཐུང་ངུ་། | 2011/11/6 12:42:09
triyungblogགྲོགས་པོ་ལགས།
ཉེ་སྔར་ཕྲན་གྱིས་བྲིས་པའི་སྙན་ངག་ཙམ་སྟེ། ཧི་བོན་ཇ་ཁང་གི་སྦྱིན་བདག་ཆེན་མོར་ཕུལ་བ་ཞེས་པ་དེ། རྒྱང་ནས་བཏེགས་པའི་ཆེ་མཐོངས་ཀྱི་སེམས་འགྱུ་ཙམ་ཡིན་མོད། ཐུགས་སུ་གནོད་པ་འདྲ་བྱུང་ཡོད་ན་དགོངས་དག་ཞུས་ཡིན་ལོ་་་་་་་་་་་་་་
ཁྲི་གཡུང་བས།
རྩོམ་པ་པོ།:triyungblog | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.