ས་ཁའི་སྨྱུག་ལམ།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གྲྭ་པ་ཆུང་ཆུང་གི་རྨི་ལམ།
[ 2012/2/24 19:57:00 | By: ས་ཁའི་བློ་ལྡན། ]
 

གྲྭ་པ་ཆུང་ཆུང་གི་རྨི་ལམ།

སྙན་ངག་རྐང་བ་བཅུ་བཞི་མ།

 

བླ་མའི་འཛུམ་མདངས་དཀར་བོའི་མཚོ་ཁ་རུ།

མཛེས་སྡུག་གིས་སྐྱེས་པའི་གྲྭ་པ་ཆུང་ཆུང་ཚོ།

ང་ཡི་རེ་སྨོན་ཡིན།

 

གྲྭ་པ་ཆུང་ཆུང་གི་འཇིག་རྟེན་ན།

བསླུ་བྲིད་དང་ལྐོག་གཡོའི་དྲི་མ་མེད།

 

མཚམས་སྤྲིན་ལྟ་བུའི་གྲྭ་པ་ཆུང་ཆུང་ཚོ།

གནམ་འོག་གི་ས་གཞི་རུ་དཔྱིད་རླུང་དང་མཉམ་དུ་འབུས་ཤིང༌།

ཁུ་བྱུག་དང་ལྷན་ཅིག་གྲག་བྱུང་བས།

ང་ཚོའི་ཁོ་ར་ཁོར་ཡུག  སྔར་བས་ལྷག་པར་མཛེས་ཨང༌།

 

གྲྭ་པ་ཆུང་ཆུང་ཡ།  ཆུང་ཆུང་གི་གྲྭ་པ་ཚོ།

དཔྱིད་ཟླ་ནི།  ཁྱོད་ཀྱི་ཕུགས་བསམ་གྱི་ཐོག་མ་ཡིན་པས།

སེམས་འདུན་གྱི་དཔྱིད་མགོ་རུ།  སྨོན་གླུ་ལོངས་དང༌།

ང་ཚོས་འཚོལ་བའི་རེ་སྙེག་གི་ས་བོན་དེ།

དཔྱིད་ཀར་འབུས་འོང་བ་མ་ཡིན་ནམ།

༢༠༡༠ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་གྱི་ས་སྲོད་དུའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.