ཧི་བོན་ཟིན་བྲིས།
བཙན་པོའི་རལ་གྲི།
སྤྱི་བསྒྲགས།
       རྟ་ཕོའི་རྨིག་སྒྲས་ས་ཆེན་པོ་ཞེང་ཚད་འཇལ་བ་ནས་བཟུང་། དྲང་བདེན་དང་བདེན་དོན་གྱི་རལ་ཁ་ན། གནས་ལུགས་ཀྱི་ཁྲག་ཐིགས་ལུད། ཁ་སང་ངའི་ཡབ་མེས་ཚོས་ལྷ་ཆེན་པོའི་མགོ་ལ་རལ་གྲི་བསྐོར་ཞིང་། དེ་རིང་ཕུ་ནུས་ཀླུ་ཆེན་པོའི་མགོ་ལ་རྡོག་ཐོས་མནན་མྱོང་སྐད། སང་ཉིན་ང་སང་ཉིན་ལ་ཆས་དགོས་པས། ལམ་བུ་འདི་ངའི་ཆེས་ཐོག་མའི་ལམ་བུ་དང་ཆེས་མཐའ་མཇུག་གི་ལམ་བུ་ཡང་ཡིན་པར་སྨོན།
ལི་ཐོ།
    <<  < 2021 - >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཀོ་ཡི་གཤིས་ཀ།   སྣུམ་གྱིས་མ་ཟིན། | 2012/5/11 12:57:00

ཀོ་ཡི་གཤིས་ཀ།  སྣུམ་གྱིས་མ་ཟིན།

འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ།།

ཞེས་པའི་ལུང་བསྟན་དེས་ཅི་བསླུ།།

རང་རྒྱུད་ཀོ་གྱོང་གི་གཤིས་ལ།།

སྣུམ་གྱི་ཟིན་རྒྱུ་ནི་མི་འདུག།།

 

དང་པོ་ཁ་ཏོག་གི་རྣམ་བཞག།།

སྤང་ཐང་ཁྲ་ཚོམ་གྱི་མེ་ཏོག།

དགྱེས་པའི་རྣམ་དཔྱོད་ཀྱིས་བཏུས་པ།།

རན་པའི་ཞྭ་མོ་ཞིག་བཟོས་ཡོད།།

 

བར་དུ་གཏན་ཚིགས་ཀྱི་རྣམ་བཞག།།

ཚུལ་གསུམ་འཕྲུལ་འཁོར་ལ་སྦྱར་ཀྱང་།།

ཐེག་པའི་ལྟ་བ་འདི་མཁྲེགས་པས།།

འདེགས་པའི་བློ་སྟོབས་ཞིག་མ་རྙེད།།

 

གོང་མས་རྟགས་གསལ་རེ་གཏོང་སྐབས།།

རྒན་པོ་གཤིས་གྱོང་གི་ཨུ་ཚུགས།།

ཤུགས་འཐེན་གཡག་སྐེ་ལ་བཏགས་ཀྱང་།།

ལུང་རིག་རྟ་ལུག་གིས་བཞུས་སོང་།།

 

ལོ་གསུམ་ཨུ་ཚུགས་ཀྱི་འདས་སོང་།།

ལོ་དྲུག་སྟོང་བསམ་གྱི་བསྐྱལ་ཐལ།།

ལོ་བརྒྱད་ལོ་དགུ་ཡི་རིང་ལ།།

དོན་གྱི་མར་ལོ་ཞིག་མ་རྙེད།།

 

ཚོགས་དང་འཆད་ར་ནས་མ་རྙེད།

ཡངས་པའི་སྤང་ཐང་ནས་མ་སྐྱེས།།

མི་ཚོགས་རྦ་རླབས་ཁྲོད་རྙེད་པས།།

བྱམས་པའི་ཞལ་རས་འདི་མཛེས་པ།།

 

དགའ་དུས་བར་སྣང་ལ་འཕུར་ཆོག།

སྡུག་དུས་ས་འོག་ལ་འཛུལ་ཆོག།

བསྙེས་གཅིག་མཛའ་མོ་དང་ལྷན་དུ།།

སྐྱིད་པའི་དགའ་སྟོན་ལ་རོལ་ཆོག།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཀོ་ཡི་གཤིས་ཀ།   སྣུམ་གྱིས་མ་ཟིན། | 2012/5/12 16:25:31
langjia(སྐུ་མགྲོན)ངོ་མ་ཡིན་ནམ་ ཁྱོས་བཤད་པ་དེར་མི་མང་པོ་ཞིག་གིས་གནས་ལུགས་ཡོད་པ་འདོད་ཁོ་དག་རེད།།
ང་ཡང་དེ་ནང་བཞིན་མི་ཚེ་རྫོགས་པའི་རྩམ་པ་འཕྲོ་ལྷག་གཏོང་མི་ཞིག་ཡིན་
རྩོམ་པ་པོ།:langjia(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.