ཧི་བོན་ཟིན་བྲིས།
བཙན་པོའི་རལ་གྲི།
སྤྱི་བསྒྲགས།
       རྟ་ཕོའི་རྨིག་སྒྲས་ས་ཆེན་པོ་ཞེང་ཚད་འཇལ་བ་ནས་བཟུང་། དྲང་བདེན་དང་བདེན་དོན་གྱི་རལ་ཁ་ན། གནས་ལུགས་ཀྱི་ཁྲག་ཐིགས་ལུད། ཁ་སང་ངའི་ཡབ་མེས་ཚོས་ལྷ་ཆེན་པོའི་མགོ་ལ་རལ་གྲི་བསྐོར་ཞིང་། དེ་རིང་ཕུ་ནུས་ཀླུ་ཆེན་པོའི་མགོ་ལ་རྡོག་ཐོས་མནན་མྱོང་སྐད། སང་ཉིན་ང་སང་ཉིན་ལ་ཆས་དགོས་པས། ལམ་བུ་འདི་ངའི་ཆེས་ཐོག་མའི་ལམ་བུ་དང་ཆེས་མཐའ་མཇུག་གི་ལམ་བུ་ཡང་ཡིན་པར་སྨོན།
ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གདོང་དམར་བ། | 2011/12/27 22:56:00
        གདོང་དམར་བ།
འདི་ནས་ཡར་ལ་རྩས་པའི་ལོ་ཟླ་ཁྲི་ཕྲག་གི་མཚམས་ན།        
སྙིང་སྟོབས་དངསྤོབས་པས་གནམ་འཕང་གཅོད་པའི་གདུང་དམར་བ།
ད་ལྟ་མུན་པའི་སྨག་རིམ་ན་འཁོར་བའི་གདོང་དམར་བ།
མགོ་བོ་ཡར་ལ་དགྱེ་དང་།

ཤེས་རིག་དང་མཐུན་སྒྲིལ་གྱི་རྒྱགས་ཕྱེ་བསྣམས་ནས།        
གཉའ་གནོན་དང་རྗེས་ལུས་ཀྱི་ལ་ཆེན་བརྒལ།
འདི་ནི་ང་ཚོའི་སྙིང་སྟོབས་དང་འགན་འཁྲི་ལགས།
མགོ་བོ་ཡར་ལ་དགྱེ་དང་།

འདི་ནས་ཡར་ལ་རྩས་པའི་ལོ་ཟླ་ཁྲི་ཕྲག་གི་མཚམས་ན།    
འབྱོར་ཕྱུག་དང་རིག་གནས་ཀྱིས་འབབ་ཆུ་གྱེན་ལ་གཤག་པའི་གདོང་དམར་བ།
ད་ལྟ་མུན་པའི་སྨག་རིམ་ན་འཁོར་བའི་གདོང་དམར་བ།
མགོ་བོ་ཡར་ལ་དགྱེ་དང་།

འབད་བརྩོན་དང་འཚོལ་སྙེག་གི་དམིགས་འདུན་ཁུར་ནས།
བདེ་སྐྱིད་དང་དྲོད་བོལ་གྱི་འཚོ་བར་སྙེག།
འདི་ནི་ང་ཚོའི་སྙིང་སྟབས་དང་འགན་འཁྲི་ལགས།
མགོ་བོ་ཡར་ལ་དགྱེ་དང་།

འདི་ནས་ཡར་ལ་རྩས་པའི་ལོ་ཟླ་ཁྲི་ཕྲག་གི་མཚམས་ན།    
དད་འདུན་དང་སྒྲུབ་སྦྱོང་གིས་མི་ཚེ་སྐྱེལ་མྱོང་བའི་གདོང་དམར་བ།
ད་ལྟ་མུན་པའི་སྨག་རིམ་ན་འཁོར་བའི་གདོང་དམར་བ།
མགོ་བོ་ཡར་ལ་དགྱེ་དང་།

སྙིང་རྗེ་དང་བྱམས་སེམས་ཀྱི་སྤས་བཅུད་བརྟེན་ནས།
དག་ཞིང་དང་བདེ་ཆེན་གྱི་ས་རུ་གོམ་གྱིས་གཞལ།
འདི་ནི་ང་ཚོའི་སྙིང་སྟོབས་དང་འགན་འཁྲི་ལགས།
མགོ་བོ་ཡར་ལ་དགྱེ་དང་གདོང་དམར་བ།
                                                        

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:གདོང་དམར་བ། | 2012/1/1 13:07:19
atongringaylདྲྭ་གྲོགས་ལགས་རྩོམ་ཡིག་གང་མང་སྤེལ་བ་ཡི་རངས་དང་དགའ་བསུ་ཡོད། རྗེས་ཕྱོགས་སུ་ཡིག་ནོར་ཕྱོགས་ལ་གཟབ་ནན་གནང་གལ་ཆེ།
ཨ་ཀྲོང་རིན་རྒྱལ་པས།
Re:གདོང་དམར་བ། | 2011/12/28 15:37:19
སྐུ་མགྲོན་KOFr3V(སྐུ་མགྲོན)ཨ་ཁུ་ལགས། ཡིག་ནོར་མང་བོ་འདུག་པས་གཟབ་ན་ལེགས་ས་རེད། མ་གཏོགས་ཁྱེད་ཀྱི་འདྲ་པར་དེ་ཡང་ཡག་པོ་འདྲ་མི་འདུག་པས་སྟོད་འགག་སྔོན་པོ་ཅན་ཞིག་ཡིན་ན་བཟང་ས་རེད། དེ་ནི་བདག་གི་བསམ་འཆར་ཙམ་ཡིན།
རྩོམ་པ་པོ།:སྐུ་མགྲོན་KOFr3V(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གདོང་དམར་བ། | 2011/12/28 13:40:41
danzengyixi

གདོང་དམར་བའི་རིགས་རྒྱུད་འཛིན་པའི། །
བཙན་པོ་ཡི་རལ་གྲི་ངར་མ། །
རྩོམ་རྩལ་ལ་ཡིད་མོས་ཤོར་སོང་། །
མུ་མཐུད་ན་འདི་འདྲ་ཡི་རིགས་ཤིག་ །
གང་མང་རེ་ཡོད་པའི་རེ་སྒུག་བྱས་ཡོད། །
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.