བཙན་པོའི་རལ་གྲི།
སྤྱི་བསྒྲགས།

རྟ་ཕོའི་རྨིག་སྒྲས་ས་ཆེན་པོ་ཞེང་ཚད་འཇལ་བ་ནས་བཟུང་། དྲང་བདེན་དང་བདེན་དོན་གྱི་རལ་ཁ་ན། གནས་ལུགས་ཀྱི་ཁྲག་ཐིགས་ལུད། ཁ་སང་ངའི་ཡབ་མེས་ཚོས་ལྷ་ཆེན་པོའི་མགོ་ལ་རལ་གྲི་བསྐོར་ཞིང་། དེ་རིང་ཕུ་ནུས་ཀླུ་ཆེན་པོའི་མགོ་ལ་རྡོག་ཐོས་མནན་མྱོང་སྐད། སང་ཉིན་ང་སང་ཉིན་ལ་ཆས་དགོས་པས། ལམ་བུ་འདི་ངའི་ཆེས་ཐོག་མའི་ལམ་བུ་དང་ཆེས་མཐའ་མཇུག་གི་ལམ་བུ་ཡང་ཡིན་པར་སྨོན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
- གཡུང་དྲུང་བོན།
- ཧི་མ་ལ་ཡའི་བོན།
- དུ་ཏིའི་ངུ་སྒྲ
- ཨ་ཀྲོང་རིན་རྒྱལ།
- ཁྱུང་སྐྱུགས
- ཧི་བོན་ཇ་ཁང་།
- ཁྱུང་གི་རུ་ཐུར།
- མཚོ་སྔོན་གྱི་དྲྭ་བ།
- མཚོ་སྔོན་གྱི་དྲྭ་བ།
- མཚོ་སྔོན་གྱི་དྲྭ་བ།
- བསྟན་འཛིན་འབྲུག་གྲགས་ཀྱི་ཧི་བོན་ཟིན་བྲིས།
- བྱ་འཕུལ་ཚང་གི་གདན་ས།
- རྒྱལ་གཤེན་དྲྭ་བ།
- འོལ་མོ་གླིང།
- རྫོགས་པ་ཆེན་པོ།
- རེབ་གོང་བོན་མང་དྲྭ་ཚིག།
- གངས་ལྗོང་གླེངས་སྟེགས།
- བོད་ཀྱི་དྲ་མཛོད།
- བོད་ཀྱི་ཚ་འཕྲིན་ལག་རྩལ།
- མཆོད་མེ་བོད་ཀྱི་རྩོམ་རིགས།
ཟིན་བྲིས་ཆ་འཕྲིན།
རི་སུལ་ནས་གྲགས་པའི་སེམས་གཞས། | 2011/12/17 20:18:00
3
རི་སུལ་ནས་གྲགས་པའི་སེམས་གཞས།
མཛའ་བརྩེ་ཡི་སྤྲིན་དཀར་གསེབ་ན།།
དུང་སེམས་ཀྱི་སྦྲང་ཆར་སྦྲུམ་ཡོད།།
སེམས་པ་གཉིས་འདྲེས་མདོ་དེ་ལ།།
རེ་འབྲས་ཀྱི་འཇའ་ཚོན་བཀྲ་ཡོད།།
སྔར་བསགས་ཀྱི་ལས་ཏེ་མེད་ན།།
སང་ཉིན་ལ་སྒུག་ཀྱང་མི་འདུག།
རེ་སྒུག་གི་སྨུག་ཀློང་ཁྲོད་ན།།
མཇལ་འཛོམས་ལ་རྫོགས་ཚིག་བཀོད་འདུག།
ཕྱིར་དྲན་གྱི་མཚོ་མོའི་ངོས་ལ།།
བརྩེ་བ་ཡི་འོ་སྤྲི་འཁྱིལ་འདུག།
དུང་སེམས་ཀྱི་མར་ལོ་སེར་པོ།།
ཟས་འགོ་ཡི་ལྷ་ལ་ཡང་མ་མཆོད།།
དབང་མེད་ཀྱི་མིག་ཆུའི་ཐིགས་པ།།
དྭངས་གཙང་གི་ངོ་བོར་གྲུབ་ཀྱང་།
རྒྱུས་ཡོད་ཀྱི་བྱམས་པའི་མཐོང་ཚེ།།
དྲན་གདུང་གི་ལོ་རྒྱུས་བྲིས་ཡོད།།
རྨི་ལམ་རྫོགས་མཐའ་ཞིག་མེད་ཀྱང་།
བར་ཆད་དུས་ཚིགས་ཞིག་ངེས་པས།།
ཐུན་གསུམ་རྨི་ལམ་གྱི་མཇལ་འཛོམས།།
རྩོམ་པ་པོ།:བཙན་པོའི་རལ་གྲི | བལྟ་ཀློག(219) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ཐོལ་བྱུང་སེམས་འགྱུ་ཕྲ་མོ།
- ཟིན་ཐོ་འོག་མ།ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་གི་ངོ་སྤྲོད།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།