ཧི་བོན་ཟིན་བྲིས།
བཙན་པོའི་རལ་གྲི།
སྤྱི་བསྒྲགས།
       རྟ་ཕོའི་རྨིག་སྒྲས་ས་ཆེན་པོ་ཞེང་ཚད་འཇལ་བ་ནས་བཟུང་། དྲང་བདེན་དང་བདེན་དོན་གྱི་རལ་ཁ་ན། གནས་ལུགས་ཀྱི་ཁྲག་ཐིགས་ལུད། ཁ་སང་ངའི་ཡབ་མེས་ཚོས་ལྷ་ཆེན་པོའི་མགོ་ལ་རལ་གྲི་བསྐོར་ཞིང་། དེ་རིང་ཕུ་ནུས་ཀླུ་ཆེན་པོའི་མགོ་ལ་རྡོག་ཐོས་མནན་མྱོང་སྐད། སང་ཉིན་ང་སང་ཉིན་ལ་ཆས་དགོས་པས། ལམ་བུ་འདི་ངའི་ཆེས་ཐོག་མའི་ལམ་བུ་དང་ཆེས་མཐའ་མཇུག་གི་ལམ་བུ་ཡང་ཡིན་པར་སྨོན།
ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཁྲེབ་ཐོའི་ཟིན་ཐོ། | 2011/12/28 14:13:00
    ཁྲེབ་ཐོའི་ཟིན་ཐོ།
    དང་པོ་ན་ཆུང་གི་བརྩེ་བ།།
   སྙན་འཇེབས་སྨྱུག་གླིང་གི་འགྱུར་ཁུགས།།
  བརྗོད་དོན་ཚིག་གཅིག་གིས་སྟོང་ཡང་།།
  ཡིད་སེམས་དབང་མེད་དུ་ཤོར་སོང་།།

 ནམ་རྒྱུན་རྩོད་ར་ཡི་ཁྲོད་དུ།།
 རྩེད་རིགས་སྣ་ཚོགས་ལ་གཡེང་ནས།།
 རྩོད་རྒྱུགས་དམ་བཅའ་ཡི་སྐབས་སུ།།
 འཁོར་གསུམ་གྲངས་མེད་ཅིག་བསྐོར་ཐལ།།
 
 ཞོགས་པ་གཏི་མུག་གིས་བཟི་ནས།།
 ཚོགས་དང་འཆད་ར་ལ་མ་སོང་།།
  བརྐྱང་ཕྱག་གྲངས་མེད་དུ་འཚལ་བ།།
  རང་གི་གཟུགས་སྦྱངས་སུ་སེམས་ཡོད།།
 
 ཉལ་རོགས་གཏི་མུག་གི་གྲོགས་པོ།།
 ཟ་རོགས་རྔམ་འཐུང་གི་ཕག་པ།།
 འགྲོ་རོགས་ངེས་མེད་ཀྱི་རླུང་འཚུབ།།
 ཆད་ཐོ་ཁྲམ་རྟགས་ཀྱིས་བཀངས་སོང་།།

 ལོ་འཁོར་ཡིག་ཚད་ཀྱི་སྐབས་སུ།།
 ཡིག་རྒྱུགས་སྒྲོམ་གཞི་སྟེ་མཐོང་དུས།།
 དཀར་འཇམ་ཤོག་དཀར་གྱི་ངོས་ལ།།
 རྨོངས་པའི་གྲིབ་ནག་ཅིག་འཐིབ་ཐལ།།
 
 ལོ་འཁོར་རྒྱུགས་འབྲས་ཏེ་ཐོན་ཐལ།།
 ཀླད་གོར་རིམ་པ་ཞིག་ལོན་འདུག།
 ཐོབ་སྐར་གོ་ཟློག་ཏུ་བརྩིས་ཚེ།།
 ང་རང་དང་པོ་སྟེ་ཆགས་འདུག།
 
 ཀླད་གོར་དུ་མ་སྟེ་འཁྱེར་ནས།།
 འཛིན་རིམ་འོག་མ་ལ་སླེབས་ཚེ།།
 ཆུང་ཆུང་བྱིས་པ་ཚོའི་ཁྲོད་དུ།
 ང་རང་ཕ་རྒན་ཏེ་ཆགས་འདུག།
     
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁྲེབ་ཐོའི་ཟིན་ཐོ། | 2011/12/30 22:39:19
rinchenཕྲན་ལ་དག་ཆ་མེད་པས་ཡིག་ནོར་ཤོར་བ་ལ་དགོངས་དག་ཞུ། ཡ་བྲང་གཡུ་འབྲུག་ལགས།་ ཕྲན་གྱིས་ཡིག་ནོར་ཤོར་ཚེ་འདི་ཤོར་འདུག་ཞེས་གསུང་རོགས་གནང་། ཕྲན་ལ་ཕན་པ་ཤིན་དུ་ཆེ། ཟིན་བདག་ནས།
Re:ཁྲེབ་ཐོའི་ཟིན་ཐོ། | 2011/12/28 15:09:55
yongzhouལེགས་པོར་བྱུང་། ཡིག་ནོར་གཟབ་དགོས་པར་འདུག
ཡ་བྲང་གཡུ་འབྲུག་གིས།
Re:ཁྲེབ་ཐོའི་ཟིན་ཐོ། | 2011/12/28 15:09:42
yongzhouལེགས་པོར་བྱུང་། ཡིག་ནོར་གཟབ་དགོས་པར་འདུག
ཡ་བྲང་གཡུ་འབྲུག་གིས།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.