སྐྱ་རེངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས།།

 མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་།།

 འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ།།

 ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 3
  • དཔྱད་བརྗོད། 4
  • ཆེམས། 0
  • ཀློག་གྲངས། 2497


 
ནུབ་རིར་གཟིམས་སོང་།།
[ 2012/5/14 18:36:00 | By: སྐྱ་རེངས། ]
 

བསིལ་ཟེར་ལགས།         ཁྱེད་ནུབ་རིར་གཟིམས་དོན་ཅིའི་ལན།  

ངེད་ཤུལ་ལུས་ཀྱི་དྭ་ཕྲུག་ཚོ་སྔོན་བསགས་བགོ་སྐལ་ཟད་པའི་ལནམ། 

ཡང་ན་གངས་ཅན་གྱི་བསྟན་འགྲོའི་དོན་དུ་བྱོན།   བསིལ་ཟེར་ལགས། 

ཁྱེད་ནུབ་རིའི་ཕག་ནས་ཡིབ་ཚུན་མགོན་མེད་དྭ་ཕྲུག་ཚོ་བྲང་ཁོག་ཟུག་ངུའི་ཁེངས། 

 སེམས་ཁོང་ལ་མུན་པས་གཡོག  སྨྲེ་ངག་གི་བྲན་གཡོག་ཏུ་གྱུར།   བསིལ་ཟེར་ལགས།  

ངེད་ཉམ་ཐག་དྭ་ཕྲུག་ཚོའི་བདེ་སྡུག་དང་རེ་བལྟོས་འཆའ་སའི་སྐྱབས་མགོན། 

ཐར་པའི་ལམ་སྣ་འདྲེན་པའི་དད་དཔོན་བསྟན་འགྲོའི་སྤྱི་དཔལ་དུ། 

སླར་ཡང་ཤར་རིའི་རྩེ་ནས་ཡང་སྲིད་མྱུར་དུ་མཇལ་བར་སྨོན།།

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.