འོད་གསལ་སྤ་ཡི་ཤེས་རིག

                                                སྤ་ཚང་དགེ་བཤེས་བསམ་གཏན་རྒྱལ་མཚན་གྱི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སེམས་ཁོང་ནས་རྡོལ་བའི་དད་པའི་གདུང་དབྱངས།
[ 2012/2/4 22:57:00 | By: སྤ་ཚང་དགེ་བཤེས། ]
 

༧སྟོང་ཆེན་མ་བཅོས་ཀ་དག་ཀློང་ཡངས་པོ།            ལྷུན་གྲུབ་ཐུགས་རྗེའི་རང་མདངས་ལྷུན་རྫོགས་གསལ། 

རྣམ་དག་གཞན་ཕན་ཚ་ཟེར་ཕྱོགས་བརྒྱར་འཕྲོས།

སྐུ་གསུམ་མངོན་གྱུར་བསྟན་པའི་འབྲུག་གྲགས་རྒྱལ།

༧སྔོན་བསགས་བཟང་པོས་བརྒྱད་ཁྲི་བཞི་སྟོང་བོན།

ཆེས་ཆེར་མ་བརྩོན་ཐམས་ཅད་མཁྱེན་པའི་ཚུལ།

ལྷག་པའི་ལྷ་མཆོག་མི་ཡི་ཟོལ་བསྟན་པའི།

གངས་ཅན་མཁས་པའི་ཁྱུ་མཆོག་སྤ་འབྲུག་རྒྱལ།

༧སྙིགས་མའི་སྨག་རུམ་བདོ་བའི་ཁམས་གསུམ་འགྲོ།

གཏན་བདེའི་རྒྱལ་ས་ཆེན་པོ་མྱུར་ཟིན་ཆེད།

རླབས་ཆེན་ཐུགས་དགོངས་སྐྱ་རེངས་གསར་དང་ལྷན།

བོད་ཡུལ་མུན་སྨག་བསལ་མཛད་ཉི་མའི་དབང་།

༧སྟོན་མཆོག་བརྒྱ་པའི་མཛད་མཕྲིན་གསང་གསུམ་བོན།

སེ་ཆེན་ཧོར་ཡུལ་གདུལ་བྱའི་དཔལ་དུ་ཡང་།

འཆད་རྩོད་རྩོམ་གསུམ་ནོར་བུའི་གཏེར་ཆེན་གྱིས།

སྐལ་ལྡན་བྱེ་བ་ཐར་པའི་ཞིང་མཆོག་བསྟན།

༧ཁྱད་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་།

སྡེ་སྣོད་གསུམ་དང་ཐེག་དགུ་རིག་པའི་གནས།

ཚད་གསུམ་ཟུང་འབྲེལ་ལམ་ནས་པོད་བཅུ་ཕྲག།

ཕྱི་རབས་རྗེས་བཞག་བསྟན་པའི་གཙུག་ན་མཛེས།

༧རྨད་བྱུང་འཁོར་ལོ་གསུམ་གྱི་རིམ་པ་གང།

འཛམ་གླིང་གོ་ལའི་ཁྱོན་དུ་བསྒྱུར་བ་ཡིས།

རྒྱལ་བསྟན་སྲོག་གི་ཀ་ཆེན་རྒྱུན་ཚུགས་ནས།

བཤད་སྒྲུབ་སྒོམ་པའི་རྒྱལ་མཚན་དབྱིངས་སུ་ཚར།

༧བསྐལ་མང་ཚོགས་གཉིས་རྫོགས་པའི་བྱིན་མཐུ་གང་།

ཞིང་འདིར་སྟོན་མཆོག་གཤེན་རབ་མཛད་ཆེན་བཞིན

ཡིད་ཅན་བསོད་ནམ་དཔལ་དུ་བསྐྲུན་པ་ཡིས།

སྙན་པའི་གྲག་དཀར་སྲིད་གསུམ་ཁྱོན་ཀུན་བདལ།

༧མགོན་ཁྱེད་ཐུགས་དགོངས་ཉི་ཟླའི་གུར་ཁང་ལས།

བརྩེ་བའི་སྤྱན་ཟུང་མདོར་མེད་རྒྱུན་གཟིགས་པའི།

ཕྱི་རབས་རྗེས་བཞག་བསྟན་པའི་རྩ་ལག་གང་།

ཉམས་མེད་ཡར་ཟླའི་དཔལ་རྒྱས་སྙིང་ནས་དྲན།

    ༧དཔལ་ལྡན་བླ་མའི་མཛད་བཟང་ཡིད་བཞིན་ནོར། བདག་འདྲས་གཞལ་མིན་དམ་པའི་ཡོན་ཏན་ཆར།

དད་འདུན་མོས་པས་གསོལ་བཏབ་བསྟོད་བཀུར་ཙམ།

རིང་མིན་དམ་པའི་བྱིན་རླབས་འཇུག་པར་སྨོན།།  

༧ཞེས་སྐྱབས་རྗེ་གཡུང་དྲུང་བསྟན་པའི་འབྲུག་གྲགས་བསོད་ནམས་དཔལ་བཟང་པོའམ་སྤ་ཚང་འབྲུག་རིན་པོ་ཆེ་མཆོག་གི་རྣམ་ཐར་དང་མཛད་རྗེས་བཅས་ལ་དད་འདུན་རྗེས་དྲན་དང་བཅས་སྤ་ཚང་གྲྭ་བཙུན་བསམ་གཏན་རྒྱལ་མཚན་གྱིས།།

                                                                                                                                                

                                                                                                                                                                  སྟོ
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.