འོད་གསལ་སྤ་ཡི་ཤེས་རིག

                                                སྤ་ཚང་དགེ་བཤེས་བསམ་གཏན་རྒྱལ་མཚན་གྱི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྣམ་བཅུ་དབང་ལྡན།
[ 2012/2/3 18:50:00 | By: སྤ་ཚང་དགེ་བཤེས། ]
 

 གཙུག་ལག་འབྲས་བུ་དཔལ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོ་འབྱུང་བ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཐུགས་ཀྱི་ས་བོན་རྣམ་བཅུ་དབང་ལྡན་ཡི་གེ་དགུ་བ་ཀ་བ་བཅུ་བ་འདི། ཨ་གཡུང་དྲུང་ཡེ་དབང་རྒྱལ་བོ་ཀུན་འབུམ་གོ་འབྱེད་སྐུ་གསུམ་ས་ལྷ་སྐུ་མདོན་སེར་པོ། ཡཾ་ཀུན་སྒྲོལ་དབྱིངས་ཕྱུག་སྐུ་གསུམ་རླུང་ལྷ་ལྗང་ཁུ། རཾ་ཀུན་རིག་འབར་བ་སྐུ་གསུམ་མེ་ལྷ་དམར་པོ། མཾ་ཀུན་འཇོམས་རྒྱལ་བོ་་ནང་སེལ་སྲས་དྲལ་བརྒྱད་སྐུ་གསུམ་ཆུ་ལྷ་སྔོན་པོ། ཁཾ་ཀུན་འདུས་ཆེན་པོ་དྲི་སྲས་ང་རྒྱལ་ལྕགས་ལྷ་དཀར་པོ། བྲུཾ་གཞལ་ཡས་སྲུང་གུར་དང་བསྙེམ་བྱེད་མ་གཞི་སེར་པོ། ཧཱུྃ་ནང་སྒོའི་དུས་གཞི་རྒྱལ་མོ་དང་། བར་སྒོ་སྲུང་བའི་ལྷ་བཞི། ཕྱི་སྒོའི་ཁྲོ་བོ་བཞི་བཅས་མཐིང་སྔོན། གཡས་ཀྱི་ཨཱོྃ་ནི་ཡེ་སྲིད་མྱེས་པོ་སངས་པོ་འབུམ་ཁྲི་ལས་སོགས་ཡེ་སངས་སྲིད་པ་རིགས་བཞི་སྐུ་མདོག་དཀར་པོ། གཡོན་གྱི་འདུ་ནི་སྟོང་ཁྱབ་ཡུམ་ཆེན་དང་། རྒྱུ་ཡི་ཡུམ་བཞི་གཤེན་བརྒྱད་དམར་སེར། མདོར་ན་ཡེ་དབང་རིགས་ལྔའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་ས་བོན་འདིར་འདུས།
         རྣམ་བཅུ་དབང་ལྡན་གྱི་ཕན་ཡོན་ནི། འབྱུང་བའི་འཇིགས་པ་སྟེ་ས་གཡོས་ཀྱི་འཇིགས་པ་དང་ཆུའི་འཇིགས་པ། རླུང་གི་འཇིགས་པ། མེའི་འཇིགས་པ་ལ་སོགས་ལས་སྐྱོབ་པ་དང་། དེ་བཞིན་ལྷ་སྲིན་གདུག་རྩུབ་ཞི་བ། རིགས་དྲུག་སྦྱིན་པས་ཚིམས་པ། མཚོན་གྱི་བསྐལ་བ་བརླག་པ། དུས་ཀྱི་འཁྲུག་པ་ཞི་བ། མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པ་ལ་སོགས་དང་། ཆར་ཆུ་དུས་སུ་འབེབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་བསྐལ་བ་དང་ལྡན་པར་འགྱུར་རོ། །

 
 
Re:རྣམ་བཅུ་དབང་ལྡན།
[ 2013/1/15 18:39:48 | By: སྐུ་མགྲོན་NSJu4Y(སྐུ་མགྲོན) ]
 
སྐུ་མགྲོན་NSJu4Y(སྐུ་མགྲོན)རྒན་ལགས་ཐུགས་མ་ཡེངས་ཟིན་ཐོར་ཕེབས་རོགས་ཞུ། དྲྭ་ཀློག་ནས།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/12/16 21:20:03 | By: bacangawang ]
 
bacangawangལྷན་རྒྱས་ནས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡིན་ནའང་གུས་པ་ཉེ་ཆར་དུས་ཚོད་རྐྱེན་པས་ཟིན་བྲིས་ནང་དུ་རྩོམ་ཡིག་སོགས་བཅུག་རྒྱུ་བྱུང་མ་སོང་བས་ཧི་མ་ལ་ཡའི་དྲ་བདག་གཙོས་པའི་རྒྱ་ཆེ་གཟིགས་མོ་བ་ཀུན་ལ་དགོངས་འགལ་མེད་པ་ཞུ་རྒྱུ་དང་། རྗེས་སུ་མུ་མཐུད་ནས་རྩོམ་ཡིག་ཇི་ནུས་སྤེལ་བའི་འཆར་གཞི་ཡོད་ཞུ།།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/3/21 11:50:39 | By: སྐུ་མགྲོན་230Meq(སྐུ་མགྲོན) ]
 
སྐུ་མགྲོན་230Meq(སྐུ་མགྲོན)༧རབ་འབྱམས་པ་ཆེན་མོ་གདན་ས་འདིར་ཕེབས་པར་དགའ་བསུ་དང་ཆབས་ཅིག་མཛད་བཟང་དབྱར་གྱི་ཆུ་བཞིན་འཕེལ་བའི་ཤིས་སྨོན་ཡང་ཞུ། གྲོགས་ཁྱུང་གསེར་ཞུན་ནས།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/2/4 12:18:10 | By: སྐུ་མགྲོན་0fv3YM(སྐུ་མགྲོན) ]
 
སྐུ་མགྲོན་0fv3YM(སྐུ་མགྲོན)དགེ་བཤེས་ལགས་ཕེབས་པ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཆབས་ཅིག་རྗེས་ཕྱོགས་སུ་དཔྱད་རྩོམ་གང་མང་སྤེལ་བའི་རེ་བ་ཡོད།
ཨ་ཀྲོང་རིན་རྒྱལ་པས་གདན་ས་སྨན་གླིང་ནས།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/2/4 12:01:45 | By: yongdrom ]
 
yongdrom

གསེར་ལུང་སྨན་གྱི་ལྗོངས་སུ།།
དལ་འབྱོར་རྟེན་བཟང་བརྙེད་པའི།།
ཁེར་རྐྱང་མི་ཚེའི་བདག་ཉིད།།
མཚམས་འདྲིའི་ཞུ་བ་བྱས་ཡོད།།
རྭ་བ་གངས་ཀྱིས་བསྐོར་བའི།།
བསེལ་ལྡན་ཁ་བའི་ཞིང་གི།།
སྤྱི་ཕུད་ཧི་མ་ལ་ཡི།།
མཚན་ལྡན་གཞིས་ཁྱིམ་འདི་ན།།
མི་གསལ་མུན་པ་གཏོར་པའི།།
འོད་གསལ་སྤ་ཡི་ཤེས་རིག།
སྒོ་འབྱེད་ཁྱེད་ཀྱིས་མཛད་པར།།
བཀྲ་ཤིས་བདེ་ལེགས་ཞུས་ཡོད།།
ཅེས་གཙང་ཚ་གཤེན་སྨྱུག་པས་བྱང་ནག་ཆུ་ནས་ཕུལ་བའོ།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/2/3 19:51:13 | By: yungdong ]
 
yungdongསྤ་ཚང་དགེ་བཤེས་ལགས་ཧི་བོན་ཟིན་བྲིས་སུ་ཕེབས་པར་དགའ་བསུ་བྱེད། སྐྱང་ཁ་མ་ཚང་ནས།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/2/3 19:25:40 | By: tibetmonk ]
 
tibetmonkསྤ་ཚང་དགེ་བཤེས་ལགས་ཧི་བོན་ཟིན་བྲིས་སུ་གདན་སར་བཟུང་བར་བཀྲ་ཤིས་བདེ་ལེགས་ཞུ།
 
 
Re:རྣམ་བཅུ་དབང་ལྡན།
[ 2012/2/3 19:20:21 | By: bacangawang ]
 
bacangawangཚང་མ་གཟིགས་ཕེབས་གནང་བར་དགའ་བསུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.