ཁྱུང་འཚོ་བྱེད་ཟླ་འོད།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 11
  • དཔྱད་བརྗོད། 12
  • ཆེམས། 0
  • ཀློག་གྲངས། 7601


 
ཧེ་མ་ལ་ཡའི་དྲྭ་ཚིགས་དང་ཟིན་བྲིས་བརྒྱུད་བོན་བསྟན་རྒྱས་པའི་རེ་སྐུལ།
[ 2011/5/18 23:10:00 | By: གླིང་སྨན་གཡུང་དྲུང་། ]
 

གཡུང་དྲུང་བོན་ནི་གངས་ཅན་བོད་པའི་ཤེས་རིག་ཡོད་ཚད་ཀྱི་མ་མ་ཡིན་ཀྱང་དུས་ཡུན་རིང་པོ་ཞིག་ལ་འཁྱོག་བཤད་ཀྱི་འགོ་ལོ་རྒོད་པོས་རིས་མལ་རིས་རྒྱུགས་ཀྱི་རྣམ་པས་བདེན་མཐའ་གསལ་བའི་བགོ་སྐལ་སྨིན་དུ་མ་བཅུག       ད་ནི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་བགོ་སྐལ་བཟང་པོ་ས་ཆེན་པོ་འདིའི་རྒྱན་ལྟ་བུར་གྱུར་ནས་འདུག་པས་ཡུན་རིང་པོར་རང་རེའི་ཕག་ཏུ་གབ་ནས་ཡོད་པའི་བདེན་མཐའ་དག་གསལ་བའི་སྟ་གོན་དང་ལག་ལེན་ལ་རོལ་དགོས།       གནས་འདི་ནི་བདེན་པ་བརྡར་བའི་དོ་ར་བཟང་པོ་ཞིག་དང་བདེན་མཐའ་གསལ་བའི་མེ་ལོང་ཡག་པོ་ཞིག་ཀྱང་ཡིན་པས་ཀུན་གྱིས་གཅེས་པར་མཛོད་ཅིག      འོད་ཟེར་སྟོང་དང་ལྡན་པའི་ཞིང་ཁམས་འདི་ནས་རང་རེས་བདེན་པ་བོན་གྱི་འཁོར་ལོ་སྐོར་བར་སྙིང་ནས་རེ།     རང་ཉིད་ནས་གསོ་རིག་གི་ཤེས་བྱ་གཙོས་པའི་དོན་གནད་འགའ་ཞིག་ཀུན་གྱི་སྤྱན་ལམ་དུ་འདི་ནས་ཡོངས་སུ་བསྟར་བར་འདོད།

                                                                                ཁྱུང་འཚོ་བྱེད་ཟླ་འོད་པས།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
གསོ་རིག་དང་འབྲེལ་ཆེ་བའི་ལེགས་བཤད་འགའ།
[ 2011/5/19 0:04:07 | By: yzzx ]
 
yzzxགསོ་དཔྱད་མདོ་རྒྱས་མ་ལུས་ཀུན་ལ་མཁས།
ལག་ལེན་མན་ངག་གནད་དུ་ཕེབས་གྱུར་ཅིང་།
སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡིས།
འཚོ་བྱེད་དམ་པས་ས་འདི་གང་བར་ཤོག

ལོ་རྒྱུས་དོན་དག་མ་བཤད་ན། ཕས་ཀྱང་མི་གོ་རྒྱུ་མཚན་ཤོད།
ཡག་ཉེས་ཞིབ་ཏུ་མ་བཤད་ན། བུས་ཀྱང་མི་ཉན་ཁ་ཏ་ཆུང་།
མ་བསླབས་སུས་ཀྱང་མི་ཤེས་པས། ལུགས་གཉིས་གང་ལའང་
མཁས་པར་སློབས།

མཁས་པ་རང་གིས་བྱེད་པས་ཆོག མཐོ་དམན་ཐམས་ཅད་བསྟེན་པས་ཡོང་། ཕྱུག་པོ་རང་གིས་བྱེད་པས་ཆོག བརྩོན་འགྲུས་ཐང་ལྷོད་མེད་པས་ཡོང་། འགྲོ་ཕན་རང་གིས་བྱེད་པས་ཆོག རྒྱུད་བཞིན་ཞིབ་ཏུ་དཔྱད་པས་ཡོང་།

མཚ་ཉིད་རྒྱ་ཆེར་མཁས་་སྨན་པ་ཡིན། མན་ངག་དོན་ལ་མཁས་ན་སྨན་པ་ཡིན། ཚིག་དོན་འགལ་འཁྲུལ་འབྱེད་ན་སྨན་པ་ཡིན།
ལག་ལེན་གནད་དུ་དྲིལ་ན་སྨན་པ་ཡིན། བྱང་ཆུབ་སེམས་མཆོག་ལྡན་ན་སྨན་པ་ཡིན།

གངས་སེང་གེ་རེ་ལ་སེང་ཕྲུག་རེ། དེ་ཉུང་བའི་སྐྱོན་གྱིས་གོས་མ་ཡིན། སྒོའི་ཁྱི་མོ་རེ་ལ་ཁྱི་ཕྲུག་དགུ། དེ་མང་བའི་ཡོན་ཏན་ངས་མ་མཐོང་།
ཞེས་མཁས་པའི་ངག་ལས་སོ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.