ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/7 20:27:00 | By: དྲུང་ཤེལ ]
 

༧ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།

༧ལྷོ་རྒྱལ་འཛམ་བུ་གླིང་པའི་དབུས་ལྟེ་འམ་ས་གཞི་གོ་ལ་རིལ་མོའི་ཡང་རྩེ་རུ་གནས་བཅའ་བའི་བསིལ་ལྡན་ཁ་བ་དཀར་པོའི་སྤུན་ཟླ་རྣམས་དང་།

དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་ཀུན་ལ་བཞུགས་པའི་གངས་རིའི་སྤུན་ཟླ་ཡོངས་སུ་རྫོགས་པ་ལ་ཞུ་གསོལ། ན་ནིང་བྱང་སྡེ་ཉི་མ་རྫ་ཆུ་ཁར་འཇང་དགུན་ཆོས་ཚོགས་ཆེན་མོར་འཚོགས་སྐབས་སུ་འང་། སེར་བྱེས་དགེ་བཤེས་ཉིན་མ་ཕུན་ཚོགས་ལགས་ཀྱིས། གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ནི་ནང་པ་སངས་རྒྱས་པ་མ་རེད་ཟེར་བ་ཁོང་གི་ཆོས་བཤད་དེ་དག་གནད་ལས་མ་ཁེལ་པ་ཞིག་རེད། དེ་ལས་འཕྲོས་ཏེ་གཡུང་དྲུང་བོན་ལུགས་འཛིན་པའི་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་དགེ་བཤེས། དེ་བཞིན་དུ་ཕྱོགས་སོ་སོ་ནས་བཞུགས་ཤིང་བོན་སྒོར་ཞུགས་པའི་སྐྱེ་བོ་ཕོ་མོ་ཚང་མའི་སེམས་ཁམས་ལ་བཟོད་དཀའ་བའི་ཕོག་ཐུག་ཅིག་ཤོར་བ་རེད། རྒྱུ་མཚན་དེ་ཡིས་རྐྱེན་པས་བོན་ལུགས་འཛིན་པ་ཡོངས་ཀྱིས་ཡིད་མ་རངས་པའི་ཐ་ཚིག་སྒྲོགས་པ་དང་། ཁོ་བོས་ཀྱང་དེ་དག་ལ་བརྒལ་ལན་གྱི་རྩོམ་ཐུང་ཞིག་ཀྱང་སྤེལ་བ་ཡིན་ལ་ལྷག་པར་དུ་ཁོང་ལ་ཁ་པར་གྱི་ལམ་ནས་རྒྱུ་མཚན་འདི་ཉིད་འགྲེལ་བཤད་དགོས་པའི་དྲན་བསྐུལ་ཡང་ཞུས་པ་ཡིན། རེད་ཨ། ཁོང་ནི། དངོས་གནས་དྲང་གནས་མིང་དོན་དང་མཚུངས་པའི་དགེ་བའི་བཤེས་གཉེན་ཞིག་ལོས་ཡིན། གཟིགས་དང་། དེང་གི་སྐབས་སུ་ཁོང་ཉིད་ཀྱི་ལུས་ངག་ཡིད་གསུམ་གཅིག་ཏུ་སྒྲིལ་ཏེ་གཡུང་དྲུང་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་དཔང་པོར་བཙུགས་ཏེ་སྔར་འགྱོད་ཕྱིར་སྡོམ་བྱེད་པའི་སྒྲ་ཕབས་དང་བརྙན་ཕབས་ཀྱི་འོད་སྡེར་ཚ་ཚ་འུར་འུར་གྱི་ངང་ནས་ཁ་བ་གངས་དཀར་བའི་རི་ལུང་ཀུན་ནས་སྤེལ་བཞིན་འདུག་པ་འདི་ལ་གཟིགས་དང་། མཛད་ཚུལ་འདི་ལ་བལྟས་ན་དམ་པའི་རང་གཤིས་ཤིག་ངམ་ངམ་ཤུགས་ཤུགས་ཀྱིས་མངོན་ཡོང་གི་འདུག། ནོར་བ་དང་འཁྲུལ་བ་ནི་ཀུན་ལ་ཡོད་མོད། དཔེར་ན། མི་ལ་སྐྱོན་དང་། ཤིང་ལ་མཛེར་པ་མེད་པ་ཞིག་ག་ལ་སྲིད། དེར་བརྟེན་ནོར་འཁྲུལ་ནོར་འཁྲུལ་དུ་ངོས་ཟིན་པ་དང་། སྔར་བྱས་ལ་འགྱོད་སེམས་དྲག་པོ་སྐྱེས་པ། ཕྱིས་འབྱུངས་སུ་ལམ་ནོར་ལྡོག་ཤེས་བྱེད་པའི་དམ་བཅའ་བརྟན་པོ་ཡོད་པ། མ་ཟད་ཁོང་གིས་དམིགས་སུ་བཀར་དེ་གསུང་དོན་སླད་ཕྱིས་སུའང་གཡུང་དྲུང་བོན་གྱི་རིང་ལུགས་འདི་ལ་དད་པ་དག་སྣང་གི་འདུ་ཤེས་བཅོས་མ་མ་ཡིན་པ་ཞིག་བཟུང་བ་དང་བོན་གཞུང་ལ་སྦྱོང་བརྩོན་ཧུར་ཐག་མཛད་པའི་སེམས་ཤུགས་ཆེན་པོ་ཡོད་ཚུལ་གསུང་འདུག་པས་ཁོང་ལ་ཐུན་མིན་གྱི་གྲུབ་འབྲས་ཤིག་ཏན་ཏན་ཐོབ་ངེས་རེད།  ད་ཕན་ལ་ཡང་རྒྱུ་མཚན་འདི་དག་གི་ནུས་པས་ཁོང་ཉིད་ཀྱི་ནོར་འཛོལ་ཤོར་བའི་ཉེས་པ་དག་པ་ལ་ཐེ་ཚོམ་ཅི་དགོས། གང་ཞེ་ན། མཚམས་མེད་ལྔ་ལ་སོགས་པའི་མི་དགེ་པ་མཐའ་དག་གི་སྒྲིབ་པ་སྦྱོང་བའི་གཉེན་པོ་ལ་སངས་རྒྱས་ཀྱི་གསུང་ཚད་མ་ཡོད་པས་སོ། དཔེར་ན་ཁྱབ་པ་གཡུང་དྲུང་དོན་ལྡན་ལྟར་རོ།  ལྷག་དོན་དམིགས་བསལ་དུ་ཞུ་རྒྱུར། ཁར་སྔོན་ཕྲན་གྱིས་གཙོས་པའི་བོན་འབང་རྣམས་པས་ཁྱེད་ལ་ཡིད་མ་རངས་པའི་གནས་ལུགས་རྒྱུ་མཚན་མང་དག་གཅིག་བཤད་ཡོད་མོད། ད་གཟོད་བཤད་མ་ཐག་པའི་རྒྱུ་མཚན་དེ་དག་ནི་ཁྱེད་ཀྱིས་གོ་འཛོལ་དུ་མ་སོང་བའི་སྒོ་ནས། ཁྱེད་ལ་བཟོད་སྒོམ་གནང་རོགས་དང་འགྱོད་བཤད་བྱེད་པའི་གོ་སྐབས་ཡོད་པའི་རེ་དོན་དེ་ཉིད་ང་ཚོས་ཀྱང་དང་ལེན་བྱེད་འདོད་སེམས་གཏིང་ནས་ཡོད། སླད་མར་ཡང་ཁྱེད་ཀྱིས་གསུང་དོན་ལྟར་རང་རེ་ཁ་བ་གངས་ཅན་བའི་མདུན་ལམ་ལ་དམིགས་ཏེ། སྤུན་ཟླ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་མཐུན་སྒྲིལ་གྱི་དམ་བཅའ་མི་ཆུང་བའི་འབོད་བསྐུལ་ཡང་བསྐྱར་དུ་ཞུ་བའོ།

སྨྲས་པ།  

རྣམ་དཀར་དགེ༵་བཅུའི་འོད་ཀྱི་ངང་ཚུལ་ཅན། དམ་པའི་བཤེ༵ས་གཉེན་གང་གི་མཛད་ཕྲིན་དག

ཕན་བདེ་ཉི༵་མ༵་འབུམ་གྱིས་འོད་ཟེར་ལྟར། རྒྱལ་བསྟན་ཕུན༵་ཚོག༵ས་སྣང་བའི་གསོས་སུ་ཤོག།

 བོན་གྱི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ནས།

 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/20 17:40:07 | By: TDMB ]
 
TDMBཁྱེད་རྣམ་པས་རྣམ་དཔྱོད་ཀྱི་རྩལ་ཁ་འགྲན་པར་
གུས་པས་དུས་ནམ་ཡང་ཡི་རངས་དང་དགའ་བ་སྒོམ་བཞིན་ཡོད་མོད།
ཉམ་ཆུང་ཉེས་མེད་བདག་གི་ལྷག་བསམ་དཀར་པོའི་ཤོག་ངོས་སུ་
གང་བྱུང་ནག་ནོག་གིས་མ་སྦག་རོགས་ཞུ་རྒྱུ་ནི་ཕྲན་གྱི་རེ་བ་ཉག་ཅིག་
དེ་ཡིན་ནོ། ། གུས་པར་གཞན་གྱིས་མ་ཉེས་ཁ་གཡོགས་བྱས་ཀྱང་
ཚིག་ངན་མི་སློག་པ་འདི་ནི་དེ་འབྲེལ་གྱི་མི་སྣར་ཞེད་པ་མིན་པར་
གཡུང་དྲུང་སྤུན་གྲོགས་ཀྱི་དམ་ཚིག་བརྩིས་པ་ཡིན་ནོ། །
དེར་བརྟེན་དཀྲུག་ཤིང་མ་རྒྱག་རོགས། །
ཐོག་མདའ་དམར་པོ་ངོ་མ་ཡིས་ཕུལ། །
 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/20 17:37:25 | By: TDMB ]
 
TDMBཁྱེད་རྣམ་པས་རྣམ་དཔྱོད་ཀྱི་རྩལ་ཁ་འགྲན་པར་
གུས་པས་དུས་ནམ་ཡང་ཡི་རངས་དང་དགའ་བ་སྒོམ་བཞིན་ཡོད་མོད།
ཉམ་ཆུང་ཉེས་མེད་བདག་གི་ལྷག་བསམ་དཀར་པོའི་ཤོག་ངོས་སུ་
གང་བྱུང་ནག་ནོག་གིས་མ་སྦག་རོགས་ཞུ་རྒྱུ་ནི་ཕྲན་གྱི་རེ་བ་ཉག་ཅིག་
དེ་ཡིན་ནོ། ། གུས་པར་གཞན་གྱིས་མ་ཉེས་ཁ་གཡོགས་བྱས་ཀྱང་
ཚིག་ངན་མི་སློག་པ་འདི་ནི་དེ་འབྲེལ་གྱི་མི་སྣར་ད་པ་མིན་པར་
གཡུང་དྲུང་སྤུན་གྲོགས་ཀྱི་དམ་ཚིག་བརྩིས་པ་ཡིན་ནོ། །
དེར་བརྟེན་དཀྲུག་ཤིང་མ་རྒྱག་རོགས། །
ཐོག་མདའ་དམར་པོ་ངོ་མ་ཡིས་ཕུལ། །
 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/13 15:43:15 | By: སྐུ་མགྲོན་sw4Aqd(སྐུ་མགྲོན) ]
 
སྐུ་མགྲོན་sw4Aqd(སྐུ་མགྲོན)གཡུང་བསྟན་ལགས། ད་ལྟ་གོང་གི་གནས་ཚུལ་དེ་བཤད་ཡོང་དུས་དངོས་གནས་ང་ལས་ཁྱེད་རྒྱུས་མངའ་ཆེ་བ་འདུག ངས་ནི་ཚོད་ཚོད་ཀྱི་སྒོ་ནས་སྨྲས་པ་ཙམ་ལས་ང་རིན་པོ་ཆེ་ཟེར་བ་དེ་ལ་རྒྱུས་མངའ་མེད་ལ་མིང་ཙམ་ལས་ཤེས་ཀྱིན་མེད། ད་དུང་ཁོའི་དཔྱད་གཏམ་ཆ་ཚང་ལ་ལྟ་མྱོང་མེད། དངོས་གནས་ཁྱེད་ཀྱིས་གསུངས་པ་ལྟར་ང་རིན་པོ་ཆེ་ཟེར་བ་དེས་ང་ཚོའི་མགོན་སྐྱབས་རྣམས་དང་བོན་ལ་ལོག་སྨྲ་དེ་ལྟར་བཤད་པ་ཡིན་ན་ངས་ཁོང་ལ་མཐོང་བཞག་པ་དེ་ནོར་སོང་བ་རེད། བདེན་པའི་རྒྱལ་ཁ་ནི་ཁྱེད་ལ་ཡོད་ཡོད་པ་རེད། རང་ལུགས་པས།
 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/13 14:17:36 | By: 668888k ]
 
668888kཨོ། བོན་རང་ལུགས་འཛིན་པ་ལགས། ཁྱོ་རང་སུ་ཡིན་ན་དེ་ཡིན། ངས་ཁྱོད་ལ་རྩ་བཅོད་མེད། ཁྱོད་ཀྱིས་བཤད་དོན་ལ་ང་རིན་པོ་ཆེ་དང་། ཐོག་མདའ་དམར་པོ་རྣམས་ནི་ན་གཞོན་བོན་པོའི་ཤེས་ཡོན་ཅན་རེད་ལ་བོན་པོའི་མཚན་གཞི་ཡང་རེད་ཟེར་ན། ཐོག་མདའ་དམར་པོ་ཟེར་བ་དེ་ང་ཡི་གྲོགས་པོ་རེད་ལ་ངེད་གཉིས་ཕན་ཚུན་རྒྱུས་མངའ་ཡོད་པས་ཁྱོད་ཀྱིས་བཤད་པ་རྒྱག་མི་དགོས། ང་རིན་པོ་ཆེ་འམ་ཡ་བྲང་མ་བྲང་སུ་ཡིན་གང་ཡིན་གྱི་གཡུ་འབྲུག་ཟེར་བ་དེའི་ལྟ་བ་ནི་བོན་པོར་ལ་རྒྱ་ཡོད་ཟེར་བའི་གཏམ་དེ་མི་བཤོད་རོགས། ཁོ་པ་ནི་བོན་པོ་ལ། ལ་རྒྱ་ཕར་ཞོག ། བོན་ལ་ལོག་ལྟ་ཅན་ཞིག་ཡིན་པ་སྨྲོས་མ་དགོས། ཁོ་པའི་ཁ་ནས་གང་ཐོན་དང་། སེམས་ནས་གང་དྲན་གྱི་བོན་ལ་གཤེ་བསྐུར་བཏབ་པ་ཁྱོས་མ་རིག་གམ། དེང་དུས་སུའང་གཡུང་དྲུང་བོན་ལ་བཀའ་དྲིན་གཞལ་དུ་མེད་པ་དང་། ལྷག་པར་དུ་བོན་བསྟན་བཤད་སྒྲུབ་བསྟན་པའི་སྲོག་རྩ་འཛིན་མཁན་ཡོངས་རྫོགས་བསྟན་པའི་བདག་ཉིད་ཡོངས་འཛིན་སྨྲ་བའི་སེང་གེས་མདོ་བསྡུས་སྐུ་གསུམ་མེ་ལྷ་ལ་འབུལ་བའི་ལྟ་གོན་ལ་གཞོལ་བཞིན་འདུག །ཟེར་བ་དང་། ཡང་འཛམ་གླིང་མཁན་པའི་དབང་པོ་བོན་རྒྱ་རིན་པོ་ཆེས་རྫུན་གཏམ་བཤད་ཀྱིན་འདུག་མིའི་རིགས་ཀྱི་རིག་གནས་དར་ན་མི་ལོ་བདུན་སྟོང་ལས་བརྒལ་མེད་གཤེན་རབ་ཀྱིས་ཆིག་ཁྲིའི་གོང་དུ་ལྷ་འདྲེ་གདོན་བགེགས་ལ་བོན་བསྟན་པ་རེད་དམ་ཟེར་བའི་ལོག་ཚིག་ཧ་ཅང་ཚབ་ཆེ་བ་འདིས་ཁོ་པ་བོན་གྲལ་དུ་སུ་དང་གང་གིས་བཞགས་ཐབས་མེད་དོ། ཁྱོད་ཀྱིས་ཀྱང་འགེབ་སྲུང་ཐུབ་ཀྱི་མ་རེད།
གཡུང་བསྟན་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/11 16:12:47 | By: སྐུ་མགྲོན་Mr27Lx(སྐུ་མགྲོན) ]
 
སྐུ་མགྲོན་Mr27Lx(སྐུ་མགྲོན)ང་རིན་པོ་ཆེ་ཡིན་ན་འདྲ་ཡ་བྲང་གཡུ་འབྲུག་ཡིན་ན་འདྲ་ཁོང་དང་། ཐོག་མདའ་དམར་པོ་སོགས་ལ་དྭོགས་ཀྱི་དབང་གིས་ཁོང་རྣམ་གཉིས་ལ་ཞྭ་མོ་ནག་པོ་མ་གཡོགས་རོགས་གྱིས། དེ་ཚོ་བོན་གྱི་ཕོ་གསར་ནང་ནས་ཤེས་ཡོན་ཅན་གྱི་མཚན་གཞི་བཞག་རྒྱུ་རེ་གཉིས་ཙམ་ཞིག་ཡིན་པའི་ཚོར་སྣང་བྱུང་། ཁོང་ཚོས་བོན་ལ་བཅངས་པའི་བརྩེ་ཞེན་དེ་གཞན་དང་བསྡུར་ཐབས་བྲལ་འདུག གཡུང་དྲུང་བསྟན་རྒྱལ་ལགས་ཀྱི་ཟིན་བྲིས་གཤམ་གྱི་མཆན་འདེབས་མཁན་བོན་རང་ལུགས་འཛིན་པ་ཟེར་བ་དེ་ང་ཡིན་ཀྱང་མིང་དམར་རྗེན་འདོན་འདོད་མེད། ང་ཚོ་དུས་རྒྱུན་དུ་ལྷན་དུ་ཡོད། དེ་ཤེས་དགོས་པ་ལ་རྒྱུ་མཚན་གང་ཡང་མི་འདུག ངས་ཁོང་ལ་ཚིག་སྡུག་བ་གང་ཡང་སྨྲས་མེད་ལ་སྨྲ་དགོས་པའི་རྒྱུ་མཚན་ཀྱང་དེ་བས་མེད། དེ་ལས་ལྡོག་ཏེ་དེ་སྔོན་བོན་ལ་སྡང་ཟུག་བྱེད་མཁན་རེ་གཉིས་ཀྱི་ངོ་གདོང་ལ་ལང་སྟེ་དགག་བཞག་མང་པོ་བྱས་ཡོད་པ་ཁོ་བོས་གོ་ཐོས་བྱུང་རབས་ཀྱི་སྟེང་ནས་ཁོང་ལ་ཆེ་བསྟོད་བྱས་ཡོད། དེ་ཙམ་ཡིན། བོན་རང་ལུགས་འཛིན་པ་རྩད་གཅོད་ཡ་ལ་དགོས་པ་མེད་དོ་གྲོགས་པོ་ཚོ། 
 
 
Re:ནོར་འཁྲུལ་ངོས་འཛིན་ཐོབ་པའི་ལེགས་སྐྱེས།
[ 2011/11/11 14:28:50 | By: སྐུ་མགྲོན་s84Aqe(སྐུ་མགྲོན) ]
 
སྐུ་མགྲོན་s84Aqe(སྐུ་མགྲོན)གྲོགས་གཡུང་དྲུང་བསྟན་རྒྱལ་ལགས། ཁྱེད་ཀྱི་ཟིན་བྲིས་ལ་ཉེ་ཆར་བོན་རང་ལུགས་འཛིན་པ་ཟེར་བའི་ཟིང་སླང་མཁན་དེ་ནི་སྡེ་བརྒྱད་དྲེགས་པའི་གདུག་སེམས་ལས་བྱུང་བའི་ཐོག་མདའ་དམར་པོ་ཟེར་བ་དེ་ཡིན་བཟོ་ཆེ་འདུག། སྐྱ་རེངས་ནུ་བོས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 21:32:35 | By: 668888k ]
 
668888kབོན་རང་ལུགས་འཛིན་པ་ཟེར་བ་འདི་ནི་ཁར་སེང་གུས་པའི་ཟིན་བྲིས་ཐོག་ལ་ཕེབས་མྱོང་བའི་ང་རིན་པོ་ཆེ་ཟེར་བ་དེ་དང་ཧ་ཅང་གི་འདྲ་ པོ་འདུག །དོན་མེད་ཀྱི་རྙོག་འཛིང་སློང་རྒྱུ་ལ་དགའ་ཞེན་ཆེ་བ། ཕར་ལ་དྲིས་པའི་གཏམ་དེ་ལ་ཡ་ལེན་མེད་ལུགས་ལ་བརྟགས་ནས་རྟོགས་སོང་། ཆུ་ཕུགས་ནས་རྙོགས་མཁན་ཀླུ་བདུད་དང་། ཤིང་སྐེད་པ་གཅོག་ མཁན་དུག་སྦྲུལ་དེ་སུ་རེད་ལགས། མི་དྲན་དགུ་དྲན་རྒན་མོས་ལངས་གཅིན་དྲན། ཁྱེད་བོན་པོ་གཅིག་ཡིན་ན་ཁ་ནང་ལོག་ཏུ་མ་བསྐོར་ རོགས། ལུང་རིག་གི་སྨྲ་ལྕེ་དང་། རྣམ་དཔྱོད་ཀྱི་ཤེས་རབ་ཕུལ་བྱུང་ ཞིག་ཁྱེད་ལ་ཡོད་པ་ཡིན་ན་ངར་ ས་དང་བཤད་ས་ནི་བོན་པོ་ནང་ ཁུལ་ལ་མ་རེད་པས་དེ་དོན་ཐུགས་ལ་འཇག་པར་འཚལ།
གཡུང་བསྟན་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 21:11:27 | By: སྐུ་མགྲོན་rwn8Qd(སྐུ་མགྲོན) ]
 
སྐུ་མགྲོན་rwn8Qd(སྐུ་མགྲོན)བསྟོད་སྨད་གློག་དམར་འཁྱུག་འཁྱུག་གྱིས། །ཚིག་རྩོད་མདའ་མདུང་འཕེན་འཕེན་གྱིས། །ཀུ་ཅོ་ར་ལུག་འབར་འབར་གྱིས། །བོན་རང་ལུགས་ར་ཕོ་གསོད་གྱིས། །ཁྱེད་ཀྱིས་གསུངས་པ་ལྟར་ན་ངས་ཀྱང་ཚིག་བཤད་ཉེས་ཁུར་ཡོད་པ་འདྲ། དེས་ན་ཁྱེད་ལ་དགོངས་དག་ཐུགས་དག་ཞུ་ཚུལ་གྱི་འོད་སྡེར་ཞིག་འབུལ་དགོས་ཀྱི་ཡོད་འགྲོ། ཡིན་ན་ཡང་ཚིག་ཡག་ཉེས་དབྱེ་འབྱེད་ཀྱི་གོ་དོན་ཡག་པོ་ཧ་མ་གོ་ན་དེ་ཙམ་རང་ཡིན། གནས་སྐབས་ངོ་མའི་མིང་དེ་མ་ཤེས་ན་ང་གཉིས་གྲོགས་པོའི་རྒྱུན་དེ་རིང་ཡོང་། ང་ཁྱེད་ལ་ཞེད་བསྡད་པ་དང་ངོ་གནོང་དགོས་པ་གང་ཡང་མེད། བོན་རང་ལུགས་པས་འདི་ནས་མཚམས་བཞག་གོ།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 19:38:32 | By: སྐུ་མགྲོན་0fv3Ym(སྐུ་མགྲོན) ]
 
སྐུ་མགྲོན་0fv3Ym(སྐུ་མགྲོན)བོན་རང་ལུགས་འཛིན་པ་ཟེར་བ་དེ་ནི་ཁྱེད་ཀྱི་དངོས་མིང་རེད་དམ་ཁྱེད་ཀྱི་མཚན་ངོ་མ་དེ་གསུང་ཐབས་མེད་པའི་ངོ་གནོང་གང་ཡོད་པ་རེད། བོན་ལ་ལོག་བཤད་བྱེད་མཁན་མང་པོ་ཞིག་ལ་དག་འབུད་དང་གསལ་བཤད་བྱེད་རབས་འདུག་ཟེར་བ་དེ་ནི་ལོག་བཤད་མཁན་དེ་དག་ལ་འགེབ་སྲུང་བྱེད་ཀྱིན་འདུག་ཟེར་བ་མིན་ནམ། དེ་ལྟར་མིན་ན་གོང་གསལ་ཚིག་དེའི་གོ་དོན་ཁྱེད་ཀྱིས་འགྲེལ་བ་ཁ་གསལ་གཅིག་ཡོད་པ་མཁྱེན།གཡུང་བསྟན་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 19:28:04 | By: sherab ]
 
sherabཟིན་བྲིས་ཐོག་དུ་ཕེབས་མཁན་ཚང་མ་མཐོང་རྒྱ་ཆེན་པོ་དང་ཤེས་རྒྱ་ཆེན་པོ་ཡིན་པ་ཡིད་ཆེད་ཡོད།
ཡིན་ན་ཡང་གནས་ཚུལ་ཆུང་ཆུང་འདི་ལ་རྩོད་པ་རྒྱག་དགོས་ཀྱི་ཡོད་དམ།
ཚང་མའི་ཐུགས་ལ་དགོངས།
མཁས་ཚང་བུ་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 17:46:34 | By: triyungblog ]
 
triyungblogགྲོགས་པོ་ལགས། ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 1:43:53 | By: སྐུ་མགྲོན་017Hy4(སྐུ་མགྲོན) ]
 
སྐུ་མགྲོན་017Hy4(སྐུ་མགྲོན)གཤམ་འདི་ཡང་བསྐྱར་ཚར་གཅིག་གཟིགས་གནང་རོགས། དེ་ནས་ངས་ཁྱེད་ལ་ཟུར་སྨད་དང་ཡིད་མ་རངས་པའི་ཚུལ་ཚིག་གང་གིས་སྟོན་ཡོད་མེད་མཐོང་ཐུབ་པའི་རེ་བ་ཡོད། ཚིག་སྒྲུབ་སྔ་ཕྱི་གཉིས་མ་གཅོད་རོགས་གནང་། ༼ཁྱེད་ཀྱིས་ཀྱང་ལོག་བཤད་གནང་མཁན་མང་པོ་ཞིག་ལ་དག་འབུད་དང་གསལ་བཤད་མང་པོ་གནང་ཡོད་རབས་འདུག དེའི་སྟེང་ནས་ཁྱེད་ཀྱིས་རང་རེ་གཡུང་དྲུང་བོན་ལ་ལྷག་བསམ་ཇི་ལྟར་འཆང་ཡོད་མེད་མཚོན་ཐུབ་ཀྱི་རེད། གང་ལྟར་ཁྱེད་ལ་ཡང་ཁོ་བོ་མི་སྒེར་གྱིས་ངོས་ནས་ཐུགས་རྗེ་ཆེ་ཞུ།༽ བོན་རང་ལུགས་འཛིན་པས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/8 0:25:14 | By: སྐུ་མགྲོན་0GVi04(སྐུ་མགྲོན) ]
 
སྐུ་མགྲོན་0GVi04(སྐུ་མགྲོན)ཁྱེད་ཀྱིས་གསུང་ལ་བརྟགས་ན་བོན་ལ་བདེན་མེད་ལྷ་ལ་མཐུ་མེད་ ཟེར་བའི་བསྟན་དགྲ་དེ་ཚོ་ལ་གནས་སྐབས་ཀྱི་དགག་རྒྱག་བྱེད་ཉན་ གྱིན་མ་རེད། མི་སྨྲ་ལྐུག་པའི་བརྟུལ་ཤུགས་འཛིན་སྡད་ན་རང་ཚུགས་ཐུབ་ཡོང་གི་རེད་ལ་བསོད་ནམས་ཡང་བསགས་ཀྱིན་རེད་ཟེར་བ་ དེ་དང་། ཡང་ད་བཟོད་གསུང་མ་ཐག་པའི་བཀའ་སློབ་ལས་ཕྲན་ གྱིས་དེ་སྔོན་བོན་བསྟན་གཤེ་བསྐུར་འདེབས་མཁན་ལ་དག་ འབུད་དང་གསལ་བཤད་མང་པོ་ཞིག་བྱས་རབས་འདུག་ཞེས་གུས་ པས་བོན་ལ་ལྷག་བསམ་མེད་ལུགས་ཀྱི་ཞལ་གདམས་དེ་གཉིས་འགལ་ཟླ་མ་ཡིན་ནམ། འཇུག་ཏུ་བཀའ་སློབ་ཡོད་ན་མཚན་ངོ་མ་དེ་གསུང་ རོགས་གནང་།
གཡུང་བསྟན་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/7 22:56:04 | By: སྐུ་མགྲོན་0fv2YL(སྐུ་མགྲོན) ]
 
སྐུ་མགྲོན་0fv2YL(སྐུ་མགྲོན)ཁྱེད་ལ་བསམ་ཚུལ་ཙམ་ཡང་ཞུ་ས་མེད་པ་ཡིན་ནམ། དེ་འདྲ་ཡིན་ན་ནི་ངས་ཁྱེད་ལ་བསམ་པས་གདེང་འཇོག་གནང་སྟངས་དེ་ནོར་སོང་བ་འདྲ། མི་ལ་ཁ་ཕར་ཕྱོགས་ནས་བཤད་འདུག་རྒྱུ་ཙམ་མ་གཏོགས་རང་རྒྱུད་ལ་བློ་ཡངས་དཀྱེལ་ཆེ་གང་འདྲ་ཡོད་མེད་ཤེས་མ་སོང་། ངས་བོན་ལ་བཅངས་བའི་ལྷག་བསམ་དང་གྲུབ་འབྲས་སྟོན་ཤོག་གསུང་ཡོང་བ་ཡིན་ན། ཅུང་ཙམ་སྔ་དྲགས་སོང་། དེ་ནི་ངས་ལམ་སང་འདི་རེད་ཟེར་ནས་སྟོན་གྱིན་མིན། དེ་ལ་དངོས་པོའི་ཚད་འཇོག་ཐུབ་ཀྱི་མ་རེད། དེ་ཡང་ང་རང་གི་བསོད་མི་ལ་ངོམས་དུ་མེད་པའི་བསོད་ནམས་ཀྱི་དགེ་རྩ་ཞིག་རེད། ངས་ལྷག་བསམ་བཅང་སྟངས་ཞུས་ན་གནས་སྐབས་ཀྱི་དགག་རྒྱག་དང་ཁ་ཕོ་ཤེད་ཙམ་མ་རེད།ཚུགས་ཐུབ་དང་རང་བཞིན་ཡུན་གནས་ཀྱི་བོན་གྱི་གཟི་བརྗིད་ངོམས་ནས་མི་གཞན་ལྟར་སྤྱི་ཚོགས་ནང་རྩོད་ལེན་བྱེད་ཀྱི་རེད། ངས་ཁྱེད་ལ་གཏམ་གླེང་མོལ་ཚུལ་དེར་ཁྱེད་དགོངས་པ་འཚོམ་སོང་ན་ནི་དེ་ཙམ་རེད། རྗེས་ནས་ཞུ་མི་ཡོང་། ཧ་ཧ།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/7 22:28:34 | By: 668888k ]
 
668888kཁྱུང་པོ་དཔལ་རྒྱལ་གྱིས་དཀར་འདོན་བྱས་ཡོད་པ་ཡིན་ནའང་། དཔལ་རྒྱལ་གྱིས་དགག་ཡིག་བྲིས་པ་ངས་མ་མཐོང་། གུས་པས་གཡུང་དྲུང་བོན་ལ་ལྷག་བསམ་མཚོན་མིན་ཨ་དཔལ་བཟང་གི་ཟིན་བྲིས་དང་། དེ་བཞིན་དུ་རིན་སྤུངས་པའི་ཟིན་བྲིས་ལ་གཟིགས་དང་ཉི་ཕུན་གྱི་ལོག་རྟོག་མུན་སེལ་ཞེས་པའི་རྩོམ་ཐུང་དེས་ར་སྤྲོད་ཐུབ་པ་ཡོད། དེར་འཕྲོས་གཏམ་ལ་གཏམ་ལེན་དང་བུན་ལ་བུན་ལེན་དགོས་པ་འདི་ནི་འཇིག་རྟེན་པའི་འགྲོ་ལུགས་ཡིན་ལ་བཟང་ངན་དབྱེ་འབྱེད་མེད་ན་དགག་སྒྲུབ་བྱེད་པའི་དགོས་པ་ཅི་ཡོད། འོ་ན་ཁྱེད་ཀྱིས་བོན་ལ་ལྷག་བསམ་མཚོན་བྱེད་ཐུན་མོངས་མ་ཡིན་པ་དེ་མཇལ་ཁ་ཡོད་པ་ཞུ། གཡུང་དྲུང་བསྟན་རྒྱལ་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/7 22:09:34 | By: 668888k ]
 
668888kརང་སྐྱོན་ངོས་ལེན་བྱེད་པ་ལ་བསྟོད་བསྔགས་བྱེད་རྒྱུ་དང་།
རང་སྐྱོན་རང་གིས་ངོས་མི་ཟིན་པས་མ་ཚད་ད་དུང་ཀླད་རྙིང་མཁྲེགས་ བཟུང་གི་ཧམ་བཤད་མཐའ་སྐྱེལ་བྱེད་མཁན་ལ་དགག་རྒྱབ་བྱས་པ་ ཡིན་ན་རང་རེའི་ལ་རྒྱ་ཤོར་འགྲོ་བ་ཨི་ཡིན་ནམ།
གཡུང་བསྟན་ནས།
 
 
Re:ནོར་འཁྲུལ་ངོས་འཛིན་གྱི་ལེགས་སྐྱེས་འབུལ་བ།
[ 2011/11/7 21:39:06 | By: སྐུ་མགྲོན་028Iam(སྐུ་མགྲོན) ]
 
སྐུ་མགྲོན་028Iam(སྐུ་མགྲོན)ཚུལ་འདི་ཁ་སྔོན་དང་པོ་ནས་ཁྱུང་པོ་དཔལ་གྱིས་ཁྱབ་བསྒྲགས་བྱས་ཚར་སོང་། དྲ་འབྲེལ་ལྷན་རྒྱས་ཀྱིས་མཁྱེན་ཡོད་ངེས་རེད། ད་་་ཡང་བསྐྱར་ལབ་ཟློས་བྱས་བསྡད་ན་ཕན་ཐོགས་འདྲ་ཨི་ཡོད། ཁྱེད་ཀྱིས་ཀྱང་ལོག་བཤད་གནང་མཁན་མང་པོ་ཞིག་ལ་དག་འབུད་དང་གསལ་བཤད་མང་པོ་གནང་ཡོད་རབས་འདུག དེའི་སྟེང་ནས་ཁྱེད་ཀྱིས་རང་རེ་གཡུང་དྲུང་བོན་ལ་ལྷག་བསམ་ཇི་ལྟར་འཆང་ཡོད་མེད་མཚོན་ཐུབ་ཀྱི་རེད། གང་ལྟར་ཁྱེད་ལ་ཡང་ཁོ་བོ་མི་སྒེར་གྱིས་ངོས་ནས་ཐུགས་རྗེ་ཆེ་ཞུ། བོན་རང་ལུགས་འཛིན་པས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.