ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན། 
[ 2011/10/23 13:11:00 | By: དྲུང་ཤེལ ]
 

༧ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན། 

  སི་ཁྲོན་ཞིང་ཆེན།  དཀར་མཛེས་ཁུལ། དཔལ་ཡུལ་རྫོང་། ཧོར་པོ་ཤངའ།    ཀཿཐོག་དགོན་པར་ཡོད་པའི། མིག་རྒྱང་ལུག་གི་འཇུག་མ་ལས་ཐུང་ཞིང་། ཐོས་རྒྱ་ཁྲོན་པའི་སྦལ་པ་ལས་ཆུང་བའི་ཕུག་དཀྲུགས་འཁྱོགས་བཤད་མཁན་གྱི་བླུན་རྒན་ཚུར་བསྟན་ལ་བཤད་རྒྱུར། ཁྱོད་རང་འདི་ལོར་བདག་འཛིན་དུག་ལྔའི་དབལ་སོ་རབ་ཏུ་རྒྱས་ཏེ་ཀུན་གཞིའི་རྣམ་ཤེས་ལ་སྨྱོ་འབོག་ནད་ཀྱིས་ཟིན་པ་དང་། རྣམ་དཔྱོད་མཁྱེན་པའི་མིག་ཟུང་ལ་མ་རིག་པའི་ལིང་ཏོག་གིས་སྒྲིབ་ཏེ་བླང་དོར་འབྱེད་པའི་ཤེས་རབ་ཀྱི་སྣང་བ་ནུབ་པའི་དབང་གིས། ཉོན་མོངས་རང་ཁ་མ་ཁྱོད་ཀྱི་དམ་ལོག་ཁ་ཡིས་ཚིག་ལོག་བཤད་པའི་བརྙན་ཕབས་འོད་སྡེར་ཞིག་གི་ནང་དུ། ༼གངས་ཅན་མདོ་ཁམས་བསིལ་ལྡན་འཛིན་མའི་ཁྱོན། ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས། ནང་བའི་ཆོས་སྡེ་ཐོག་མ་ཀཿཐོག་ཆགས།༽ཟེར་བའི་རྨོངས་བཤད་ཕུང་དཀྲུགས་ཀྱི་ནད་ཡམས་འདི་གངས་ཅན་ཁ་བའི་ཞིང་འདིར་འཕྱུར་སྐབས་སུ།  རང་རེ་གངས་རི་དཀར་པོའི་འདབ་རོལ་དུ་ལང་ཚོའི་ཁོ་ལག་རྫོགས་ཤིང་། གངས་ཆབ་ཟེགས་མས་ལུས་སྟོབས་གསོས་པའི་ཤ་ཁྲག་གི་རུས་རྒྱུད་གཅིག་ལས་ཆད་ཅིང་། བརྩེ་སེམས་འོ་ཆུ་གཅིག་ཏུ་འདྲེས་པ་དང། ལས་དབང་སྐྱིད་སྡུག་གཅིག་ཏུ་གནས་པའི་གངས་རི་སྤུན་ཟླ་རྣམས་པའི།  བརྩེ་སེམས་དར་དཀར་མདུད་པ་ལ་ཉེས་ཅན་པ་ཁྱོད་ཀྱིས་ནག་ནོག་གི་དྲི་མ་བྱུག་པ་དང་། མཛའ་མཐུན་མི་འགྱུར་གཡུང་དྲུང་ལ་ཕུང་དཀྲུགས་མཁན་ཁྱོད་ཀྱིས་གཏོར་བཤིགས་ཀྱི་དུག་མདའ་འཕོངས་པ།  ཤ་ཁྲག་རུས་རྒྱུད་གཅིག་པའི་སྤུན་ཟླ་ལ་ཁྲེལ་མེད་ཁྱོད་ཀྱིས་བརྩེ་སེམས་འབྲེལ་བའི་སྲོག་ཐག་བཅད་པ་སོགས། ཕུང་རྒན་ཁྱོད་ཀྱི་དུག་གི་ཁ་ཕྲུ་དེ་རབ་དཀར་གངས་རིའི་ཞིང་འདིར་བཏབས་པའི་བྱ་ངན་གྱི་སྡིག་ཏོ་འདི་ཁྱོད་ཀྱིས་ཨི་རིག། ཁྱོད་ཀྱིས་དེ་དག་རིག་ན་འཇུག་འབྲས་བཟང་ངན་གང་འདྲ་བྱུང་མིན་བླུན་རྒན་ཁྱོད་ཀྱིས་ཨི་རྟོགས། དེ་དག་རྟོགས་ན་མིག་ཞར་ཁྱོད་ཀྱིས་བྱ་སྤྱོད་ངན་པ་དེའི་རང་འཁྲིའི་འགན་འཁྲི་ཅི་འདྲར་ཁུར་རྩིས་ཡོད་དམ། མ་ཟད་སྤུན་ཟླའི་བརྩེ་སེམས་ཀྱི་རྨ་ཁ་ཅི་འདྲར་གསོ་རྩིས་ཡོད། ཁ་བའི་ཕ་ཆོས་ནང་ཁུལ་གྱི་འགལ་འདུ་ཅི་འདྲར་བསྒྲིགས་རྩིས་ཡོད། ཉོན་ཅིག་གཏོར་བཤིགས་མཁན་གྱི་བླུན་རྨོངས་མགོ་འཐུམ་པ། ཁྱོད་ཀྱི་སྐྱག་ཚང་ལྟ་བུ་ཁ་སྒོ་ནས་སྐྱག་དྲི་བྲོ་བའི་གཏམ་བཤད་སྤེལ་དོན། ཕྱི་རོལ་གཤེན་གྱི་བསྟན་པ་ཟེར་བ་འདི། ཁྱོད་ཀྱི་ཁྱི་ཁས་འགྲེལ་བཤད་གཅིག་རྒྱོབས་དང་། འགྲོ་བ་ལྷ་དང་བཅས་པའི་༧སྐྱབས་མགོན་སྐལ་བཟང་རྣམ་འདྲེན་སྲིད་ཞིའི་མགོན་པོ་༧སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་༧རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གིས་སྲོལ་གཏོད་པའི་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འདི་ཉིད་ནི། གཞི་སྙིང་རྗེ་ཆེན་པོས་ཀུན་ནས་སློང་། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད། ལྟ་བ་ཡས་ནས་མར་ཕུབ། སྤྱོད་པ་མས་ནས་ཡར་འཛེགས་ཏེ།  ཁམས་གསུམ་འཁོར་བའི་སྐྱེ་དགུའི་སེམས་ཅན་ཐམས་ཅད་ཐར་མེད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་སྐྱབས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་ཐབས་ལམ་ཁྱད་པར་ཅན་ཉག་གཅིག་ཡིན། དེར་བརྟེན་སྟོན་པ་སངས་རྒྱས་བཀའ་དྲིན་ཅན་དེ་ཉིད་ཀྱིས་གདུལ་བྱའི་བློ་ཚོད་དང་བསྟུན་ཏེ་བོན་གྱི་སྒོ་མོ་ཕྱི་ནང་གསང་གསུམ། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་སྟོན་མཛད་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ། དམ་ལོག་ཁྱོད་ཀྱིས་གོ་ལོག་དང་ལྟ་ལོག་གང་འདྲར་འཛིན་གྱིས་ཡོད་དམ།  ཕྱོགས་ལྷུང་རུ་ཏྲ་ཅན་ཁྱོད་དང་ཁྱོད་འདྲ་ཉུང་ཤས་ཅན་གྱིས། གཡུང་དྲུང་བོན་ཆོས་འདི་ཉིད་ནང་པ་སངས་རྒྱས་པ་མ་ཡིན་ཞེས་པའི་སྒྲུབ་བྱེད་ཀྱི་རིག་པ་ཅི་འདྲ་ཞིག་ཡོད་དམ། དཔེར་ན་དེ་སྔོན་བན་བོན་སྤྱི་མཐུན་གྱིས་འདོད་དོན་ནི། ཕྱི་ནང་གྲུབ་མཐའི་ཁྱད་པར་འབྱེད་བྱེད་མཆོག་གསུམ་སྐྱབས་གནས་སུ་འཛིན་མིན་ལ་གཞིར་བཟུང་བ་དང་། ཡང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མིན་སོགས་ལ་གཞིར་འཛིན་པ་འདི་ཉིད་སྤྱི་མཚུངས་ཡིན་མོད། དེར་འཕྲོས་གངས་ཅན་ཁ་བའི་ཕ་ཆོས་༧མདོ་སྔགས་སེམས་གསུམ་མམ། ཕྱག་རྫོགས་དབུ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་ཆ་ཚང་བའི་སངས་རྒྱས་གཡུང་དྲུང་བོན་དང་། གསར་འབྱོར་དམ་པའི་ཆོས་ཡིན་པའི་གསང་སྔགས་ཀྱི་རིག་འཛིན་རྙིང་མ་བ། དཀའ་སྤྱད་སྒོམ་སྒྲུབ་ཀྱི་རྒྱལ་བ་བཀའ་རྒྱུད་པ། མཐའ་བྲལ་དབུ་མའི་དེད་དཔོན་དཔལ་ལྡན་ས་སྐྱ་བ་དང་། རི་བོ་དགེ་ལྡན་པ་སོགས་ནི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་དང་། སངས་རྒྱས་ཤཀྱ་ཐུབ་པ་རྣམ་གཉིས་ཀྱི་རིང་ལུགས་ཡིན་པས། སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ཆགས་ཡོད་པ་དང་། སངས་རྒྱས་ཀྱི་ཆོས་ལུགས་ཟེར་བ་ནི་སངས་རྒྱས་ཀྱིས་ཞལ་གསུངས་ལ་གོ་དགོས་པ་འདི་མངོན་སུམ་དུ་གྲུབ་ཡོད་མོད། དེང་དུས་སུའང་གོང་བཤད་ལྟར་ཕྱོགས་ལྷུང་ཅན་ཁག་གཅིག་གིས་སྔ་སྲོལ་གྱི་དམ་བཅའ་དེ་རིགས་དོར་ཞིང་། སངས་རྒྱས་ཀྱི་ཆོས་ལུགས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུང་པའི་ཆོས་རྒྱུད་གཅིག་པུ་ལ་གོ་དགོས་ཟེར་བའི་ལོང་བཤད་འདི་ཉིད་རང་མགོ་བརྡུང་བྱེད་ཀྱི་ཐོ་བ་ཁོ་ན་མ་ཡིན་ནམ། དཔེར་ན། དམ་ཆོས་ཡིན་པའི་སྔ་རབས་འདས་པའི་སྟོན་པ་སངས་རྒྱས་འོད་སྲུང་གི་བསྟན་པ་ཆོས་ཅན། སངས་རྒྱས་ཀྱི་ཆོས་ལུགས་མ་ཡིན་པ་ཐལ།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྟན་པ་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། ཡང་ན། མ་འོངས་སངས་རྒྱས་རྒྱལ་བ་བྱམས་པའི་བཀའ་ཆོས་ཅན།  སངས་རྒྱས་ཀྱི་ཆོས་ལུགས་མ་ཡིན་པ་ཐལ།  བཅོམ་ལྡན་འདས་ཀྱི་ཞལ་གསུངས་མ་ཡིན་པའི་ཕྱིར།  རྟགས་ཁྱབ་ཁས།  ཞེས་སོགས་སྒྲུབ་བྱེད་མང་ངོ་། འཇུག་ཏུ་བཤད་རྒྱུར་དམ་ཉམས་ཁྱོད་ཀྱིས་ཁྱི་ཁ་དམ་པོར་ཚུམས་དང་། གངས་ཅན་ཁ་བའི་མི་རིགས་འདི་ཉིད་སྤུན་ཟླའི་མཐུན་སྒྲིལ་གྱི་མཛའ་སེམས་ལ། ཁྱོད་ཀྱིས་གཏོར་བཤིགས་གཏོང་བའི་དུག་ཆབ་གང་སར་མི་གཏོར་བར་སྡུག་ཚོད་གཟུང་ན་མི་དགའ་འམ། ཉོན་དང་། ཁྱོད་ལ་དམ་ཉམས་ཟེར་པའི་སྒྲ་དེ་ཁྱོ་རང་གི་མགོ་སྟོད་རྣ་བས་ཐོས་སྐབས་སུ་ཁྱོད་ནི་མི་བཟོད་པའི་ང་རྒྱལ་ཞིག་ལང་སྲིད་མོད། ཡིནའང་ཁྱོད་རང་བློ་རྣལ་དུ་ཕོབས་ལ་ལེགས་པར་ཉོན་དང་། ངས་ལུང་རིག་གིས་ཁྱོད་ལ་ཁྱོད་རང་དམ་ཉམས་ཡིན་པ་ངོ་སྤྲོད་བྱེད་རྒྱུ། ཁྱོད་རང་ནི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཆོས་སྒོར་ཞུགས་ཁུལ་བྱེད་པའི་ཆོས་པའི་གཟུགས་བརྙན་ཞིག་ཡིན་པ་གང་ཞིག ཨོ་རྒྱན་རིན་པོ་ཆེའི་ཞལ་གསུངས་པདྨ་བཀའ་ཐང་ལས། ༼ཆོས་ཀྱི་རྩ་བ་བོན་ཐུག་པས། ཆོས་པས་བོན་གཤེ་དམ་ཚིག་ཉམས། དེ་ཡིས་རང་བསྟན་རང་གིས་བཤིགས།༽ཞེས་པའི་བཀའ་ལུང་བྱིན་བརླབས་ཅན་འདི་དམ་ལོག་ཁྱོད་འདྲའི་རིགས་ལ་དགོངས་ཏེ་གསུངས་པ་མ་ཡིན་ནམ།སྨྲས་པ། ཕྱི་ཚུལ༵་ཆོས་པའི་འདྲ་འབག་གྱོན་པ་ཙམ།  ནང་ཁྲིམ༵ས་ལོག་པ་དུག་ལྔའི་དབལ་ཆུ་ཁོལ།     རྒྱལ་བ༵སྟན་ཕུང་དཀྲུགས་ལྕེ་གཉིས་བོད་མིའི་འདྲེ། བདག་འ༵ཛིན་འདམ་དུ་བྱིང་འདི་སྙིང་རྗེའི་ཡུལ།                     ཞེས་གངས་ལྗོངས་༧གཤེན་བསྟན་༧བཀྲ་ཤིས་སྨན་རིའི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ནས།

 

 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/14 22:40:50 | By: སྐུ་མགྲོན་138Ld5(སྐུ་མགྲོན) ]
 
སྐུ་མགྲོན་138Ld5(སྐུ་མགྲོན)ཉེ་ཆར་ཁོ་བོ་ལས་དོན་ཙག་ཙིག་གིས་རྐྱེན་དུས་ཡུན་གང་འཚམས་ཅིག་གི་རིང་དྲྭ་བ་སྔོག་ཁོམ་མ་བྱུང་། དེ་རིང་དྲྭ་བ་སྔོག་སྐབས་ང་བདག་ལགས་ནས་ངས་ཉེ་སྔོན་ལན་ཁ་གསལ་དགོས་ཚུལ་གྱི་དྲི་བ་གཅིག་ལའང་ལན་བཏབ་མི་འདུག འོན་ཀྱང་ངས་ཉེ་སྔོན་ང་བདག་ལགས་ལ་དེང་སྐབས་ཕྱོགས་འཛིན་ཆེ་བའི་བན་དེ་འགའ་ཡིས་བོན་པོ་འདི་ནང་པ་ནས་འབུད་ཅི་ཐུབ་བྱ་བ་ལ་དམིགས་ཡུལ་དང་དགོས་པ་ཅི་ཡོད་རྗེས་སུ་གསལ་བཤད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།   

བྱས་ཙང་དོན་དངོས་རས་སུ་བོར་ཏེ་བོན་འདི་ནང་པ་མིན་ཚུལ་གྱི་བབ་ཅོལ་གང་སར་བསྒྲགས་མཁན་རྣམས་ཀྱི་དོག་པ་དང་སེམས་ཁྲལ་ཅི་ཡིན་ངས་གཤམ་དུ་གསལ་བཤད་བྱ་ཡི་ལེགས་པར་ཉོན་ལ་གལ་སྲིད་ཁྱོད་རང་དེ་ལྟ་བུའི་སེམས་ཁྲལ་དང་དྭོགས་པས་བསླད་རིགས་རེད་མི་འདུག་ན་རྒྱུ་མཚན་ཅི་ཡང་མེད་པར་མ་མཐའི་གྲོང་གི་སྲང་ཁྱི་བཞིན་དུ་དེའོ་དེའོ་ཞེས་མ་ཟུག་ན་ལེགས།

བྱབས་ཆུང་དག་གི་བློ་མི་བདེ་ས་གཤམ་གསལ།

གལ་སྲིད་གཡུང་དྲུང་གི་བོན་འདི་ནང་པར་ཁས་བླངས་ན། སྟོན་པ་གཤེན་རབ་ནི་ཤཀ་ཐུབ་ཀྱི་ཡར་སྔོན་དུ་བྱུང་བ་ཞིབ་འཇུག་པ་རྣམས་ལ་ཡོངས་གྲགས་སུ་གྱུར། བསྟན་པ་གཅིག་ལ་སྟོན་པ་གཉིས་དགོས་པ་མེད་པ་ནི་བན་བོན་གཉིས་ཀ་ཁ་མཐུན།  དེས་ན་ཤཀ་ཐུབ་ཀྱི་ཡར་སྔོན་དུ་ནང་བསྟན་ཡོད་ཚེ་ཤཀྱ་ཐུབ་པ་ནི་བསྐལ་པ་འདིའི་སྟོན་པ་རུ་ཁས་ལེན་མི་ཐུབ་ཅིང་དེ་ལྟར་དུ་ཐལ་ཚེ་ང་ཚོས་མི་ལོ་བརྒྱ་ཕྲག་འགའ་ཡི་རིང་ཨུ་ཚུགས་བྱས་པའི་རྩ་བའི་དམ་བཅའ་ཉམས་པར་འགྱུར་རོ་སྙམས་པའི་དོག་གཞི་དེས་རྨིང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བོན་ལ་སྡང་ཟུག་བྱས།
  
གཞན་ཡང་ཁས་ལ་རྒྱ་འཁྱེར་ཞིང་ཁོག་སྒོར་མོ་ཁོ་ན་རྔམ་མཁན་གྱི་ཉིང་ཤ་ཉིང་གིས་ཟ་བ་པོ་འགའ་ཞིག་གིས་ཆོས་ལུགས་བར་གྱི་འགལ་ཟླ་དེ་བོད་མཐུན་སྒྲིལ་གྱི་གོང་བུ་གཏོར་བྱེད་དང་སྟོབས་ཤུགས་དམའ་རུ་གཏོང་བྱེད་ཀྱི་ཐོ་བ་ལེགས་ཤོས་སུ་ཤེས་ཏེ་སྐྱི་གཡའ་བའི་ལག་ཆ་དེ་བེད་སྤྱོད་བཞིན་ཡོད་དོ། 
དེ་མིན་བན་དེའི་ཁ་ཕོར་ནི་བོན་པོས་འཕྲོག་ཀྱང་མི་ཐུབ་ལ་འཕྲོག་དྭོགས་ཀྱང་མི་དགོས་ན་རྟག་ཏུ་སྡང་ཟུག་དགོས་དོན་མེད་ལ་དེ་ལས་ལྡོག་སྟེ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོད་ཚེ་འདི་དང་ཕྱི་མ་གང་ལའང་ཕན་ཅི་ལ་མི་ཆེ།
ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/13 14:52:05 | By: སྐུ་མགྲོན་0fv2YL(སྐུ་མགྲོན) ]
 
སྐུ་མགྲོན་0fv2YL(སྐུ་མགྲོན)འོ་ཡ་གྲོགས་པོ་ཁྱེད་ཀྱི་བཅོས་མེད་ཀྱི་ལྷག་བསམ་དང་།དྲང་བདེན་གྱི་ཐད་ཀར་གྱི་རང་གཤིས་ལ་ངས་ནམ་ཡང་ཡིད་རང་ཡོད།འདྲེས་མའམ་ཕྱི་མ་ནང་ངམ་དགོས་པ་ཆུང་བའི་ཅ་ཟིང་གཏམ་ཉོབ་དེ་དག་བྲག་ཆ་བྲག་ལ་འཐབ་པ་ལྟ་བུ་ལ་གཅིག་གཅིིག་གཉིས་གཉིས་་ཡ་ལེན་མི་བྱེད་པ་མཁྱེན།དགོས་པའི་དུས་ལ་སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་གཡུང་དྲུང་བོན་གྱི་བསྟན་པའི་དོན་དུ་དེ་སྔོན་ལྟར་ལེགས་རྩོམ་ཡང་ཡང་སྤེལ་བའི་རེ་བ་ཞུ།གཙང་ཚ་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/13 12:17:01 | By: སྐུ་མགྲོན་027Iy4(སྐུ་མགྲོན) ]
 
སྐུ་མགྲོན་027Iy4(སྐུ་མགྲོན)འོ་ལགས་སོ། ཕ་ཆོས་གངས་རི་དཀར་པོའི་ཁོང་སེང་ན་འགྱིང་ཞིང་། ལ་རྒྱའི་གཡུ་རལ་སྔོན་མོ་དེ་ཕྱི་མིའི་སྟེང་ལ་ངོམ་པ་དང་། རྣམ་དཔྱོད་ཀྱི་ཤེས་རིག་ཡོད་པ་གཅིག་པུའི་མི་ཚད། གལ་པོ་ཆེའི་གནད་དོན་ལ་ཐུག་དུས་བསམ་ཕོད་པ་དང་བཤད་ཕོད་མདུན་དུ་མཆོང་ཕོད་པའི་རིག་པའི་དཔའ་བོ་གཙྭང་ཚ་པ་ལོས་བདེན།
ད་ལན་བདག་གི་ཧི་བོན་དྲྭ་ཚིག་ཐོག་ཏུ་ཟིན་བྲིས་གཅིག་གསར་དུ་སྤེལ་བ་ཡིན། དེ་ལས་འཕྲོས་ཏེ། སྤྲིན་མེད་པའི་ཡུལ་ནས་འབྲུག་གཅིག་གྲགས། དོན་མེད་པའི་རི་མགོ་ཐོག་གིས་གཏོར། གཟར་མེད་པའི་ས་ནས་རྦབ་གཅིག་འགྲིལ། དོན་མེད་པའི་མི་ཡིས་མགོ་བོ་རྙོག །་ཟེར་བ་ལྟར་མིང་མེད་པའི་བོན་པོ་ཡིན་མདོག་ཁག་གཅིག་གིས། གཅིག་ཤོར་དང་གཉིས་ཤོར་བྱེད་དེ་དོན་མེད་ཀྱི་རྩོད་རྙོག་ཁག་གཅིག་སློང་གི་འདུག །དཔེར་ན་ང་རིན་པོ་ཆེ་ཟེར་བ་དང་། ཡང་བོན་རང་ལུགས་འཛིན་པ་ཟེར་བ། ཡང་མིང་མེད་པའི་གཞན་ཞིག་བཅས་སོ། དེ་ཚོ་ནི་བོན་པོ་ཡིན་མདོག་བྱེད་པ་མ་གཏོགས། ང་རང་གི་བསམ་པ་ལ་བོན་པོ་ཡིན་ས་མ་རེད་བསམ་གྱིན་ཡོད། ད་ལེན་དམིགས་བསལ་སུ་ཁྱེད་ཀྱིས་གསུང་དོན་ལ་གཉན་ཆེན་ཐང་ལྷའི་མིང་འཛིན་འབྲོག་ཤོག་གི་གྲྭ་ཆུང་གཡུང་དྲུང་གཙུག་ཕུད་ལགས་ངེད་གཉིས་པོ་ནི་ཁ་ཕྱི་ལོག་ལ་བསྐོར་དགོས་པ་ལས་ནང་འཛིང་མི་ཉན་གསུང་པ་དེ་ཡི་རང་ཞུ། ཟུར་དུ་གྲྭ་ཆུང་གིས་གསུང་པ་ལ་ཤེར་བསྟན་གྱི་ངོས་ལེན་འདི་ཡང་དག་རེད་མི་འདུག་ལ། ལོག་བཤད་དེ་ནི་སྔོན་བཤད་ལྟར་འགྱུར་བ་ཕྱིན་མི་འདུག་བསམ་གྱིན་ཡོད་བཟོ་འདུག་མོད། རེད་དེ་ཁོ་པའི་གླུ་ཚིག་ལ་འགྱུར་བ་དངོས་གསལ་དོད་པོར་བྱུང་ཡོད། གང་ཞེ་ན། སྔོན་མའི་ཚིག་དེའི་གོ་དོན་ནི། ཕྱི་རོལ་གཤེན་གྱི་བསྟན་པ་ཟེར་བ་དེས་དངོས་སུམ་འཛེམས་མེད་ཀྱིས་གཤེན་བསྟན་ཕྱི་རོལ་མུ་སྟེགས་པ་རེད་ཟེར་བ་ལ་གོ་དགོས། རྗེས་མའི་འོད་སྡེར་གྱི་ནང་དོན་ལ་བསྒྱུར་བཅོས་གཏུགས་དོན་ནི། སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས། རིས་སུ་བཅད་དེ་དགྲ་རུ་མ་འཛིན་དང་། འཚེ་མེད་བའི་ཞི་བའི་ཐབས་ལམ་གཅིག་མཚུངས་རེད། ཞེས་དང་། ཡང་། གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་རྣམས། ཁ་བ་ཅན་གྱི་བཀའ་རྟགས་ཕྱག་རྒྱ་ལྔ། བོད་མིའི་ལས་དབང་ཇི་སྲིད་གནས་ཀྱི་བར། ཆོས་རྒྱུད་འདི་རྣམས་ཡུན་རིང་གནས་པར་སྨོན། ཞེས་པའི་ཚིག་འདིས་བོན་པོ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་ཟེར་བ་ཁ་གསལ་ཆེ་བའི་ཚིག་གཅིག་རེད། དཔེར་ན་ལུས་ཅན་ཀུན་ལ་འཚེ་བ་མེད་པ་དང་། ཕན་པ་དང་བདེ་བ་སྒྲུབ་བྱེད་ཀྱི་ཐབས་ལམ་ལ་བོན་བན་གཉིས་ནི་དབྱེ་བ་མེད་ཟེར་བ་ལ་གོ་དགོས། ད་དུང་གཡུང་དྲུང་གི་བོན་དང་གཅིག །དཔལ་ལྡན་ས་སྐྱ་བ་དང་གཉིས། རི་བོ་དགེ་ལྡན་པ་དང་གསུམ། རྒྱལ་བ་བཀའ་རྒྱུད་པ་དང་བཞི། དམ་ཆོས་རྙིང་མ་བ་ལྔ་ནི། གྲུབ་མཐའ་གཞན་ལས་ཁྱད་པར་དུ་འཕགས་པ་དང་ཁ་བ་གངས་ཅན་པའི་ཕ་ཆོས་ཡིན་ཞིང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་རྣམ་བཞི་ཁས་ལེན་བའི་གྲུབ་མཐའ་ལྔ་ནི་དོན་གཅིག་མིང་གི་རྣམ་གྲངས་འཛིན་པ་རེད་ཟེར་བ་ལ་གོ་དགོས། སངས་རྒྱས་ཆོས་ལུགས་ཟེར་བའི་གོ་དོན་དེ་བན་དེ་གཅིག་པུར་ཞེ་འདོད་འཛིན་མཁན་དེང་དུས་སུ་མང་པོ་རེད་ལ། དེ་ནི་བན་དེ་གཅིག་པུའི་མི་ཚད་ལ་ང་ཚོའི་བོན་པོའི་ནང་ཁུལ་དུཡང་ཆེས་མཐོ་བའི་མིང་འཛིན་ཁག་གཅིག་གིས་བཤད་དང་བཤོད་བཞིན་པའི་སྐབས་རེད། འདིའི་རིགས་ལ་ལམ་སེང་དུ་བསྒྱུར་བཅོས་མ་ཐུབ་ནའང་ང་ཚོས་ཡུན་རིང་གི་ངང་རྒྱུད་བསྲིང་ཏེ་ལུང་རིག་གིས་སྒྲུབ་དགོས་པ་ལ་ཡིད་ཐང་ཆད་དགོས་མེད་ཞུ། གྲུབ་མཐའི་ཐ་དམ་གཅིག་ཅིང་། སྐྱེས་ཡུལ་འཛའ་བཤེས་གཅིག་པའི་གཙུན་ཆུང་གཡུང་དྲུང་གཙུག་ཕུད་ལ་ངས་ཀྱང་མི་འདོད་པའི་རྩོད་པ་མིན་ལ་རྗེས་མར་ཡང་ཁོང་གི་དཔྱད་རྩོམ་ལ་རྒྱབ་བཅོལ་བྱེད་ཀྱི་ཡིན།
བོན་གྱི་དགེ་མིང་འཛིན་པ་གཡུང་བསྟན་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/13 11:09:10 | By: སྐུ་མགྲོན་NSJu4Y(སྐུ་མགྲོན) ]
 
སྐུ་མགྲོན་NSJu4Y(སྐུ་མགྲོན)གཡུང་དྲུང་བསྟན་རྒྱལ་གྱི་རྩོམ་ཡིག་འདི་སྤེལ་བའི་སྐབས་དེར་གཡུང་དྲུང་རྒྱལ་སྒྱུ་རྩལ་ཁང་དུ་ཤེར་བསྟན་སོགས་ཨ་མདོ་གླུ་བ་ཁ་ཤས་གདན་ཞུས་བྱས་འདུག་ལ་ཧོར་ཁྱུང་ན་གཞོན་ཁྱུ་གཅིག་གི་ཤེར་བསྟན་ངོ་གདོང་ལ་གཡུང་དྲུང་རི་མོ་འབྲི་རྩིས་བྱས་འདུག ངས་ཚུལ་དེ་ཕྱོགས་ཀར་གཉིས་རྐྱེན་ངན་མི་འབྱུང་བའི་ཁྱད་དུ་གླུ་མ་སྒྲོན་པེ་ལ་དགག་ཡིག་སྤྲད་པ་དང་གནས་ཚུལ་རྣམས་བཤད་པས་ཤེར་བསྟན་བར་ཆད་ལས་གྲོལ་དགག་ཡིག་དེས་བླ་མ་དང་གླུ་བ་གཉིས་ཀ་ལ་ནོར་བ་ངོས་འཛིན་གྱི་ཁ་ཕྱོགས་གསར་བསྟོད་རྒྱུ་རྐྱེན་ཤུག་ཆེན་བྱས་པ་རེད།ད་རེས་ངའི་ཕ་ཡུལ་གཅིག་པའི་སྙིང་ཉེའི་གྲོགས་པོ་གཉིས་ཀྱི་དེའི་སྐོར་དཔྱད་གཏམ་ཡོད་ན་དཔྱད་གཏམ་དེའི་ཁ་ཕྱོགས་འབྲི་གུང་དཀོན་མཆོག་གི་ཐོག་དུ་བསྒྱུར་རོག་གནང་།གཙང་ཚས་གུས་ཞབས་དང་བཅས་ཕུལ།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/13 10:13:34 | By: སྐུ་མགྲོན་NSJu4Y(སྐུ་མགྲོན) ]
 
སྐུ་མགྲོན་NSJu4Y(སྐུ་མགྲོན)འདིའི་སྐབས་ཤེར་བསྟན་དང་ང་ཚོའི་བར་ཁ་པར་ནང་རྩོད་པ་ཤོར་བ་མ་ཚད།བོད་པའི་ལས་དབང་བསམ་མཁན་དང་བོན་པོ་ཕལ་ཆེར་གྱི་སེམས་ལ་ཕོག་ཐུག་བྱུང་ཡོད་ལ་གླུ་བ་ཁོང་ལ་ཁ་འདྲེ་དང་གྱོང་གུས་ཕོག་ཡོད།གཞས་སྔོན་རྗེས་གཉིས་ཀ་རྩོམ་པ་པོ་ཀ་ཐོག་པ་རེད།དེའི་བར་དེར་ཡང་མཆོག་གསུམ་སྐྱབས་སུ་འཛིན་ཞིང་ལས་རྒྱུ་འབྲས་ཁས་ལེན་གྱི་ཡོད་ན་སྐྱབས་སུ་མཆི་ལྟ་བུའི་གོ་དོན་ཡོད་པའི་འོད་སྡེར་ཤེར་བསྟན་དང་ངེད་གཉིས་ཀའི་གྲོགས་པོ་སོག་རྫོང་ལྷ་སྲུང་ཆོས་གྲགས་༼དགེ་ལུགས་པ་༽ལ་རྒྱུད་སྟེ་ཤེར་བསྟན་གྱི་བསྐུལ་འདུག ངས་འདི་ལ་དེ་ཙམ་དག་འབུད་དམ་མཐོལ་བཤགས་མི་འདུག་བཤད་པ་ཡིན།དེ་རྗེས་ཆོས་གྲགས་གིས་་ཤེར་བསྟན་ནས་དགོངས་དག་ཞུ་རྒྱུའི་བློ་འདོད་འདུག་གང་འདྲ་དགོས་ཟེར།ངས་མདོ་སྨད་སྣང་ཞིག་དགོན་ངམ་ལྷ་སར་༧རྒྱལ་བ་གཤེན་ཚང་༧དྲུང་དུ་ཕྱིན་སྟེ་བཤགས་པ་དང་རྗེས་སུ་ཁ་གསལ་གོ་བདེའི་འོད་སྡེར་སྤེལ་ན་ཕན་ཐོག་ཡོང་སྲིད་བཤད་པ་ཡིན།དེ་ནས་ཤེར་བསྟན་ལྷ་སར་ཡོང་རྒྱུ་དང་ངས་རོགས་པ་བྱས་ཏེ་༧གཤེན་ཚང༧་མཇལ་རྒྱུ་སོགས་བྱས་ཀྱང་སླེབ་མ་སོང་།ཉིན་གཅིག་ཆོས་གྲགས་ཀྱི་གོས་ཆེན་དང་དར་ཀ་པར་ཆས་སོགས་ཁྱེར་སྟེ་གྲོགས་པོ་ང་གཉིས་ཤེར་བསྟན་ཚབ་དུ་གཤེན་རིན་པོ་ཆེ་མཇལ་དུ་འགྲོ།པར་མར་བསྐུལ་སྟེ་ཤེར་བསྟན་གི་ཆེད་བསྒྲིག་ནང་འཇོག་གི་ཡིན་ཟེར།ངས་གྲོགས་པོ་ལགས་་ཤེར་བསྟན་གྱིས་གནམ་ས་མི་ཤོང་བའི་ནག་ཉེས་དེ་ང་གཉིས་ཚབ་མི་ལོ་ཁོ་པ་ཡོང་འདོད་མེད་ན་འབྱུང་འགྱུར་གྱི་གནས་ཚུལ་ཤེས་འོང་བཤད་པ་ཡིན།དེ་རྗེས༼སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས་༽ཟེར་བའི་འོད་སྡེར་དེ་ཆོས་གྲགས་རྒྱུད་ང་ལ་སྤྲད་བྱུང་་ངེད་གཉིས་ཀྱི་ལྟས་རྗེས་གང་འདྲ་འདུག་ཟེར།ངས་༼ཨོ་ཙི་འདུག་ཡིན་ན་ད་དུང་ནང་ཚག་རྩིས་མི་འདུག་དཔེར་ན་༼དམ་པའི་ཆོས་དང་གཡུང་དྲུང་བོན་གྱི་ཆོས།༽ཟེར་བྲིས་ན་ཧ་ཅང་ཡག་པོ་འདུག བཤད་པ་ཡིན་ལ་མ་འོང་པར་ང་ཚོས་ཕན་ཚུན་མཐུན་ལམ་ལ་བསམ་གཞིག་བྱས་སྟེ་ང་ཚོས་འཁྲུག་པ་མཚམས་འཇོག་དང་གླུ་བ་ཁོང་གི་བོན་གྱི་གླུ་གཞས་གཏོང་བའི་རེ་བའང་བྱས་པ་ཡིན།གཙང་ཚས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/12 16:56:25 | By: སྐུ་མགྲོན་sWNa51(སྐུ་མགྲོན) ]
 
སྐུ་མགྲོན་sWNa51(སྐུ་མགྲོན)འོ་ལགས་སོ་གཉན་ཆེན་ཐང་ལྷ། ཀ༔ཐོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་གྱིས་བྱེད་ལས་ལ་བརྟེན་ཏེ་མགོ་ལོག་གི་ན་གཞོན་རྡུང་ལེན་བ་ཤེར་བསྟན་མདུན་དུ་ཐོན་ནས་རང་རེའི་ཆོས་ལུགས་ལ་དམའ་འབེབ་བྱས་པའི་འོད་སྡེར་ཞིག་གང་སར་འགྲིམས་སྤེལ་བྱས་པ་མཁྱེན་གསལ་རེད། དེར་འཕྲོས་རང་རེ་བོན་པོ་ཡོད་ཚད་ཀྱི་སེམས་ཁམས་དང་མི་འདོད་པའི་རྣམ་པ་གཅིག་ཤར་སྲིད་པ་རེད་ལ་ཤར་བ་ཡང་རེད། དེར་བརྟེན་རང་རེ་ཚང་མས་གཤེན་རབ་མཐུ་དང་དཔུང་ལ། ང་རོའི་སྒྲ་དང་ཆས་ཏེ་གཤེགས་དགོས་པ་ནི་ང་ཚོའི་ལྡོག་དུ་མེད་པའི་འོས་འགན་ཞིག་རེད་ལ་འགན་འཁྲི་ཡང་རེད། རྒྱུ་མཚན་དེ་ལས་དམིགས་ཏེ་ཨ་བྲས་ཆགས་ཚོད་ནི་མདའ་དང་། སྲེ་མོས་གྱི་ཆགས་ཚོད་གཞུ་ཟེར་བའི་དཔེ་ལྟར། ང་ཚོའི་ཕ་ཆོས་ཡིད་བཞིན་ནོར་བུ་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འདི་ལ་སྡང་པའི་དགྲ་དང་གནོད་པའི་བགེགས་སུ་དང་གང་བྱུང་ན་རང་གར་ཡན་པོར་དུ་བཞགས་ཐབས་མེད། ཤེར་བསྟན་དང་ཚུལ་བསྟན་གཉིས་གྱི་ཕྱོགས་ལྷུང་གི་འཁྱོགས་བཤད་དེ་ནི་བརྒྱ་ཆ་བརྒྱ་ཐམ་པའི་ངོས་ལེན་དང་གསལ་བཤད་མེད་ཀྱང་། ཁོ་ཚོ་ནས་དགོངས་དག་ཐུག་དག་ཟེར་བའི་འོད་སྡེར་དེ་ཡིས། ཁོ་ཚོ་ལ་གནོན་ཤུགས་ཤིག་ཐེབས་པ་སྨྲོས་མེད་རེད་པས། ང་ཚོས་ཀྱང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། སྤོབས་སེམས་ཀྱང་སྐྱེ་དགོས་པ་ཞིག་ལོས་ཡིན། སླད་མར་ཡང་། བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནེས་བྱས་ཀྱང་རུང་ཟེར་བ་ལྟར། རང་རེ་ཚོ་མཐོ་དམན་གྲགས་ཞན་ལ་མ་ལྟོས་པར། བོན་བསྟན་གཤེ་བསྐུར་འདེབས་མཁན་དག་ལ་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ན་ཡིན་ལུགས་དང་མིན་ལུགས་ཀྱིས་རྒྱུ་མཚན་ཚང་མས་བཤོད་དགོས་ལ། དེ་རིགས་ལ་དགག་རྒྱག་བྱེད་པའི་སྤོབ་པ་དང་བློ་གྲོས་སུ་ལ་ཡོད་ན་དེ་ཉིད་ནི་བསྟན་པ་འཛིན་པའི་སྐྱེས་བུ་ཁྱད་པར་པ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ དགོས།
བོན་བཤེས་གཡུང་བསྟན་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/10 14:02:12 | By: yongdrom ]
 
yongdromགཡུང་དྲུང་བསྟན་རྒྱལ་མཆོག་གིས་དཔྱད་ཐུང་ཞིག་འབྲི་བའི་གོ་སྐབས་གནང་བས་རྐྱེན་ཏེ་གང་དྲན་གྱི་ཚིག་འབྲུ་རེ་ཟུང་རྣམ་པ་ཚོའི་མཐོང་ཡུལ་དུ་འབུལ་བ་ལ། དེ་ཡང་མདོ་སྨད་གཡུ་རྩེའི་འདབས་ནས་སྐྱེས་པའི་ན་གཞོན་གླུ་པ་ཤེར་བསྟན་མཆོག་གིས་དེ་སྔོན་ཕྱི་རོལ་གཤེན་གྱི་བསྟན་དབང་བསྒྱུར་དུས་ནང་པའི་ཆོས་སྡེ་ཐོག་མ་ཞེས་པའི་ཚིག་འདི་ཁོང་གི་མགྲིན་ལམ་ནས་ཐོན་ཏེ་མདོ་སྟོད་སྨད་ཀྱི་ཡུལ་གྲུ་གང་སར་འཚོ་བའི་མི་རིགས་གྲངས་མང་གི་གོ་ཐོས་ཀྱི་ཡུལ་དུ་གྱུར་པ་ལ་ཉེ་ཆར་གཡུང་དྲུང་བོན་པོས་དགེ་བཤེས་དང་ཆེ་མཁས་རེ་ཟུང་ནས་དགག་ལན་གྱི་ཚུལ་དུ་སྐད་ཆ་འགའ་གསུངས་ཟིན་པའི་རྗེས་སུ་ཤེར་བསྟན་ནས་འོད་སྡེར་ཞིག་བརྒྱུད་དེ་སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས། །རིས་སུ་བཅད་དེ་དགྲ་རུ་མ་འཛིན་གནང་ཞེས་པའི་གཞས་ཚིག་ཅིག་སྙན་སྒྲོན་དུ་ཕུལ་བ་ལ། རིགས་དྲུག་ཆུ་ལ་མཐོང་སྣང་དྲུག་ཞེས་པ་ལྟར། གོང་གི་ཚིག་དེ་མི་རེ་འགའི་མཐོང་སྟང་ལ་ཡག་པོ་ཞིག་སེམས་ཤིང་། བདག་ལྟ་བུ་དོན་མེད་དོག་པ་ཆེ་བའི་བོན་པོ་རེ་ཟུང་གི་ཚིག་འདེ་ཐོག་མར་གོ་ནས་ཡག་པོ་ཞིག་བསམ་མྱོང་མེད། གང་ཞེ་ན། སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས། རིས་སུ་བཅད་དེ་དགྲ་རུ་མ་འཛིན་གནང་ཞེས་པའི་ཚིག་འདིའི་ནང་དུ་སངས་རྒྱས་ཀྱི་ཆོས་དང་གཡུང་བོན་གྱི་ཆོས་གཉིས་སོ་སོར་དབྱེ་འདུག་མོད། གལ་སྲིད་གཡུང་དྲུང་བོན་འདི་སངས་རྒྱས་ཀྱི་ཆོས་ལུགས་ཤིག་ཡིན་པར་འདོད་པའི་ནང་པ་ཞིག་ཡིན་ན་ཚིག་གཅིག་གི་ནང་དུ་འདི་གཉིས་དབྱེ་བ་འབྱེད་དགོས་པའི་རྒྱུ་མཚན་ཞིག་གཏན་ནས་མེད་པར་སྙམ། འདི་ལྟར་དབྱེ་བ་འབྱེད་སྟང་ལ་གཞིག་ན་གཞས་ཚིག་དེ་འབྲི་མཁན་ཁོང་དང་གཞས་པ་ཤེར་བསྟན་གཉིས་ལ་གཡུང་བོན་གྱི་ཆོས་འདི་སངས་རྒྱས་ཀྱིས་ཆོལ་གྲལ་ཏུ་མི་འཛིན་པའི་པའི་བག་ཆགས་ཤིག་ཡོད་པ་ཐག་གིས་ཆོད་པར་སེམས། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་བགྲོད་གླེང་གི་ཚུལ་སུ་གཏམ་ཐུང་འདི་ཙམ་ལས་འབྲི་རྒྱུ་མ་བྱུང་བས་རྗེས་སུ་སློབ་སྦྱང་གི་བར་གསེང་དུས་ཚོད་བདེ་མོ་རེ་བྱུང་ཚེ་ངོ་མ་འདི་དང་འབྲེལ་བའི་དཔྱད་ལན་ཞིག་འབྲི་བར་འདོད་ཀྱི་ཡོད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/7 22:42:52 | By: 668888k ]
 
668888kཤེར་བསྟན་གྱི་གཞས་ཚིག་ལ་སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས་ཞེས་པ་འདི་ལ་དགག་ལེན་མཛད་པའི་བློ་སྤོབས་ཡོད་ན་སུ་དང་གང་
གིས་བཀག་མཁན་མི་འདུག་ལ་དགག་རྩོམ་གནད་ལ་ཁེལ་བ་ཞིག་ཁྱེད་ཀྱིས་
འབྲི་རྒྱུའི་རེ་སྒུག་ཡོད་ལ་ཡིད་རངས་དང་རྒྱབ་བཅོལ་ཡང་ཡོད།
ཕྱི་སྐྱ་ཁྲ་ཧོར་པའི་དགྲ་ཐོབ་མེད་ཅིང་། ནང་ཁུ་ལིང་མ་ཡི་སྡུག་འཛིན་དེ་མེད་ན་ལོས་འགྲིགས། གཡུང་བསྟན་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/7 14:04:49 | By: yongdrom ]
 
yongdromགོང་གི་ཚིག་ལ་ལོགས་བཤད་དུ་བསམ་མཁན་ཞིག་གིས་ངོས་ནས་བཤད་ན། གོང་གི་གཞས་ཚིག་འདི་འདོན་མཁན་ཤེར་བསྟན་ནས་རྗེས་སུ་སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས་ཞེས་པའི་ཚིག་འདི་ཡང་ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས་ཞེས་པ་ལྟར་ལོགས་ཚིག་ཉེས་ཅན་ཞིག་རེད་འདུག་སྙམ།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/1 21:03:32 | By: 668888k ]
 
668888kགཡུང་དྲུང་གཙུག་ཕུད་ལགས། ཕེབས་པར་དགའ་བསུ་ཡོད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/11/1 13:38:44 | By: yongdrom ]
 
yongdromགཡུང་དྲུང་བསྟན་རྒྱལ་ལགས་རྗེས་སུ་ཟིན་ཐོ་སྤེལ་ཚེ་ཡིག་གཟུགས་ཅུང་ཞིག་ཆེ་དགོས་འདུག། བཀྲ་ཤིས་བདེ་ལེགས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/31 19:53:24 | By: སྐུ་མགྲོན་816Fwj(སྐུ་མགྲོན) ]
 
སྐུ་མགྲོན་816Fwj(སྐུ་མགྲོན)  བཞི  ༼རེད་དེ་ཧུམ་ཁུང་ལགས་ཧམ་འཚབ་མི་དགོས་ཏེ་ཐུབ་པ་སངས་རྒྱས་མཆོག་དང་། ཁ་ཆེའི་སྟོན་པ་ཨ་མུ་དེ། སྟོན་པ་ཡེ་ཤུ་དང་། རྒྱ་ནག་གི་ཁུང་ཙི་ཀུན་པོ་གཅིག་མཚུངས་སུ་ཞལ་ནས་གསུང་པ་འདིའོ་ཞེས་པ་ཞིག་ད་སྔོན་རྙེད་ནས་ཡོད་པ་མ་རེད་ལགས།༽ ཟེར།
   འདི་རུ་བཏགས་པའི་ཕྲན་གྱི་མིང་ནི་ཧོམ་ཁུང་ཡིན་པས་དེ་ཙམ་ཡང་མ་དཔྱད་པར་འོལ་ཚོད་དུ་སྨྲ་བ་ལ་བལྟས་ན་སྐུ་ཉིད་སྨྲ་འདོད་ཆེ་ཡང་གང་ལའང་ཞིབ་དུ་མི་བརྟགས་ཅིང་མི་དཔྱད་པར་རྒྱུ་མཚན་དང་རིག་པས་གྲུབ་པའི་གནད་འགག་རིག་མིན་ལ་མ་ལྟོས་པར་སྒྲུང་མཁན་གྱི་སྒྲུང་ལྟར་ཐོལ་ཐོལ་དུ་སྨྲ་བ་ནི་ཨེ་ཡིན། ཡང་ན་རྣམ་པ་ཀུན་ཏུ་ཡི་གེ་གཤར་མར་གཏགས་པ་ལ་ཁག་འགེལ་བར་འདོད་ན་ནི་ཁོལ་ཅིག  
  ཡང་སྐུ་ཉིད་ནས་ཕྲན་ལ་ཧམ་འཚབ་མི་དགོས་ཅེས་སྙིང་རྗེ་མདོག་གི་ཚིག་གཅིག་བཏོན་འདུག་མོད། ལར་ཧམ་འཚབ་ཅེས་པའི་ཚིག་དེ་གསར་བཟོ་བྱས་ཁུལ་ཡིན་པ་འདྲ། བོད་ཀྱི་དེ་སྔའི་བརྡ་སྤྲོད་ལ་འདི་འདྲ་མ་མཐོང་། གང་ལྟར་ཁྱེད་ཀྱི་ཞེ་འདོད་དུ་ཕྲན་ལ་སེམས་འཚབ་མི་དགོས་ཅེས་བསྐུལ་བ་ཡིན་ན་ནི་བདག་གིས་ཀྱང་སྐུ་ཉིད་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཅི་ནས་ཀྱང་མ་མཛད་ཞུ་རྒྱུ་ཡིན། མུ་མཐུད་ཡོད། ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/31 18:49:05 | By: སྐུ་མགྲོན་816Fwj(སྐུ་མགྲོན) ]
 
སྐུ་མགྲོན་816Fwj(སྐུ་མགྲོན)གསུམ  ༼གཤེན་རབ་ཀྱིས་གསུང་ནས་ཡོད་པ་གཅིག་ཀྱང་མེད༽ཟེར་བ་བདེན་པ་ཡིན་ཏེ་ད་ཡོད་བོན་པོའི་རིག་གཞུང་ནི་བོན་ལུགས་སུ་གཡུང་དྲུང་སེམས་དཔའ་དང་གཡུང་དྲུང་སེམས་དཔའི་སེམས་དཔའ་མཆོག་རྣམ་གྱིས་བསྡུས་ཤིང་བསྒྲིགས་པ་ཀུན་ཏུ་གྲགས་པས་སོ།༽ ཟེར། 
              སྙིང་རྗེ།
   སྐུ་ཉིད་ཀྱིས་ཆོས་ཕྱོགས་ཀྱི་མདོ་ཕལ་མོ་ཆེར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་ཉན་ཐོས་གང་ཞིག་གིས་གཏན་ལ་ཕབ་པའི་མདོ་སྡེ་དག་གི་དགོངས་དོན་ལ་དཔྱད་པ་ཙམ་ཡང་མ་བྱས་སམ། ཡང་ན་ཁྱོད་ཀྱིས་གཤེན་ལ་བཟུང་བའི་ལྟ་ཚུལ་ལྟར་ཤཀ་ལའང་དེ་ལྟར་ཡིན། ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/31 18:42:44 | By: སྐུ་མགྲོན་816Fwj(སྐུ་མགྲོན) ]
 
སྐུ་མགྲོན་816Fwj(སྐུ་མགྲོན)གཉིས   ༼བདག་གིས་གཏེར་དང་སྙན་རྒྱུད་ལས་བྱུང་བ་ཡིན་ན་ཁུངས་མེད་པའི་ལུགས་ཤིག་བཤད་དུ་མེད་ལ་གལ་ཏེ་སྐུ་ཉིད་ལ་ཁུངས་ཤིག་ངོ་སྤྲོད་དགོས་ན་དེ་ནི་ཐུབ་བསྟན་ཆོས་ལུགས་སོ།༽ཟེར།       ཁྱོད་ཀྱི་ལན་དེ་གསལ་པོ་ཞིག་མ་བྱུང་ཀྱང་ཕལ་ཆེར་བོན་གཏེར་སྙན་གཉིས་གང་རུང་དུ་གཏོགས་པ་ཐམས་ཅད་ཀྱི་ཁུངས་དེ་དམ་ཆོས་ལ་ཐུགས་ཡོད་མདོག་ཅིག་ཡིན་པ་འདྲ། འོ་ན་གྲི་གུམ་སྐབས་སུ་གཏེར་ལ་སྦས་པའི་བོན་སྡེ་དེ་དག་དུས་གང་དང་ལོ་ཙཱ་བ་སུ་ཞིག་གིས་རྒྱ་གར་ནས་བསྒྱུར་བ་ཡིན་པ་གསར་པོར་སྨྲོས་ཤིག ཡང་ན་བན་ཕྱོགས་སུ་ཡོངས་གྲགས་ལྷ་ཐོ་ཐོ་རིའི་སྐབས་སུ་ཆོས་དར་བའི་སྔ་ལྟས་ཙམ་ཞིག་དང་ཁྲི་སྲོང་སྐབས་སུ་རྦད་དེ་དར་བར་འདོད་པའི་ལོ་ཚིག་དེ་སྔ་སྣུར་བྱ་འདོད་པ་ཡིན། གལ་ཏེ་རྒྱུ་མཚན་དང་ལྡན་པ་ཞིག་ཁྱོད་ལ་བཤད་རྒྱུ་མེད་ཚེ་ཁྱོད་ཀྱིས་བདག་ལ་བཏབ་པའི་ལན་དེ་བློ་ལས་སུ་མ་རུང་བའི་བབ་ཅོལ་ཁོ་ནར་ཟད་དོ། 
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/31 15:50:50 | By: སྐུ་མགྲོན་t85Bs1(སྐུ་མགྲོན) ]
 
སྐུ་མགྲོན་t85Bs1(སྐུ་མགྲོན)ང་བདག་ལགས། ཁྱོད་ཀྱིས་ས་བཤད་རྡོ་བཤད་རང་སྐྱོན་གཡོལ་ཐབས་ཀྱི་ཐབས་ལམ་མ་འཚོལ། བོན་རྒན་ཧོམ་ཁུང་ལགས་ཀྱིས་ཞལ་གདམས་སམ་ལེགས་བཤད་ཟབ་མོ་འདི་ནི་ཁྱོད་ཀྱི་ལོག་རྟོག་སེལ་བའི་སྒྲོན་མེ་དང་། གཅོང་ནད་ཕན་པའི་བཟང་དྲུག་ཞིག་ཡིན་པས་དེ་དོན་སོམས་ཤིགས། བློ་ཕམ་པ་ཞིག་ལ་ཁྱོད་ཀྱིས་ད་དུང་བོན་བསྟན་པ་ལ་ཤ་ཞེན་ཡོད་ཁུལ། བོན་གྱི་མདུན་ལམ་ལྟ་ཁུལ་གྱི་གཡོ་གཟོ་དེ་སྐྱུར་ན་འགྲིགས། ཁྱོད་ཀྱིས་དུངས་སེམས་ཟབ་མོ་དེ་དག་ང་ཚོ་བོན་པོ་ལ་མི་དགོས། ཁྱོད་རང་ལོག་ལྟའི་བསླུ་བྲིད་དེ་དག་གིས་དམིགས་ཡུལ་ནི་དུས་ནམ་ཡང་འགྲུབ་ཀྱི་མ་རེད ། ཁྱོ་རང་འདྲ་བའི་བན་མིན་བོན་མིན། ལྷ་མིན་འདྲེ་མིན། ང་མིན་ཁོ་མིན། སྐྱ་མིན་སེར་མིན། ཕོ་ཡིན་མོ་མིན་གྱིས་གདམས་ངག་ནི་ངེད་བོན་པོ་ལ་མི་མཁོ། དམིགས་སུ་བཀར་དེ་བཤད་རྒྱུར། ར་བོན་པོ་གཉིས་དེ་རོགས་ལ་སྡང་ཟེར་བ་དེ་ཅུང་མཐད་དམ། གང་ཞེ་ན། ཁོ་པ་བོན་ལ་ལོག་ལྟ་སྐྱེས་པའི་གང་ཟག་ཞིག་ཡིན་པ་དང་བོན་ལ་སྒྲོ་བསྐུར་འདེབས་བཞིན་པ་སྐབས་རེད་པས་བོན་ཁུངས་སུ་བཞགས་མི་རུང་ངོ། གངས་མེས་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/31 0:03:47 | By: sacuo ]
 
sacuoཚིགས་སུ་བཅད་པ་བཅུ་དགུ་འདིས་བོན་ཕྲུག་ཚོ་ལ་གོ་བ་ཕྱིནས་སྤྲོད་ཀྱི་ཡིན་པས་ཤེས་པ་གྱིས་ཤིག

ཡར་གྱི་ཀ་བ་ཞིག་མར་ལ་འགྱེལ་བ།།
མར་གྱི་ཆུ་མོ་ཞིག་ཡར་ལ་མཆེད་པ།།
ལུས་ཀྱི་རིས་ངོས་ལ་ཟེར་འོད་འབར་བ།།
མི་ཐུང་དར་མ་འདི་གསོན་པའི་རྟགས་ཡིན།།

དུས་ཀྱི་དར་འཕྲུ་ཞིག་ཐོག་ན་ཕྱར་ཡོད།།
བརྟན་པའི་རི་བོ་ཞིག་པང་ན་བཟུང་ཡོད།།
རིག་པའི་འཁོར་ལོ་ཞིག་ཁོག་ན་བཅུག་ཡོད།།
བན་གཟུགས་ཕྱི་ལོག་ཏུ་ཐོན་པའི་བརྡ་ཡིན།།

ལྕགས་ཀྱི་མེ་ཏོག་གི་ཆར་བ་ཕབ་སོང༌།།
དུག་གི་ཁུ་བ་ཡི་མཆོད་པ་བཤམས་སོང༌།།
བདོག་པ་ནག་པོའི་རིགས་དག་པར་བྱས་པའི།།
ཡིག་ཐོགས་སྐྱེས་བུ་ཞིག་བདེན་པར་བཞེངས་ཡོད།།

བསམ་པ་སྒམ་འོག་ལ་བསྡུས་པའི་མི་དག།
ལྷག་བསམ་ཁ་ཤ་ལ་སྦྱར་བའི་མི་དག།
གུས་ལུགས་གོས་ཚུགས་ལ་མཛེས་པའི་མི་དག།
དམ་པས་ཐལ་ནང་དུ་གནའ་ནས་བཏབ་བཏང༌།།

རྒྱང་ནས་མདའ་མོ་འགའ་གྲལ་ལ་བསྒྲིགས་པའི།།
ལྐོག་ནས་གྲི་ཐུང་འགའ་གློ་ལ་བཙུགས་པའི།།
ཤེས་སྨྲ་མགོ་བདེ་ཚོའི་སྒལ་རུས་འཁྱོགས་པ།།
ཞྭ་མོའི་ལུང་ཁོག་ནས་དོན་གྱིས་ཤེས་ཡོད།།

མིག་ཟུང་བདག་པོ་ལ་ལྷེམ་ལྷེམ་གཏད་དེ།།
ལག་པ་གཞན་སྲོག་ལ་གང་འདོད་བསྲིངས་ཏེ།།
མཆོངས་ཤིག་རྒྱུགས་ཤིག་ལ་བྲེལ་བའི་ཧཱ་པ།།
རྒྱུགས་ཁྱི་ཁོ་ཐག་རང་ཡིན་པ་བརྗོད་ཡོད།།

ཚིག་སྐམ་བཞེངས་པ་དེ་མཁས་སར་ཨེ་འགྲོ།།
རང་སྒྲོག་མཐོ་བ་དེ་བཟང་སར་ཨེ་བརྩི།།
འདས་མ་ད་ལམ་ལ་བླ་ཚེ་གཡོན་པའི།།
ཝུ་བའི་མིའུ་ཐུང་ཚོ་སེམས་ལ་བཞག་མེད།།

འཛམ་བུའི་གླིང་ཆེན་ཁག་རྣ་ཐོས་ཙམ་ཞིག།
ཤར་ནུབ་གཞུང་ལུགས་ཁག་སྒྲ་བཤད་ཙམ་ཞིག།
དེབ་རྙིང་རྡུལ་མ་འགའ་ཡིད་ལ་བསྣམས་ནས།།
ཁ་ཕོ་ཆེ་ཆེ་ཞིག་བསྒྲགས་ཀྱང་ཅི་རེད།།

བཙོན་པའི་རང་སྐད་ཅིག་རང་ལ་དབང་ཡོད།།
མེ་ཡི་ཁོར་ཡུག་ཅིག་རང་གིས་འགོམས་ཡོད།།
རྡོ་བའི་སྙིང་སྟོབས་ཤིག་རྒྱུད་ལ་སྨིན་པའི།།
མདུན་གྱི་བུ་ལོ་ཁོང་བསྒུར་བར་དཀའ་ཚོད།།

སྣུམ་གྱི་རྩིས་ཐང་ཞིག་གང་གང་བཞག་ཟིན།།
དངུལ་གྱི་འདྲ་རིས་ཤིག་ཡིན་ཡིན་བཟོས་ཟིན།།
སྐུ་ངོའི་སྐུ་ཚེ་ཡི་རིན་དོད་ངོས་ནས།།
ཁྱི་མོ་བརྒྱ་ཕྲག་ཅིག་ཤོར་ཡང་མི་འབྲོ།།

བེམ་པོ་ཆབ་རོམ་གྱིས་བཟུང་སྣང་དྲན་མེད།།
སྙིང་ཁ་དར་དམར་གྱིས་གཡོགས་པའི་གཞི་མེད།།
དབྱིངས་དེ་རྨི་ལམ་གྱི་རྩལ་ལ་རོལ་ནུས།།
འོད་དེ་ཤེས་རབ་ཀྱི་སྦུབས་ལ་འདྲེན་ཐུབ།།
འོག་མར་འཐུད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 23:53:11 | By: སྐུ་མགྲོན་1IYl1P(སྐུ་མགྲོན) ]
 
སྐུ་མགྲོན་1IYl1P(སྐུ་མགྲོན)གོང་གསལ་དགེ་ཆོས་མཆོག་གི་ལུང་དེའི་འཕྲོ་མཐུད། དེར་བརྟེན་ངེད་འདིར་འདུས་ཀྱི་དྲྭ་རོགས་རྣམས་ཀྱི་རྩ་བའི་གླེང་བྱ་ནི་བོན་འདི་ནང་པ་སངས་རྒྱས་པ་ཡིན་མིན་ལས་འཕྲོས་ཏེ་དཔྱད་གླེངས་བྱས་དང་བྱ་མུས་ལ་སྐུ་ཉིད་ལ་རྒྱུ་མཚན་གྱིས་གྲུབ་པའི་རྩ་དམ་ཞིག་མེད་སྟབས་མདའ་ཤར་དང་འབེན་ནུབ་ཟེར་བའི་དཔེ་ཟླར་ཡང་མི་འགྲོ་བའི་ངེས་པ་གང་ཡང་མི་འདུག
དེ་ཡང་ཉིད་ཀྱིས་ཕྲན་ལ་བཏབ་པའི་ལན་དུ།
 གཅིག  ༼ལར་བོན་པོ་གླེང་དུས་བན་དེ་གླེང་བའི་དགོས་པ་མེད་ནའང་བན་དེ་མ་གླེང་ན་བོན་པོའི་རང་རྐང་འོར་ཉེན་འདུག་པས་དགོས་པ་ཡོད་ན་ཐང་།༽ ཞེས་པའི་གོ་དོན་ཅི་ཡིན་གསལ་པོ་མ་བྱུང་བས་གསལ་ཁ་ཞིག་ཡོད་པ་ཞུ། ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 23:52:48 | By: sacuo ]
 
sacuoབྱམས་ལ་སྐྱེས་ཕོ་ཡི་གཤོག་པ་ཐོགས་ཡོད།།
བདེན་ལ་མི་རིགས་ཀྱི་ཟུར་ཁ་བསྟར་ཡོད།།
ཆགས་པ་ཁྲག་འཚོ་ལ་བརྒྱུས་པའི་མི་ཡིན།།
འདོད་པ་ཚུལ་བརྒལ་གྱིས་ལེན་པའི་མི་ཡིན།།

མོ་དྲི་མཛེས་པ་ཞིག་རྩ་ལ་ཟུག་ཅིང༌།།
མཆི་མ་སླ་མོ་ཞིག་སྙིང་ལ་འགྲུལ་འགྲུལ།།
རྒྱལ་ཕམ་འཁྲུགས་སློང་གི་རིག་འཐབ་དཀྱིལ་ན།།
ཁྱོད་ཉིད་བསླེབས་པ་བཞིན་ང་ཡང་ཡོད་ཟེར།།

དུས་ལ་འོས་པ་ཡི་གནད་དོན་ཁྱེར་ཡོད།།
སྒེར་ལ་ལྡན་པ་ཡི་ལྟ་ཚུལ་བརྐྱངས་ཡོད།།
བོད་ལུང་ཆུང་ཆུང་འདིའི་སྤྱི་ཚོགས་ཡོད་ཚད།།
རང་ལག་རང་མཐིལ་ན་རིས་སུ་ཕབ་ཡོད།།

ཕྱགས་མའི་རིན་ཐང་ལས་གོང་ལ་ལྡང་ནི།།
འགེབས་པའི་རས་ཡུག་ལས་ཟུར་ལ་བུད་ནི།།
མུན་པ་མུན་ཟས་སུ་བཟའ་བའི་མི་གདོན།།
རྩ་ཐང་ནམ་མཁའ་ལ་བསྙེགས་ནས་བསྡད་བཞག།

ཁྲག་གི་བཤུལ་རྗེས་དག་རྒྱབ་ལ་བཅོལ་མེད།།
རེ་བའི་སྒྲུང་རིང་རྣམས་འཇའ་རུ་ཐུག་མེད།།
གླུ་སྐད་གསར་བ་ཞིག་མདུན་ལ་བཀུག་ནས།།
ཐང་ལ་བརྡབས་པ་ནས་གནམ་ལ་ལངས་ཡོང༌།།

དེང་གི་གོམས་པ་ལ་ང་རྒྱལ་བྲིས་ཨོ།།
སྟོབས་ཀྱི་མཁའ་དབུགས་ལ་གསང་བ་བཤད་ཨོ།།
བཙན་པོའི་དགོད་གཏམ་ལ་གཟི་བརྗིད་བརྩིས་ཨོ།།
ས་གཤེད་ནག་ནག་ཏུ་གསེར་ཏོག་སྐྱེས་ཨོ།།

དེབ་ཀྱིས་ཤོག་ཤོག་གི་འབོད་པ་བྱེད་ཉིན།།
དྲྭ་བས་སྡོད་སྡོད་ཀྱི་རེ་ཞུ་སྐུར་ཉིན།།
ཡི་གེ་རུས་ཚུགས་ལ་འཕོས་པའི་སྐུ་ཆེན།།
མི་ཡུལ་འགྲོ་ས་རུ་བརློམས་ནས་བཞུགས་ཚར།།

རྩོད་པ་མཚམ་མཚམས་སུ་གཞག་ན་དགའ་ཡོད།།
ཕམ་པའི་ཁུར་པོ་དེ་བདག་གིས་ཁུར་ཉིན།།
མི་ཡུལ་སྐྱ་བོ་ལ་བལྟས་པ་དོན་མེད།།
གཤིན་རྗེ་ཁྲིམས་ར་རུ་ང་ཉིད་མཆི་འགྲོ།།

ཐེངས་འདིར་སྙིང་གྲོགས་སྒོ་ལགས་ཀྱིས་ཚིག་འགའ་གཡར་ཏེ་ཅིག་འགྲིག་མ་སོང་དང་གཉིས་ནོར་འདུག་ཟེར་བར་དགའ་བའི་བོན་ཕྲུག་དག་ལ་བརྡ་ཙམ་རྒྱབ་པ་ཡིན། ཐེངས་འདི་བོན་ཕྲུག་ཚོས་རྩོམ་ལུས་འདི་ཡི་ཕྱི་ནང་ཀུན་ནས་ཀློག་ཐུབ་པར་གྱུར་ཅིག ཀློག་ནས་ཀྱང་དོན་གོ་བར་གྱུར་ཅིག བརྡ་རྙེད་པར་གྱུར་ཅིག རང་ངོ་ཟིན་པར་གྱུར་ཅིག གཞན་ངོ་འཕྲོད་པར་གྱུར་ཅིག མ་གཞི་ནས་གུས་པོར་ང་དང་བདག་ཡོད་ཕྱིར་ཁྱད་འཕགས་རྩོམ་ཆོས་འདི་ལས་གཞན་དུ་ཅི་ཡང་མི་དམིགས་པས་འདིས་ཀྱང་བསྔོ་བ་དང་སྨོན་ལམ་བྱས་པ་ཡིན་ནོ།
ང་རིན་པོ་ཆེས།

 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 23:34:54 | By: ང་། ]
 
ང་།1ཡར་གྱི་ཀ་བ་ཞིག་མར་ལ་འགྱེལ་བ།།
མར་གྱི་ཆུ་མོ་ཞིག་ཡར་ལ་མཆེད་པ།།
ལུས་ཀྱི་རིས་ངོས་ལ་ཟེར་འོད་འབར་བ།།
མི་ཐུང་དར་མ་འདི་གསོན་པའི་རྟགས་ཡིན།།

དུས་ཀྱི་དར་འཕྲུ་ཞིག་ཐོག་ན་ཕྱར་ཡོད།།
བརྟན་པའི་རི་བོ་ཞིག་པང་ན་བཟུང་ཡོད།།
རིག་པའི་འཁོར་ལོ་ཞིག་ཁོག་ན་བཅུག་ཡོད།།
བན་གཟུགས་ཕྱི་ལོག་ཏུ་ཐོན་པའི་བརྡ་ཡིན།།

ལྕགས་ཀྱི་མེ་ཏོག་གི་ཆར་བ་ཕབ་སོང༌།།
དུག་གི་ཁུ་བ་ཡི་མཆོད་པ་བཤམས་སོང༌།།
བདོག་པ་ནག་པོའི་རིགས་དག་པར་བྱས་པའི།།
ཡིག་ཐོགས་སྐྱེས་བུ་ཞིག་བདེན་པར་བཞེངས་ཡོད།།

བསམ་པ་སྒམ་འོག་ལ་བསྡུས་པའི་མི་དག།
ལྷག་བསམ་ཁ་ཤ་ལ་སྦྱར་བའི་མི་དག།
གུས་ལུགས་གོས་ཚུགས་ལ་མཛེས་པའི་མི་དག།
དམ་པས་ཐལ་ནང་དུ་གནའ་ནས་བཏབ་བཏང༌།།

རྒྱང་ནས་མདའ་མོ་འགའ་གྲལ་ལ་བསྒྲིགས་པའི།།
ལྐོག་ནས་གྲི་ཐུང་འགའ་གློ་ལ་བཙུགས་པའི།།
ཤེས་སྨྲ་མགོ་བདེ་ཚོའི་སྒལ་རུས་འཁྱོགས་པ།།
ཞྭ་མོའི་ལུང་ཁོག་ནས་དོན་གྱིས་ཤེས་ཡོད།།

མིག་ཟུང་བདག་པོ་ལ་ལྷེམ་ལྷེམ་གཏད་དེ།།
ལག་པ་གཞན་སྲོག་ལ་གང་འདོད་བསྲིངས་ཏེ།།
མཆོངས་ཤིག་རྒྱུགས་ཤིག་ལ་བྲེལ་བའི་ཧཱ་པ།།
རྒྱུགས་ཁྱི་ཁོ་ཐག་རང་ཡིན་པ་བརྗོད་ཡོད།།

ཚིག་སྐམ་བཞེངས་པ་དེ་མཁས་སར་ཨེ་འགྲོ།།
རང་སྒྲོག་མཐོ་བ་དེ་བཟང་སར་ཨེ་བརྩི།།
འདས་མ་ད་ལམ་ལ་བླ་ཚེ་གཡོན་པའི།།
ཝུ་བའི་མིའུ་ཐུང་ཚོ་སེམས་ལ་བཞག་མེད།།

འཛམ་བུའི་གླིང་ཆེན་ཁག་རྣ་ཐོས་ཙམ་ཞིག།
ཤར་ནུབ་གཞུང་ལུགས་ཁག་སྒྲ་བཤད་ཙམ་ཞིག།
དེབ་རྙིང་རྡུལ་མ་འགའ་ཡིད་ལ་བསྣམས་ནས།།
ཁ་ཕོ་ཆེ་ཆེ་ཞིག་བསྒྲགས་ཀྱང་ཅི་རེད།།

བཙོན་པའི་རང་སྐད་ཅིག་རང་ལ་དབང་ཡོད།།
མེ་ཡི་ཁོར་ཡུག་ཅིག་རང་གིས་འགོམས་ཡོད།།
རྡོ་བའི་སྙིང་སྟོབས་ཤིག་རྒྱུད་ལ་སྨིན་པའི།།
མདུན་གྱི་བུ་ལོ་ཁོང་བསྒུར་བར་དཀའ་ཚོད།།

སྣུམ་གྱི་རྩིས་ཐང་ཞིག་གང་གང་བཞག་ཟིན།།
དངུལ་གྱི་འདྲ་རིས་ཤིག་ཡིན་ཡིན་བཟོས་ཟིན།།
སྐུ་ངོའི་སྐུ་ཚེ་ཡི་རིན་དོད་ངོས་ནས།།
ཁྱི་མོ་བརྒྱ་ཕྲག་ཅིག་ཤོར་ཡང་མི་འབྲོ།།

བེམ་པོ་ཆབ་རོམ་གྱིས་བཟུང་སྣང་དྲན་མེད།།
སྙིང་ཁ་དར་དམར་གྱིས་གཡོགས་པའི་གཞི་མེད།།
དབྱིངས་དེ་རྨི་ལམ་གྱི་རྩལ་ལ་རོལ་ནུས།།
འོད་དེ་ཤེས་རབ་ཀྱི་སྦུབས་ལ་འདྲེན་ཐུབ།།

 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 21:36:23 | By: སྐུ་མགྲོན་Nsi7MY(སྐུ་མགྲོན) ]
 
སྐུ་མགྲོན་Nsi7MY(སྐུ་མགྲོན)འཕྲོས། ང་རིན་པོ་ཆེ་ཞེས་པ་འདིས་མཐར་སྡོམ་བརྗོད་འདོད་པ་དང་། ཁོའི་རེ་བ་ཉག་གཅིག་ནི་བོད་འདི་ཆོས་མེད་སྨྲ་བའི་རིང་ལུགས་ཤིག་ཏུ་འགྱུར་ཐབས་དང་། ལྷ་དང་འདྲེ་ཞེས་དངོས་མེད་ཅིག་ཏུ་ངོས་འཛིན་མེད་པ་མ་ཟད་ཚེ་སྔ་འཕྱི་དང་། ལས་རྒྱུ་འབྲས་ལ་ཞོར་དུ་བསྐུར་པ་བཏབས་ནས། བདེ་བ་ཅན་ཞེས་པ་དང་། སངས་རྒྱས་ཞེས་པ། དེ་ཚོས་གསུང་པའི་ཆོས་དང་། བཀའ་རྟགས་གང་ལ་ཡང་ཡིད་ཆེས་དང་བློ་གཏད་མེད་པའི་ཀླ་ཀློའི་མི་རིགས་ཤིག་ཏུ་འགྲུབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པ་དེ་རེད་འདུག ད་དུང་འགག་རྩ་གཞན་ཞིག་ལ་ཁོས་འདོད་པ་ནི་བོན་ཆོས་བདེན་མེད་དུ་འགྲུབ་ཐབས་དང་། ནང་མཐུན་འགལ་ཟླ་བཟོ་རྒྱུའི་བསམ་བློ་ངོ་མ་ཡོད་འདུག་པ་མ་ཟད། བྱས་རྗེས་རྟ་རྔ་ཙམ་མེད་པར་འུད་གཏམ་གནམ་ས་གང་བ་སྒྲོག་བཞིན་འདུག་པ་དེ་རེད། ཆེད་དུ་ཁོ་ཡི་ཞེ་འདོད་དང་རེ་ལྟོས་གཅིག་ནི་མི་ཆེན་བླ་ཆེན་རྣམས་ཟུར་དུ་དམན་སར་འཇོག་ཞོར་རང་ཉིད་མཐོ་སྒང་དུ་འཛེག་འདོད་ཀྱི་ཧམ་སེམས་ཡོད་འདུག་པ་སྟེ་ཧམ་བཤད་རི་ཙམ་བྱས་ན་བདེན་པ་གཡག་ཙམ་ཐོབ་པའི་དཔེ་ངན་ལག་ཏུ་བླངས་ནས་འདུག ལྟོས་དང་ཁོའི་ཁ་ནས་ཐོན་པའི་ཚིག་དམར་རྗེན་ཏེ་སྨན་རིའི་སློབ་དཔོན་གྱིས་མདོར་བསྡུས་མེ་ཞལ་དུ་བསྟིམ་རྒྱུའི་སྟ་གོན་བྱས་འདུག་ཟེར། དེ་ནི་ཚིག་ཆུང་ཆུང་ཞིག་ག་ལ་སྟེ་འདི་འདྲ་ལབ་པར་ཁོ་ལ་རྒྱུ་མཚན་དང་དམིགས་ཡུལ་ཞིག་ངེས་ཅན་ཡོད་རྒྱུ་རེད། ཚིག་གང་ཞིག་ལབ་ཀྱིན་ཡོད་མེད་འགན་འཁུར་ཡོད་པའི་སྒོ་ནས་མཐའ་སྐྱེལ་དགོས་པ་ལས་རང་སྣང་གང་ཤར་གྱིས་གོ་བྱུང་རིག་བྱུང་ཡིན་ས་རེད་ཅེས་པ་ལྟ་བུའི་ངན་པ་ལོང་ཤོར་གྱི་ཚིག་རྐྱང་པ་ཡིན་ན་དེ་ནི་སྤྱི་ཚོགས་ལ་དཀྲུག་ཤིང་དང་འཆམ་མཐུན་གྱི་བདེ་རྩ་འཁྲོག་པའི་དུག་ལྕེ་ངོ་དམར་ཞིག་ཡིན་པ་ངོ་ཤེས་པར་གྱིས། བོད་མི་རིགས་ཀྱི་ཤེས་རིག་གི་སྲོག་རྩ་འཛིན་མཁན་༧སྐྱབས་རྗེ་སྨན་སློབ་མཆོག་གིས་མདོར་བསྡུས་མེ་ཞལ་དུ་བསྟིམ་རྒྱུ་ཕར་ཞོགས། མདོར་བསྡུས་ཀྱི་ལེའུ་ཚན་རེ་རེ་བཞིན་ལ་གསལ་བྱེད་ཀྱི་ལྡེ་མིག་གནང་ཡོད་པ་ཁྱོད་ཀྱིས་མ་ཤེས་སམ། བླ་ཆེན་དྲན་པས། ར་བར་མ་ཕྱིན་རྩེ་ལ་སྙད་འདོགས་ཨང་།
ཞེས་པའི་གདམ་ངག་དེ་ངོ་མ་འདི་དང་འདི་ལྟ་བུ་ཞིག་ལ་གསུངས་པ་ལོས་ཡིན་ནོ།། ཞེས་དབུགས་གང་གི་ནང་དུ་བོན་རང་ལུགས་པས་ཧྲིལ།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 21:35:03 | By: སྐུ་མགྲོན་Nsi7MY(སྐུ་མགྲོན) ]
 
སྐུ་མགྲོན་Nsi7MY(སྐུ་མགྲོན)སྐབས་འདིར་མཆན་ཞིག་མ་བཏབས་ན། གཏམ་དཔེ་ལྟར། མི་རྒན་ཁང་ཁུག་ལ་གྱར་ནའང་། །ཁ་མཆུ་སྐར་ཁུང་ནས་འདོན། །ཞེས་པ་ལྟར་དུན་ཙེ་དང་གྱེར་ཙེ་རེ་གཉིས་ཤིག་གིས་ལོག་བཤད་དང་ཧོམ་བཤད་ཀྱིས་འདུག་བཟོད་བཅུག་མ་སོང་།
ང་རིན་པོ་ཆེ་ཞེས་པ་དེས་མཁར་རྨེའུ་དང་ནམ་ནོར་སོགས་བན་མིན་བོན་མིན་རྣམས་ཀྱི་སྐད་ཆ་དང་ཁོ་རང་ཚོས་འདོད་ཚུལ་ཕྱོགས་གཅིག་པ་དེ་ཚོ་སླར་ཡང་འདི་གར་བསྐྱར་བཟློས་བྱས་ནས་སྤུངས་འདུག་པ་དེར་ཁོ་བོས་བདེན་དོན་གསལ་བཤད་ཀྱི་ཚུལ་དུ་རིག་ལམ་དང་དུས་ཚོད་བཅས་ཁྲོག་བརླག་གཏོང་འདོད་མེད། ཉན་པའི་རྣ་བ་འོན་ན་བདེན་པའི་གནས་ལུགས་སུ་ལ་བཤད། ལྟ་བའི་མིག་ལོང་ན་མཛེས་པའི་ལྟད་མོ་སུ་ལ་སྟོན། ཅེས་པའི་ལེགས་བཤད་ཀྱི་རྗེས་སུ་འབྲངས་ཀྱི་ཡིན། ངས་ཁོང་ཚོས་བཤད་སྟངས་དང་འབྲི་སྟངས་ལྟ་བུའི་སྒོ་ནས་བོད་ལ་རིག་གཞུང་ཟེར་བའི་ངོམ་རྒྱུ་ཞིག་དང་། ཁུངས་ལུང་ཟེར་བའི་འགོ་ཁུངས་ཤིག ཤེས་རིག་ཟེར་བའི་རྩ་ཆེན་ཞིག་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་རིག་གནས་ཤིག་བོད་ཡུལ་འདིར་དེ་སྔོན་བྱུང་མྱོང་མེད་པའི་ཚུལ་བསྒྲུབ་སྟེ་བྲིས་བསྡད་ན་པོད་ཏི་ལག་པས་འཁྱོག་ཚད་ཙམ་འབྲི་ཐུབ། དེས་ན་དེ་ལྟ་བུ་དོན་མེད་ངལ་བའི་ལས་སུ་ཞུགས་བསྡད་ན་རང་གཞན་སུ་ལའང་ཕན་ཐོགས་མེད་ཕྱིར་ཁོ་བོ་ནི་དུས་ནམ་ཡང་ལྟ་ངན་དེ་རིགས་ལག་ཏུ་མི་ལེན་རྒྱུའི་དམ་བཅའ་དང་འདུན་པ་འཆང་བཞིན་ཡོད།
ཾམུ་མཐུད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 21:13:44 | By: སྐུ་མགྲོན་2kb4Eq(སྐུ་མགྲོན) ]
 
སྐུ་མགྲོན་2kb4Eq(སྐུ་མགྲོན)ང་བདག་ལགས། ལར་བློ་ལས་སུ་རུང་བའི་འགྲོ་བ་མི་ཞིག་ཡིན་ན་རང་ཉིད་ཀྱིས་ཅི་བྱས་པ་ཐམས་ཅད་རྒྱུ་མཚན་དང་དགོས་པ་ཞིག་ནི་ངེས་པར་དུ་ཡོད་དགོས་ལ་ལྷག་ཏུ་མཁས་པའི་བྱ་བ་ལ་གཞོལ་བ་རྣམས་ཀྱི་བྱ་བ་ལ་ནི་དེ་བས་ཀྱང་རྒྱུ་མཚན་དང་དམིགས་ཡུལ་ངེས་ཅན་ཞིག་ནི་ཅིས་ཀྱང་ཡོད་དགོས། གལ་སྲིད་དགོས་པ་དང་དམིགས་ཡུལ་གང་ཡང་མེད་པའི་ཚིག་ཉོབ་དག་ནི་བླུན་པོའི་བབ་ཅོལ་ལས་ནམ་ཡང་འདའ་བ་མ་ཡིན་ནོ། 
དེ་ཡང་རང་ཉིད་ཀྱིས་རིག་པ་དང་རྒྱུ་མཚན་མྱོང་བ་ཅི་ཞིག་གི་ཐོག་ནས་ཡིན་མིན་གྱི་ཐག་ཆོད་པ་ཞིག་བྱུང་རྗེས་སུ་འདི་ནི་འདིའོ་སྙམས་པའི་ཐག་ཆོད་ཀྱི་དམ་བཅའ་བརྟན་པོ་ཞིག་མེད་པ་དག་ནི་མཁས་དབང་དགེ་ཆོས་མཆོག་གིས་གདམས་པའི་ཤོ་ལོ་ཀ་འདིའི་སྣོད་དུ་གྱུར་པ་མ་ཡིན་ནོ། 
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། 
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། 
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས། ཞེས་སོ། མུ་མཐུད་ཡོད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 14:23:46 | By: སྐུ་མགྲོན་128Kb5(སྐུ་མགྲོན) ]
 
སྐུ་མགྲོན་128Kb5(སྐུ་མགྲོན)གོང་དུ་མིང་མེད་ཀྱི་མཆན་ཞིག་ནས་ར་དང་བོན་པོའི་དཔེ་ཞིག་འདུག ལར་བོན་པོ་བོན་ལ་སྡང་མཁན་ཞིག་ཡིན་ན་ནང་ཚག་རྩི་བའི་དགོས་པ་ཅི་ཡོད། དེ་ལས་ལྡོག་སྟེ་དམ་ཉམ་མ་ཡིན་ནམ། བན་དེ་འགའ་ཞིག་གིས་བོན་ལ་སྡང་ཟུག་བྱ་བ་ནི་དགོས་པ་རྒྱུ་མཚན་ཡོད། དེའི་སྐོར་ངས་རྗེས་སུ་གསལ་བཤད་བྱ་ཆོག བྱས་ཙང་ངས་མུ་མཐུད་ནས་ང་བདག་ལགས་ལ་བགྲོ་གླེང་བྱ་རྒྱུ་ཡིན་པས་ལྷན་རྒྱས་ནས་དགོངས་འཁྲོལ་ཡོད་པ་ཞུ། ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 12:53:58 | By: སྐུ་མགྲོན་2KAm1Q(སྐུ་མགྲོན) ]
 
སྐུ་མགྲོན་2KAm1Q(སྐུ་མགྲོན)ང་རིན་པོ་ཆེའི་མཛད་རྣམ།
བདག་གི་ཡ་ཆུང་སེམས་པའི་དཀྱིལ་དབུས་ནས། །
རང་བཞིན་བརྡོལ་བའི་ཚིག་བཅད་ཉུང་ངུ་ཞིག
དབང་མེད་ཐལ་བས་སྡེབ་སྦྱོར་མཁས་འདོད་མིན། །
བོན་པོའི་ལུགས་ཀྱི་སྙན་རྒྱུད་དེ་བས་མིན། །
བོན་པོ་བན་དེར་འགྱུར་བའི་མགོ་གཉིས་པ། །
བན་དེ་ཚན་རིག་ཤན་ཞུགས་ལྟ་ལོག་པ། །
བོད་པ་རྒྱ་ལ་འགྱུར་བའི་ཁ་ཐབས་ཅན། །
རྒྱ་ཡུལ་ཁྱི་ལྟར་ཉུལ་བའི་སྣ་རྫི་ཅན། །
རྒྱལ་མགོ་ཁྱི་མགོར་བསྐོར་མཁས་སྤྱང་གྲུང་ཅན། །
རྒྱ་ལྕམ་རྗེན་པར་འཁྱུད་པའི་ཆགས་སྲེད་ཅན། །
དཀོར་ཟས་རི་ལྟར་སྤུངས་པའི་གསོགས་འཇོགས་ཅན། །
ཕྱི་མར་བུན་ནོར་ཕྱུག་པའི་མ་རྩ་ཅན། །
ཕ་རུས་དུང་ཆུང་དཀར་པོ་བཞར་གཞོགས་མཁན། །
མ་རུས་མཆིན་པ་སྨུག་པོ་ཕྱི་བསྡར་མཁན། །
རིགས་རུས་བླ་རྐང་འཚོང་བའི་ཞབས་འདྲེན་བ། །
དོན་མེད་འཁྱལ་ཚིག་མང་བའི་ཀུ་ཅོ་བ། །
ཁུངས་མེད་གཏན་ཚིགས་སྨྲ་བའི་རིག་པ་བ། །
སྔོན་བཤད་རྗེས་ཐོག་མེད་པའི་འགྱུར་སླ་བ། །
འགོ་མེད་ལོ་རྒྱུས་འཆད་པའི་ཁ་བདེ་བ། །
བོན་ཁུངས་བན་ལ་གཏུགས་པའི་ཤེབ་རབ་པ། །
ཕ་ཁུངས་བུ་ལ་སྒྲུབ་པའི་རིག་སྨྲ་བ། །
བོད་ཁུངས་རྒྱ་ལ་འདེབས་པའི་མཛད་བཟང་བ། །
གནམ་ས་བླ་འོག་བརྗེ་བའི་ལག་རྩལ་བ། །
ཚུལ་བློའི་དམ་ཆུ་བཏུང་བའི་གསང་ཉུལ་བ། །
གསེར་རྟའི་རྐུབ་ལྕེས་བལྡགས་པའི་རྒྱུགས་ཁྱི་བ། །
ང་མིན་ང་རུ་རྫུན་པའི་བདུད་སྤྲུལ་བ། །
རང་ནོར་ཕྱི་ལ་འདྲེན་པའི་ནང་རུལ་བ། །
གསང་ཚིག་ཁྲོམ་དུ་སྒྲགས་པའི་དམ་མེད་པ། །
བོན་ལ་འདྲེད་བརྡབས་ཤོར་བའི་གྱོང་བོ་པ། །
དམ་བཅའ་སེམས་ནས་དོར་བའི་ཀླད་མེད་པ། །
རང་ཚུགས་བརྟན་པོར་མེད་པའི་བླ་འདར་བ། །
སྡོམ་གསུམ་སྣབས་ལྟར་གཡུགས་པའི་དམ་ཉམས་པ། །
བོན་བསྟན་གཤེ་བསྐུར་འདེབས་པའི་བསྟན་དགྲ་བ། །
གཤེན་བསྟན་རྩེད་ཆས་མཐོང་བའི་སྐལ་མེད་པ། །
ལོག་ལྟ་བོན་ལ་བཟུང་བའི་བསོད་ཟད་པ། །
རྒྱལ་འགོང་སྙིང་ཞུགས་པའི་ནག་ཕྱོགས་པ། །
ཧ་ཧ་ཧ། ཧེ་ཧེ་ཧེ། ཨ་ཙི་མི་ཞུ་ཁ་མཚར་ཡིན། ཁྱེད་ལ་བསོད་པའི་གོ་ཆ་བརྟན་པོ་ཞིག་ཨི་འདུག་བལྟས་པ་ཡིན་པས་དགོངས་འགལ་མེད་པར་མཁྱེན། མཐོལ་ལོ་བཤགས་སོ་བཟོད་པར་གསོལ། སྤྲུལ་རིན་པོ་ཆེ་ནི་དེ་འདྲ་ཞིག་ག་བས་ཡིན། །
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 6:45:52 | By: སྐུ་མགྲོན་Ine5HT(སྐུ་མགྲོན) ]
 
སྐུ་མགྲོན་Ine5HT(སྐུ་མགྲོན)ར་བོན་པོ་གཉིས་དེ་རོགས་ལ་སྡོང་ཞེས་པའི་གཏམ་ཞིག་ཡོད་རབས་ཡོད། ད་དུང་ཁྱེད་ཚོས་རིག་པ་འདྲ་ཞིག་བརྡ་ཡི་ཡོད་མདོག་མདོག བོང་བུའི་ནང་ཆ་ཕྱི་ལོག་ལ་མ་སྟོན་ན་ཡག་ཡོང་། དེ་འདྲའི་བརྒལ་ལན་འབྲི་བར་མཁས་པ་ཡིན་ན་གསེར་རྟའི་མཁན་པོ་ལ་བྲིས། འབྲི་གུང་སྐྱོབས་འཇིག་ལ་བྲིས། ཐུབ་ཀྭན་ལ་བྲིས། ད་དུང་འབྲི་གུང་་་་་་་་་། བོན་པོའི་ལོ་རྒྱུས་སྔ་ཕྱི་ལ་གུང་སྒྲིག་ནས་བོན་ལ་སྡོང་མཁན་དེ་ཚོར་ལུང་རིག་ཟུང་འབྲེལ་གྱིས་རྒོལ་དང་ཨ་མའི་བུ་རེད། དེ་མིན་ཁྱི་འགུ་སྟོང་པར་ཁྱི་འཛིང་བརྒྱག་ན་ཕན་ཐོག་ཅང་མེད་ནི་རེད།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 2:29:46 | By: སྐུ་མགྲོན་J41Qhu(སྐུ་མགྲོན) ]
 
སྐུ་མགྲོན་J41Qhu(སྐུ་མགྲོན)པ་བྱས་་ཐོག་མཐའ་བར་གསུམ་དུ་ལོག་བཤད་ལངས་ཤོར་རམ་ཕ་དགྲ་བོན་གཤེད་མི་རིགས་དང་རིག་གཞུང་མཐུན་ལམ་སོགས་ལ་འགེན་མི་ཁུར་མཁན་འདི་ཆམ་ལ་ཕབས་སྟེ་རྨོངས་ཉིད་ལ་སད་པ་ཞིག་བྱེད་དོ།བསམ་པ་ལས་བོན་པོ་ཡིན་པའི་རེ་དོག་མེད།མཁས་དབང་ཁྲི་གཡུང་དྲུང་ནས་དགོང་འཆར་གསུང་ཚེ།ང་རིན་པོ་ཆེས་༼གཡུ་འབྲུག༽གངས་རིའི་མེས་པོས༼སེང་ཕྲུག༽ཧོར་ང་མེད་པས༼བྱ་ཁྱུང༽ལྟ་བུའི་ལན་ཀློག་བར་ལེའུ་འདི་བྱུང་སོང་༜།ད་ལྟ་ངའི་ངོར་རྩོད་གྲོགས་བོན་པོ་ཡིན་པ་ཧ་གོ་སྔ།མཐུན་ལམ་སྐོར་གཏམ་བཤད་སྤེལ་རྒྱུ་ཕྱི།ང་རིན་པོ་ཆེའི་ངོ་འབག་བུད།ཧོར་ང་མེད་གྱི་གདོན་རིས་མངོན།དགག་བཞག་གི་བྲོ་བ་ཡལ།གཏམ་བཤད་གི་གློག་བརྙེན་རྫོགས་སོང་བས།གངས་མེས་དང་ཧོམ་ཁུང་གནས་སྐབས་ཤེས་འདོད་མེད་དོ།གེ་ཁོད་ཡུལ་ལྷ་ཡིན་མིན་ལ་དཔྱད་གཏམ་ཞིག་འདུག་ཀྱང་རང་རེ་བོན་གྱི་མཁས་དབང་མཁར་རྨེའུ་ལ་རྒྱུད་འཛིན་པ་ཞིག་དགོས་ཕྱིར་རེ་ཞིག་བཞག་དགོས་བྱུང་སོང་ངོ།རྗེས་སུ་མཇལ་ཡོང་བཀྲ་ཤིས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/30 2:10:42 | By: སྐུ་མགྲོན་u85Csf(སྐུ་མགྲོན) ]
 
སྐུ་མགྲོན་u85Csf(སྐུ་མགྲོན)འོ་ལགས་སོ།དྲ་གྲོགས་ཡ་བྲང་གཡུ་འབྲུག་ཚེ་རིང་ལགས།ཁོ་བོས་དེ་སྔོན་ལོ་རབ་དགུ་བཅུའི་ནང་བློ་རྟགས་བསྡུས་གསུམ་ཙམ་སྦྱོང་ཡང་རྣམ་གཡེང་གི་དབང་དུ་ཤོར་ད་བར་དྲ་བ་བརྔོག་པའི་ཁ་ཕྱོགས་མེད།ཟླ་བ་འདིའི་ནང་ལག་ཐོག་ཁ་པར་ཐོག་རང་རེ་སྤྱིའི་དགའ་བའི་ཧི་བོན་ཟིན་བྲིས་ཞེས་པའི་བོན་གྱི་དྲ་བ་འདི་གསར་དུ་ཤེས་རྟོགས་བྱུང་།དེ་ནས་བཟུང་ཉིན་ལྟར་ལྟ་ཙམ་བྱེད་གི་ཡོད་ཀྱང་མི་སྣ་ཁ་ཤས་ལས་ངོ་མི་ཤེས་ལ།༼ཁྱུང་སྨྱུག་མཛེས་༽གི་སྐུ་པར་མཐོང་ཡང་ངོ་མ་ཤེས།མི་ལོ་གཉིས་ཙམ་མཉམ་དུ་གཤིབ་པའི་གྲྭ་ཆུ་ནམ་མཁའ་གཙུག་ཕུད་ཡིན་པ་ཁ་སོང་གཞི་ནས་ཧ་གོ་བྱུང་།དེར་བརྟེན་ཧི་བོན་དྲ་བར་ཁྱེད་ཀྱི་ཟིན་བྲིས་ཡོད་པ་དོ་སྣང་མ་བྱུང་ལ་ཁ་སོང་ཁྱེད་ཀྱི་ཡ་བྲང་དང་གཡུ་འབྲུག་སོགས་གསུང་ཚེ་ཡ་བྲང་རུས་མིང་གོ་ཀྱང་་༼གཡུ་འབྲུག་༽ཟེར་དུས་རྫིག་ཉམས་སྟོན་པའི་མིང་ངམ་དྲ་ཐོག་རང་མོས་མིང་ཡིན་འགྲོ་བསམ་པ་ལས་དངོས་མིང་ཡིན་པ་སྣང་བའི་ཡུལ་ལ་མེད།ཁྱེད་ཀྱིས་བདག་གི་རྩོམ་ཡིག་ལ་མ་བཅོས་པའི་འདིངས་འཇོག་དང་དགག་བཞག  ལོ་རྒྱུས་ལ་དོ་སྣང་མཛད་འདུག་པས་ཐུགས་རྗེ་ཆེ།ད་ལྟ་ཁྱེད་ཀྱི་ཐ་མའི་དཔྱད་གཏམ་མཐོང་ཚེ་སླར་དྲ་བར་ལྟ་དུས་རྩོམ་ཡིག་དང་ཕ་ཡུལ་ཤེས་སོང་།འོན་ཀྱང་ཁྱེད་ཀྱི་གནས་བབ་དང་ལོ་རྒྱུས།མ་འོང་ལམ་ཕྱོགས།འདྲ་འབག་མ་ཡིན་པའི་ལྟ་བ་སོགས་ངའི་སྣང་ངོར་ད་དུང་ལྐོག་དུ་གྱུར་ཡོད།ཉིན་ཤས་དཔྱད་གླིང་སྐབས་ངས་ཁྱེད་ལ་རྒྱུས་མངའ་མེད་པའི་དབང་གིས་ཁྱེད་ཀྱི་ཐུག་ལ་ཕོག་པའི་ཟུར་ཟ་ལྟ་བུའི་ཚིག་མཚོན་འདུག་ན་དགོང་འགལ་མེད་པ་མཁྱེན།བདེན་པར་བཤད་ན།དགེ་བཤེས་གཡུང་དྲུང་བསྟན་རྒྱལ་གྱི་རྩོམ་འཇུག་གི་དཔྱད་གཏམ་མཐོང་ཚེ་གྲུབ་མཐའ་ཕྱོགས་འཛིན་ཅན་གྱི་བན་དེ་ཤེས་མེད་དུ་གོ་ནས་ཕྲན་གྱི་དཔྱད་གཏམ་བྲིས་ནས་མགོ་བཟུང་།༜༼ང༽་རིན་པོ་ཆེའི་དཔྱད་གཏམ་ལ་རིམ་བཞིན།ཧོར་༼ང་མེད་༽གྱིས་ཚོད་དཔག་ལའང་རིམ་བཞིན་ཀ་ཐོག་སྤྲུལ་སྐུའི་སློབ་མ་དང་།སྤྲུལ་སྐུ་ཁོང་།རྙིང་མའི་སྤྲུལ་སྐུ་མཁས་མདོག་ཅན་ཞིག གསེར་རྟ་ཚུལ་ཁྲིམས་བློ་གྲོས་ཀྱི་རྗེས་འཛིན་ཞིག  བོན་ཆོས་དད་པ་ཅུང་ཙམ་ཡོད་པའི་ཞིབ་འཇུག་པ།.ཚན་རིག་པ་བན་མིན་བོན་མིན་ཞིག   བོན་དཔེ་མང་པོ་ལྟ་མྱོང་བའི་བན་རྒནའམ་ དགེ་རྒན་ཞིག. ཞིབ་འཇུག་སློབ་མ་རིག་གསར་བ། རྒྱ་རིགས་སློབ་མ་མང་བའི་བན་བླ། རྙིང་མའི་མཁས་པ་མཁར་རྨེའི་མདའ་དང་འཕང་སོགས་ལྟ་མྱོང་མཁན་སོགས་དཔྱད་
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 17:21:54 | By: ང་།(སྐུ་མགྲོན) ]
 
ང་།(སྐུ་མགྲོན)གོང་གི་དྲྭ་གྲོགས་ཧོར་ང་མེད་ལགས་དང་ཧོམ་ཁུང་ལགས་དེ་བཞིན་གངས་རིའི་མེས་པོ་སོགས་ལ་ཕུལ་བའི་དཔྱད་མཆན་དེ་དག་ནི་ང་རིན་པོ་ཆེའམ་ཧི་བོན་ཟིན་བྲིས་གཤེན་གྱི་བྲོ་རའི་ཟིན་བདག་ཡ་བྲང་གཡུ་འབྲུག་ཚེ་རིང་ཡིན་ལ། ཐེངས་འདིར་ཧི་བོན་ཟིན་ཚོགས་སུ་ཀི་འདེབས་པ་དང་བོན་གྲོགས་ཚོ་ལ་གྲོས་སུ་འདེབས་པ་ཡིན། གལ་ཏེ་ད་དུང་མུ་འཐུད་དུ་རིགས་པ་སྲང་ལ་གཞལ་བའི་དོན་དང་བརྡ་སོགས་འདུག་ན་བགྲོ་གླེང་བྱེད་པའི་སྐལ་བ་ཡོད་པ་མ་བརྗེད་ལགས། བདག་ནི་དགའ་ཞིང་སྤྲོ་བའི་ངང་དུ་མཆིས་ནས་འདུག
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 17:09:46 | By: ང་།(སྐུ་མགྲོན) ]
 
ང་།(སྐུ་མགྲོན)2གེ་ཁོད་ཅེས་པའི་ལྷ་དེ་ཕྱིས་སུ་རིམ་བཞིན་ཡིད་དམ་ལྷ་ཞིག་ཏུ་འཕོ་འགྱུར་ཕྱིན་ཡོད་དེ། ཁྲོ་བོའི་གཟུགས་དང་། དབུ་ཕྱག་མང་བ། ཡབ་ཡུམ་ཟུང་དུ་འབྲེལ་བའི་རྣམ་པ་སོགས་སུ་བཞེངས་གྲུབ་བྱས་ཡོད་ལ། དེ་ལ་གེ་ཁོད་བདུད་འདུལ་གསང་བ་དྲག་ཆེན་ཞེས་ངོ་མཚར་ལྡན་པའི་མཚན་ཡང་གསོལ་ཡོད། གེ་ཁོད་ཀྱི་གཤམ་འོག་ལ་ལྷ་རིགས་སུམ་བརྒྱ་དྲུག་ཅུ་ཡོད་པའང་བཤད་འདུག ཧང་དགོས་པ་དོན་དག་ཏུ་མ་ཡིན་ཏེ། དེ་འདྲའི་བན་བོན་གཉིས་ཀའི་ཁྲོད་ན་མང་བས་སོ། དཔེ་ན་བན་ཕྱོགས་ཀྱི་མགོན་པོ་ཕ་བུ་དགུ་དང་། བོན་ཕྱོགས་ཀྱི་བྲག་བཙན་དང་དམུ་བདུད་སོགས་ཚོགས་སུ་འབུལ་གྱི་འདུག་པས་རེད། ལར་འགྲོ་བ་མིས་གསར་གཏོད་བྱས་པའི་ལྷ་འདྲེའི་ཆོ་འཁྲུལ་དང་མི་ཡི་འགྲོ་བའི་གནས་དོན་དངོས་གཉིས་དོ་མཉམ་མིན་པ་སྔར་ནས་ཤེས་ན་འགྲིག
ཉིད་ཀྱི་འོས་སྦྱོར་བྱས་པའི་བྲིས་རྩོམ་ཁྱུང་པོ་སྨོན་ལམ་མམ་ཁྱུང་སྨྱུག་མཛེས་ནི་བདག་གི་མཆེད་གྲོགས་ཡིན་པ་མ་བརྗེད་ལ། ཐེངས་འདིར་ཧི་བོན་ཟིན་ཚོགས་སུ་ཀི་འདེབས་པ་ཙམ་ཡིན་པ་ལས་བོན་ལ་སྡང་བའི་གཤེ་སྐུར་ཁྱུ་ནས་བྱེད་པ་མི་འཐད་དོ།

དུས་རླུང་ནག་པོ་བསིལ་བསིལ་སྡོང་དང་གཅིག།
ཐན་འཁྱེར་སྨྲ་བ་གཤིག་གཤིག་དགོད་དང་གཉིས།།
ང་རྒྱལ་གློག་དམར་འཁྱུག་འཁྱུག་བྱེད་དང་གསུམ།།
ཡ་བྲང་བུ་ཡི་ལས་མཐའ་འགྲུབ་པའི་རྟགས།།

གནམ་ནས་ལྷུང་བའི་རྫིག་གཏམ་འཆད་འདོད་མེད།།
ས་ནས་སྐྱེས་པའི་རྫུན་གཏམ་དགོས་པ་མེད།།
བར་ནས་སྡང་བའི་ཁྲོ་གཏམ་ཉན་གྱི་མེད།།
གང་སར་འཕྱན་པའི་འཆལ་གཏམ་ཡོད་རེ་སྐན།།

ཡབ་ཆེན་ལྷ་ལས་བབས་པའི་གཏམ་རྒྱུད་མེད།།
ཡུམ་ཆེན་ཀླུ་ལས་དྲངས་པའི་རྣམ་ཐར་མེད།།
མི་བུ་མྱི་ལས་བཙས་རབས་ལོ་རྒྱུས་འདི།།
གཡུ་འབྲུག་བུ་ཡིས་རིགས་རུས་འདེད་སྟངས་ཡིན།།

རིགས་པ་སྲང་ལ་གཞལ་བའི་གཏན་ཚིག་དང་།།
དགོས་པ་ཉིང་དུ་བཏུས་པ་ཚིག་གི་སྦྱོར།།
བརྗོད་པ་དམར་དུ་ཕབས་པའི་སྐད་ཆ་འདི།།
རིགས་ཀྱི་བུ་ལ་གདམས་སོ་ས་མ་ཡ།།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 17:06:21 | By: ང་།(སྐུ་མགྲོན) ]
 
ང་།(སྐུ་མགྲོན)1ལོ་རབས་དགུ་བཅུའི་དགེ་བཤེས་དང་དུས་རབས་གསར་བའི་ཚོང་བདག སེར་ཆེན་ཧོར་དུ་གྲགས་པའི་སྦྲ་ཆེན་སྟོད་མའི་འབྲོག་སྡེ་ན། མཁས་པ་དང་ཚོང་བདག 老大དང་གྲྭ་བ། བྱང་ཐང་དགོས་འདོད་ཀུན་འབྱུང་གི་སྤྱི་ཁྱབ་སྤྱི་གཉེར་བའི་འགན་ཅིག་ཅོག་ཏུ་འཁུར་བའི་གཙང་ཚྭ་པ་ལགས། ཁ་སང་དེ་རིང་ཧོར་ང་མེད་རྫུས་ཏེ་བདག་གི་གདོང་དུ་ཕྱུང་བར་ལུས་སེམས་ཀུན་ཏུ་ངལ་བའི་དུབ་པ་མ་འཆིས་སམ། སྐུ་ཉིད་ཀྱིས་ཀྱང་ཕལ་ཆེར་བདག་རང་སུ་ཡིན་ངེས་པའི་ཚོད་དུ་སྣང་ཕྱིར་གསལ་དུ་བཤད་པའི་དགོས་པའི་མི་དམིགས་ནའང་། ང་རང་གིས་བྲིས་པའི་རྩོམ་ལུས་འདི་ནི་སྙན་ངག་མ་རེད་ལ་ལྷུག་རྩོམ་མ་ཡིན། ལྡོག་སྟེ་སྟོང་ལོ་གཉིས་པའི་ནང་གསར་དུ་བྱུང་བའི་འབོལ་རྩོམ་ཞེས་པའི་རྩོམ་ལུས་དེ་ག་ཡིན་པ་དང་། ཚིགས་སུ་བཅད་པ་དེ་རིགས་ནི་བཅད་རྩོམ་གསར་མའི་ལུགས་ཀྱི་བོད་ཡིག་གིས་མི་སྐད་རྒྱག་སྟངས་རེད།
བདག་གི་འཛིན་པའི་ལྟ་ཚུལ་འདི་རིགས་བོན་ལུགས་མིན་ལ་བན་ལུགས་ནི་དེ་བས་ཀྱང་ངོ་། བདག་མི་ཡུལ་ཟེར་བའི་ཡུལ་གྲུ་འདི་ནས་འཚོ་ཞིང་བཞེས་པའི་ཉིང་དགོས་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་ལས་གྲུབ་མཐའ་ག་གེ་མོ་དང་རིངས་ལུགས་ག་གེ་མོའི་ཆེད་དུ་གཏན་དུ་མིན། དེ་ཕྱིར་ངས་སྨྲ་བ་ནི་རིག་གཞུང་ཡིན་པ་ལས་གྲུབ་མཐའ་སྨྲ་ཡི་མེད་ལ། བདེན་པའི་རྒྱབ་ཏུ་ལང་སྟེ་དཔྱོད་པའི་བློ་མིག་བཙལ་གྱི་ཡོད་པ་ལས་ང་རྒྱལ་གཞན་ཕམ་གྱི་སེམས་བྱུང་ཀྱང་ཡེ་ནས་མེད་ལགས།
སྤྱིར་ཞང་ཞུང་མེ་རི་དང་གེ་ཁོད་གཉིས་པོ་ཅུང་མི་འདར་ནའང་། ཉིད་ཀྱི་གེ་ཁོད་བདག་ལ་མི་འཐད་པའི་རྣམ་འགྱུར་མེད་པ་ཡིན། གེ་ཁོད་ནི་གསས་མཁར་མཆོག་ལྔ་ལས་བཞི་བ་དང་སྔོན་གྱི་དུས་ན་ཞང་ཞུང་མངའ་རིས་ཀྱི་ཡུལ་ལྷ་ཞིག་ཡིན་པའི་ཆ་ནས་གངས་རི་ཏི་སེ་གནས་འཆའ་བས་ན། ཁུངས་ཞང་ཞུང་ལ་གཏུགས་དགོས་པ་ཡིན། གེ་ཁོད་ཅེས་པའི་མིང་དེ་མཚམས་རེ་སྐུ་བླ་ཞེས་པ་དང་སྒྲོགས་ནས་བྱུང་ལ་ཐ་སྙད་དེ་ནི་ཡུལ་ལྷར་མཆོད་བསྟོད་བྱས་པའི་དབང་ལས་བྱུང་བ་ཞིག་རེད། གཏམ་རྒྱུད་ལྟར་ན། ལྷ་འདི་ཐོག་མ་འཇིགས་སྐྲག་ཅན་གྱི་གཡག་གི་རྣམ་པའི་ཚུལ་ལས་གངས་རི་ཏི་སེ་བབས་ཤིང་རི་དེར་ཐིམ་པ་གྲགས་ཤིང་།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 15:06:36 | By: སྐུ་མགྲོན་In1Pht(སྐུ་མགྲོན) ]
 
སྐུ་མགྲོན་In1Pht(སྐུ་མགྲོན)དྲྭ་གྲོགས་ཧུམ་ཁུང་ལགས་ཀྱིས་གཏོན་པའི་ཚིག་དག་དགོས་པ་འདུག་པས་ལན་དུ་སྒྲོན་ན། ལར་བོན་པོ་གླེང་དུས་བན་དེ་གླེང་བའི་དགོས་པ་མེད་ནའང་བན་དེ་མ་གླེང་ན་བོན་པོའི་རང་རྐང་འོར་ཉེན་འདུག་པས་དགོས་པ་ཡོད་ན་ཐང་།
༡ བདག་གིས་གཏེར་དང་སྙན་རྒྱུད་ལས་བྱུང་བ་ཡིན་ན་ཁུངས་མེད་པའི་ལུགས་ཤིག་བཤད་དུ་མེད་ལ་གལ་ཏེ་སྐུ་ཉིད་ལ་ཁུངས་ཤིག་ངོ་སྤྲོད་དགོས་ན་དེ་ནི་ཐུབ་བསྟན་ཆོས་ལུགས་སོ། བན་ཕྱོགས་ཀྱི་གཏེར་ཆོས་གནས་དཔྱད་མཆན་གོང་མའི་གོང་མ་དག་ལ་གཟིགས་རོགས།
༢ ༼གཤེན་རབ་ཀྱིས་གསུང་ནས་ཡོད་པ་གཅིག་ཀྱང་མེད༽ཟེར་བ་བདེན་པ་ཡིན་ཏེ་ད་ཡོད་བོན་པོའི་རིག་གཞུང་ནི་བོན་ལུགས་སུ་གཡུང་དྲུང་སེམས་དཔའ་དང་གཡུང་དྲུང་སེམས་དཔའི་སེམས་དཔའ་མཆོག་རྣམ་གྱིས་བསྡུས་ཤིང་བསྒྲིགས་པ་ཀུན་ཏུ་གྲགས་པས་སོ། རེད་དེ་ཧུམ་ཁུང་ལགས་ཧམ་འཚབ་མི་དགོས་ཏེ་ཐུབ་པ་སངས་རྒྱས་མཆོག་དང་། ཁ་ཆེའི་སྟོན་པ་ཨ་མུ་དེ། སྟོན་པ་ཡེ་ཤུ་དང་། རྒྱ་ནག་གི་ཁུང་ཙི་ཀུན་པོ་གཅིག་མཚུངས་སུ་ཞལ་ནས་གསུང་པ་འདིའོ་ཞེས་པ་ཞིག་ད་སྔོན་རྙེད་ནས་ཡོད་པ་མ་རེད་ལགས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 14:47:50 | By: སྐུ་མགྲོན་In1Pht(སྐུ་མགྲོན) ]
 
སྐུ་མགྲོན་In1Pht(སྐུ་མགྲོན)དྲྭ་གྲོགས་གངས་མེས་ལགས་སྐུ་བདེའམ། སྐུ་ཉིད་ལ་ལྟ་བའི་མིག་དང་དཔྱོད་པའི་བློ་ཞིག་བདོག་ན་བདག་གིས་བྲིས་པའི་དཔྱད་མཆན་རེ་རེ་བཞིན་དུ་ཞིབ་ཏུ་ཀློགས་པར་མཛོད་དང་། དོན་གྱི་ཆ་དང་ཚིག་གི་ཉམས་ལ་ཁྱེད་ཀྱི་འདོད་པ་དང་ཁྱེད་ཀྱིས་གསུང་པའི་སྐྱོན་དུ་རྟོགས་པའི་རིགས་དེ་མཆིས་ཚེ་ངས་མི་ཡུལ་ཟེར་བའི་འཇིག་རྟེན་འདི་ནས་རྩམ་པ་ཟོས་པ་ནི་འཕྲོ་བརླག་ཁོ་ནའོ།། གསལ་བཤད་དགོས་པ་ལ་ངས་བན་ཕྱོགས་མཁས་པའི་རྩོམ་ཆོས་དག་ཡང་དག་ཡིན་པ་དང་གནས་ལུགས་ཁོ་ན་ལྡན་པ་ཁ་ནས་གླེང་མྱོང་མེད་ལ། མ་གཞི་ནས་མི་ཡི་བསམ་བློ་ནི་ལྟོས་བཅས་ལས་གྲུབ་ཕྱིར་བན་བོན་ཙམ་དུ་མ་ཟད་སྤྱིར་འཇིག་རྟེན་ཁམས་ན་གནས་ལུགས་རྐྱང་རྐྱང་དང་བདེན་པ་ཁོ་ན་ཟེར་བ་ནི་འགྲོ་བ་མིའི་དུངས་ཞེན་ཙམ་ཡིན་པ་ལས་གང་དུ་མེད་པས་སོ། བཤད་ཟིན་པའི་བདག་གི་སྐད་ཆ་ལྟར་ཐུབ་པ་མཆོག་གི་འཁྲུངས་འདས་ལོ་ཚིག་མི་འཐུན་པ་བདེན་དུ་གྲུབ་ཀྱང་བོན་པོ་དང་འབྲེལ་བ་ག་རེ་འདུག ལརབོན་པོ་ཚོ་སྔར་ནས་འདི་ལྟར་རེད། བོན་པོའི་གནས་ཚུལ་བཤད་མ་ཐག་ངེས་པར་དུ་བན་དེ་གླེང་ཡོང་གི་འདུག ཕར་ལ་བྲིས་པའི་ལན་དུ་མི་འདེབས་པ་དེ་ནི་བན་དེ་ལའང་ཡོད་པ་རེད་དང་། ཅིག་ཅིག་གཅིགབན་དེ་ལ་ཡོད་རེད་ཅི་སྐྱོན། ཉིས་ཉིས་གཉིས་བན་དེ་ལ་ཡོད་རེད་ཅི་ཟེར་སོགས་བན་དེའི་ཆེད་དུ་བོན་པོར་བསླབ་པའི་ཚོད་ཅིག་འབྱུང་གི་འདུག ཉོན་ཅིག་གངས་མེས་ལ་སོགས་བོན་ཕྲུག་ཚོ། བདག་གིས་དྲི་བ་འདི་དག་ཡིད་ལ་ཟུངས་།བན་དེ་ལུགས་ཀྱི་སྐྱོན་ཡོན་ཀུན་པོ་བོན་པོར་ལྡན་དགོས་པའི་གནས་ལུགས་ཨེ་ཡོད། བན་དེ་བོན་པོ་གཉིས་ཆོས་ལུགས་གཉིས་ཡིན་ནམ་གྲུབ་མཐའ་གཉིས་ཡིན། བན་དེས་ག་རེ་བྱས་ཡོང་ན་བོན་པོས་ལད་བཟློས་བྱེད་པའི་དགོས་པ་ཨེ་ཡོད།

 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 13:54:57 | By: སྐུ་མགྲོན་128Kb5(སྐུ་མགྲོན) ]
 
སྐུ་མགྲོན་128Kb5(སྐུ་མགྲོན) ང་བདག་ལགས། ཁྱོད་ཀྱིས་ཐེངས་དང་པོར་བྲིས་པའི་མཆན་གྱི་ཡིག་ནོར་ཧ་ཅང་མང་བ་མ་ཟད་ཆེས་དཀྱུས་མའི་ཡི་གེ་དག་ཀྱང་མ་དག་པ་མང་བས་ངས་ཁྱོད་ལ་དྲན་གསོའི་ཚུལ་དུ་བྲིས་པ་ཡིན་མོད། ལར་ཁྱོད་ཀྱི་དང་པོའི་བརྡ་སྤྲོད་དང་ཚིག་སྦྱོར་སོགས་ཀྱི་ཁ་སྟབས་དེ་རྗེས་སུ་ཅུང་མ་འདྲ་བའི་སྣང་ཚུལ་ཕྲན་ལ་བྱུང་བས་ངས་ཁྱོད་ལ་ཚོད་བགམ་ཞིག་བྱས་པས་ཐ་ན་ཁྱོད་ཀྱིས་ད་མཇུག་གི་ཤད་གོང་ཕྱེ་ཚེག་ཀྱང་མཐོང་འདུག་པར་བརྟགས་ན་ཕལ་ཆེར་ཁྱོད་ལ་ཞུ་དག་གཏོང་མཁན་ཞིག་རག་པ་ཡིན་ནམ་ཡང་ན་ཁྱོད་དང་པོའི་ང་བདག་ལགས་མིན་ནའང་ཐང་། གང་ལྟར་ཁྱོད་ཐོག་མའི་བདག་དེ་ཡིན་མིན་ལ་ཁྱད་པར་ཅི་ཡང་མི་འདུག ལར་ཁྱོད་ཀྱིས་ཡི་གེ་ཤར་མར་གཏགས་པ་ལ་ཁ་གཡར་ལུགས་ལ་བརྟགས་ན་ཁྱོད་ཀྱི་བརྡ་སྤྲོད་ཀྱི་ཁ་སྟབས་ལ་གདེངས་འཇོག་དྲྭ་གྲོགས་རྣམས་པས་བྱ་ངེས།  འོན་ཀྱང་ད་ནས་ཁྱོད་ཀྱི་མཆན་ལ་ནོར་བ་ཚབ་ཆེན་མིན་པའི་ཡིག་ནོར་ལ་༼ཤར་མར་བཏགས་པའི་ཡིག་ནོར་༽དུ་ངོས་འཛིན་གྱིས་སྐྱོན་འདོག་བྱ་རྒྱུ་མིན། ད་ནས་ངེད་ཚོ་དོན་དངོས་ཀྱི་ཞིབ་འཇུག་གམ་དཔྱད་པ་བརྗོད་དེ་བགྲོ་གླེང་བྱ་རྒྱུ། 

ཁྱེད་ཀྱིས་དང་པོ་ངའི་གཤམ་གསལ་གྱི་དྲི་བ་ཕྲན་ཚེག་འདིར་ཡིད་ཀྱི་གསོས་སུ་སྨིན་པའི་ལན་ཞིག་ཡོད་པའི་རེ་བ་ཡོད། 
༡ ཁྱོད་ཀྱིས་བོན་དཔེ་རྣམས་གཏེར་དང་སྙན་རྒྱུད་ལས་བྱུང་བ་ཡིན་པས་ཁུངས་མེད་ཚུལ་སྨྲས་འདུག་དེས་ན་དགེ་ལུགས་པ་ཕུད་པའི་བན་གྱི་དཔེ་རྒྱུད་ཆེས་མང་པོ་ཞིག་ཀྱང་སྙན་རྒྱུད་དང་གཏེར་མར་ངེས་པས་དེ་ལ་ཇི་ལྟར་འགྲེལ། 

༼གཤེན་རབ་ཀྱིས་གསུང་ནས་ཡོད་པ་གཅིག་ཀྱང་མེད།༽  ཟེར། ཁྱོད་ཀྱི་འདོད་པ་ལྟར་ན་གཤེན་རབ་ཀྱི་བཀའ་ཡིན་ན་གཤེན་རབ་ཉིད་ཀྱི་ཕྱག་བྲིས་དངོས་ཞིག་དགོས་ཀྱི་ཡོད་པ་འདྲ། 
མི་ལོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ལྡན་པའི་གཤེན་བཀའ་ལ་ཕྱག་བྲིས་ངོ་མ་ཞིག་མེད་པ་བདེན་མོད། 
མི་ལོ་༢༠༠༠ལྷག་གི་ལོ་རྒྱུས་ཅན་གྱི་ཤཀ་བཀའ་ལ་ཁྱོད་ལྟར་ན་བཅོམས་ལྡན་འདས་ཀྱི་ཕྱག་བྲིས་ངོ་མ་ཞིག་ཡོད་བཟོ་འདུག དེ་འཇལ་བར་འདོད་པས་གང་དུ་ཡོད་ཕྲན་ལ་གསལ་བཤད་ཅིག་ཡོད་པ་ཞུ།  ཧོམ་ཁུང་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 12:44:45 | By: སྐུ་མགྲོན་M6Ht48(སྐུ་མགྲོན) ]
 
སྐུ་མགྲོན་M6Ht48(སྐུ་མགྲོན)2ཁྱེད་ཀྱི་གནའ་བོའི་རིག་གཞུང་ལ་ཤ་ཞེན་གྱི་ཞིབ་འཇུག་དང་ང་ཚོའི་ལྟ་བ་དང་དཔྱད་གཏམ་གང་འཕེལ་གྱི་གཞོག་འདེག་གནང་སྟེ་མཐོང་ཐོས་མང་པོ་བྲིས་འདུག་ཀྱང་།ཕྲན་ཡང་ཚོང་གཉེར་བྱ་བར་མགོ་འཁོར་ན་གནས་པའི་གང་ཟག་ཕལ་པ་ཞིག་ཡིན་སྟབས་ཤེས་བྱ་ཕྲ་བའི་དབང་གི་ཁྱེད་ཀྱི་ལྟ་བ་དང་དཔྱད་གཏམ་འདི་ནི།ཚན་རིག་དང་འདྲ་ཡང་དགག་བཞག་ཨུ་ཚུག་ཛ་དྲག་པས་ཞིབ་འཇུག་གི་ལྟ་བ་དང་འགལ། ཆོས་ལུགས་པ་དང་འདྲ་ཡང་ཡིད་ཆེས་དད་པའི་དམ་ཚིག་དང་འགལ། མཚན་ཉིད་པ་དང་ཆ་འདྲ་ཡང་རྩ་བའི་དམ་བཅའ་ཡིད་ལ་ཉར་མི་ཤེས།སྙན་ངག་པ་དང་འདྲ་ཡང་མངོན་བརྗོད་དང་ཚིག་རྒྱན་གི་ཉམས་འགྱུར་བྲལ་བ་ཞིག་དུ་མཐོང་།དེར་བརྟེན་དད་པ་མེད་པའི་ཡུལ་ཕྱོགས་ལ།གྲུབ་རྟགས་བཞག་དང་མ་བཞག་མེད།ཞེས་པ་ལྟར་ཁྱེད་སྤྲུལ་རྒོད་མཆོག་གི་རིག་རྒོད་གཏམ་དེ་ཡིག་ཚོགས་མང་བ་ཙམ་ལས་དོན་རྡོག་རྡོག་ཞིག་བདག་གི་མ་མཐོང་།་བདག་གི་དཔྱད་གཏམ་ལའང་ཁྱེད་ཀྱི་དེ་ནང་བཞིན་མཐོང་ཡོད་ངེས་རེད་ལ་བོན་ཆོས་འདིའང་བན་མིན་བོན་མིན་ལྷ་ཆོས་འདྲེ་ཆོས་སུ་མཐོང་སྟབས་ངས་ག་ཚད་བཤད་ཀྱང་ཆུ་དཀྲོག་པ་ལ་མར་མི་འབྱུང་ལྟར་འབྲས་བུ་འབྱུང་བའི་བཟོ་མི་འདུག འུ་གཉིས་ཀྱི་དུས་ཚོད་ཕྲོག་མི་བརླག ་ཁྱེད་ཀྱི་ང་ལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྩོམ་ངོ་སྤྲོད་གནང་བ་ལྟར་གུས་ནས་ཁྱེད་ལ་ངོ་སྤྲོད་བྱེད་རྒྱུ་ཉེ་ཆར་ཧི་བོན་དྲ་ཐོག་བཞག་པའིཁྱུང་སྨྱུག་མཛེས་ནས་རྩོམ་པའི་དམ་ཆོས་དགོངས་གཅིག་དགོངས་རྒྱན་ལ་ཕུལ་བའི་ལེའུ་དང་པོ་འདི་ཁྱེད་ལ་ནད་ཐོག་སྨན་དང་མཁོ་ཐོག་ལྷན་པར་འདུག་སྟབས་དེ་གས་ཆོག་པར་འདུག་པས་ཕྲན་ནས་གཏམ་ཉོབ་མི་སྤྲོས།
མེས་པོའི་རིག་གཞུང་ཕྱི་ལ་མ་རེ་ལ།
ཤ་རྩ་ཁྲག་རྒྱུན་དུད་འགྲོར་མ་གྲོལ་བའི།
མདོ་ཁམས་སེ་ཆེན་ཧོར་ཡུལ་གཙང་ཚྭ་བ།
གཡུ་འབྲུག་ཟིལ་གནོན་སྤྱི་རྗེ་ཁྱུང་དེས་སོ།
ཧོར་ང་མེད་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 12:32:04 | By: སྐུ་མགྲོན་8eu2Xk(སྐུ་མགྲོན) ]
 
སྐུ་མགྲོན་8eu2Xk(སྐུ་མགྲོན)ཁྱེད་ཀྱི་གནའ་བོའི་རིག་གཞུང་ལ་ཤ་ཞེན་གྱི་ཞིབ་འཇུག་དང་ང་ཚོའི་ལྟ་བ་དང་དཔྱད་གཏམ་གང་འཕེལ་གྱི་གཞོག་འདེག་གནང་སྟེ་མཐོང་ཐོས་མང་པོ་བྲིས་འདུག་ཀྱང་།ཕྲན་ཡང་ཚོང་གཉེར་བྱ་བར་མགོ་འཁོར་ན་གནས་པའི་གང་ཟག་ཕལ་པ་ཞིག་ཡིན་སྟབས་ཤེས་བྱ་ཕྲ་བའི་དབང་གི་ཁྱེད་ཀྱི་ལྟ་བ་དང་དཔྱད་གཏམ་འདི་ནི།ཚན་རིག་དང་འདྲ་ཡང་དགག་བཞག་ཨུ་ཚུག་ཛ་དྲག་པས་ཞིབ་འཇུག་གི་ལྟ་བ་དང་འགལ། ཆོས་ལུགས་པ་དང་འདྲ་ཡང་ཡིད་ཆེས་དད་པའི་དམ་ཚིག་དང་འགལ། མཚན་ཉིད་པ་དང་ཆ་འདྲ་ཡང་རྩ་བའི་དམ་བཅའ་ཡིད་ལ་ཉར་མི་ཤེས།སྙན་ངག་པ་དང་འདྲ་ཡང་མངོན་བརྗོད་དང་ཚིག་རྒྱན་གི་ཉམས་འགྱུར་བྲལ་བ་ཞིག་དུ་མཐོང་།དེར་བརྟེན་དད་པ་མེད་པའི་ཡུལ་ཕྱོགས་ལ།གྲུབ་རྟགས་བཞག་དང་མ་བཞག་མེད།ཞེས་པ་ལྟར་ཁྱེད་སྤྲུལ་རྒོད་མཆོག་གི་རིག་རྒོད་གཏམ་དེ་ཡིག་ཚོགས་མང་བ་ཙམ་ལས་དོན་རྡོག་རྡོག་ཞིག་བདག་གི་མ་མཐོང་།་བདག་གི་དཔྱད་གཏམ་ལའང་ཁྱེད་ཀྱི་དེ་ནང་བཞིན་མཐོང་ཡོད་ངེས་རེད་ལ་བོན་ཆོས་འདིའང་བན་མིན་བོན་མིན་ལྷ་ཆོས་འདྲེ་ཆོས་སུ་མཐོང་སྟབས་ངས་ག་ཚད་བཤད་ཀྱང་ཆུ་དཀྲོག་པ་ལ་མར་མི་འབྱུང་ལྟར་འབྲས་བུ་འབྱུང་བའི་བཟོ་མི་འདུག འུ་གཉིས་ཀྱི་དུས་ཚོད་ཕྲོག་མི་བརླག ་ཁྱེད་ཀྱི་ང་ལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྩོམ་ངོ་སྤྲོད་གནང་བ་ལྟར་གུས་ནས་ཁྱེད་ལ་ངོ་སྤྲོད་བྱེད་རྒྱུ་ཉེ་ཆར་ཧི་བོན་དྲ་ཐོག་བཞག་པའིཁྱུང་སྨྱུག་མཛེས་ནས་རྩོམ་པའི་དམ་ཆོས་དགོངས་གཅིག་དགོངས་རྒྱན་ལ་ཕུལ་བའི་ལེའུ་དང་པོ་འདི་ཁྱེད་ལ་ནད་ཐོག་སྨན་དང་མཁོ་ཐོག་ལྷན་པར་འདུག་སྟབས་དེ་གས་ཆོག་པར་འདུག་པས་ཕྲན་ནས་གཏམ་ཉོབ་མི་སྤྲོས།
མེས་པོའི་རིག་གཞུང་ཕྱི་ལ་མ་རེ་ལ།
ཤ་རྩ་ཁྲག་རྒྱུན་དུད་འགྲོར་མ་གྲོལ་བའི།
མདོ་ཁམས་སེ་ཆེན་ཧོར་ཡུལ་གཙང་ཚྭ་བ།
གཡུ་འབྲུག་ཟིལ་གནོན་སྤྱི་རྗེ་ཁྱུང་དེས་སོ།
ཧོར་ང་མེད་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/29 12:20:31 | By: སྐུ་མགྲོན་8eu2Xk(སྐུ་མགྲོན) ]
 
སྐུ་མགྲོན་8eu2Xk(སྐུ་མགྲོན)གཡུ་འབྲུག་ལགས་།1དེ་རིང་གི་རྩོད་གཞིའི་དམིགས་ས་ངོ་མ་བོན་པོ་ནང་པ་ཡིན་མིན་རེད།དེ་ནི་ཁྱེད་ཀྱི་ནང་པ་མི་ལོ་གསུང་རྒྱུ་ཙམ་ལས།མཚན་ཉིད་དང་མཚན་གཞི་བྱེད་ལས་ཐམས་ཅད་ནང་པ་ཤན་ཞུག་པའམ་འགྲེས་པ་གང་ལྟར་བཤད་ཀྱང་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐའ་ཁས་བླང་ཟིན་སོང་བས་དེ་ཙམ་ཆོག ལར་ཕྱི་པ་དང་ནང་པ་ལྟ་གྲུབ་ལ་ལྟོས་ས་ལྟོས་འཇོག་གི་བཤད་པ་ལས་འཇིག་རྟེན་པའི་བདག་འཛིན་གི་ཕྱི་ནང་བཤད་ན།འགལ་བ་མང་པོ་འདུག་སྟེ།བན་བོན་ནས་མུ་སྟེགས་ཕྱི་པར་འདོད་ཀྱང་།མུ་སྟེགས་པས་བན་བོན་ཕྱི་པར་འདོད་སྲིད་པས་སོ།བོན་པོས་བན་ཆོས་ནང་པར་འདོད་ཀྱང་།བན་དེས་བོན་པོ་ནང་པར་འདོད་པ་ཧ་ཀྱང་དཀོན།མདོར་བསྡུས་ན་ཕན་ཚུན་་ནང་ཚག་རྩིས་མ་རྩིས་ལྟ་བུ་འདྲ།ད་དུང་འབྱུང་ཁུང་གི་ལྟོས་འཇོག་བཞག་པ་ཡིན་ན་བོན་པོས་བན་དེ་ཕྱི་པར་འཇོག་ཆོག་ཆོག་སྟེ།ཁྱོད་ཕྱི་ལོག་ནས་ཡོང་བའི་ཕྱིར་ལྟ་བུ་གནོད་པ་མང་འདུག་སྙམ།   ཡིད་དམ་དབལ་ཆེན་གེ་ཁོད་དེས་ཡུལ་ས་གཞི་བདག་རྣམ་དབང་དུ་བསྡུས་ཟིལ་གྱིས་ནོན་དེ་དག་གི་སྐད་གོ་དོན་རྟོགས་བཀའ་ཉན་དམ་གནས་པ་ཙམ་གྱིས་ཡུལ་ལྷ་ནས་ཡི་དམ་དུ་གོ་ས་འཕར་བར་མི་འགྱུར།ཡི་དམ་དབལ་ཆེན་གེ་ཁོད་ཐོག་མ་ནས་ཡི་དམ་གྱི་ལྷ་ཡིན་པའི་ཕྱིར།དེའི་སྐད་གོ་དེ་དག་གིས་གཙུག་དུ་བཀུར་བ་ཙམ་གྱི་དེ་ཡིན་པར་ག་ལ་འགྱུར།དེ་ལྟར་ཡིན་ན་མཁར་རྨེའུ་དང་ནམ་མཁའི་ནོར་བུ་སོགས་ནུབ་ཕྱོགས་པ་ཡིན་པར་ཐལ།ནུབ་ཕྱོགས་པའི་སྐད་གོ་ནུབ་ཕྱོགས་པས་གཙུག་དུ་བཀུར་བའི་ཕྱིར།བོད་མི་རྒྱ་བླ་ཆོས་ཅན།རྒྱ་རིགས་ཡིན་པ་ཐལ།རྒྱ་སྐད་གོ་བ་གང་ཞིག རྒྱ་མིས་གཙུག་དུ་བཀུར་བའི་ཕྱིར།
ཕྱི་ཆོས་རྨང་གཞི་བྱས་པའི་རྣམ་ཐར་མེད།
ཕྱི་དམག་ནང་འདྲེན་བྱས་པའི་ལོ་རྒྱུས་མེད།
ཕྱི་འཇམ་ནང་རྩུབ་བོད་པའི་ཞབས་འདྲེན་མེད།
གཤེན་རབ་བོན་བཞི་སྤྱོད་པའི་གཡུང་དྲུང་བོན།།
༧མཐོ་སྒང་བཞུགས་སྟེ་བན་བོན་དཀྲུག་པ་མེད།
བདེ་གཤོང་ཉུལ་སྟེ་བོད་ཆུས་ཕུང་བ་མེད།
ཆོས་བཤད་སྡིག་སྤྱོད་དམེ་འཁྲུག་འཁོར་སྐོར་མེད།
རང་སར་ཞི་བདེར་གནས་པ་གཡུང་དྲུང་བོན།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/28 23:35:47 | By: སྐུ་མགྲོན་Lq2Skw(སྐུ་མགྲོན) ]
 
སྐུ་མགྲོན་Lq2Skw(སྐུ་མགྲོན)ཡང་ང་བདག་ལགས་ཀྱིས། འཛམ་གླིང་མཁས་པའི་དབང་པོ་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ལ་དགག་ཁུལ་བྱེད་པ་འདི་ཤ་ཚ། ཁོ་པས་འཛམ་གླིང་ཐོག་ཏུ་མི་ཡི་རིག་གནས་དར་ནས་མི་ལོ་བདུན་སྟོང་བརྒལ་མེད་ལ་ཆིག་ཁྲིའི་ཡར་སྔོན་དུ་གཤེན་རབ་ཀྱིས་ལྷ་འདྲེ་ལ་ཆོས་བཤད་པ་རེད་ཟེར་བའི་ལེན་དུ། ཁྱོད་ཀྱི་གཏམ་དེ་ཚན་རིག་པ་ལ་རྒྱལ་བརྟེན་བཅོལ་དགོས་གང་ལགས། ཁྱོད་ནི་ལྷ་ཡོད་སྨྲ་བའི་ཆོས་ལུགས་པ་ཞིག་ཡིན་ནམ། ཡང་ན་ལྷ་མེད་སྨྲ་བའི་ཚན་རིག་པ་ཞིག་ཡིན་ཤོད་དང་། ཨོ་ང་བརྗེད་སོང་བ་རེད། ཉ་ཉུང་མཉམ་བསྲེ་དང་། འདི་ཕྱི་མཉམ་བཞེས། ཆོས་སྲིད་ཟུང་སྦྲེལ་གྱི་ལུགས་སྲོལ་འདི་ཉིད་ཁྱོད་ཕྱོགས་ཆོས་ལུགས་ཀྱི་སྲོ་རྩ་ཡིན་པ་དེ་ངས་མ་དྲན་པ་རེད། ཡང་ཁྱོད་ཀྱི་གཤེན་རབ་ཀྱི་མཛད་མདོ་རྒྱས་བསྡུས་རྣམས་ཞལ་མི་མཐུན་པ་འདི་རྫུན་གཏམ་དུ་ཟད་དོ་ཞེས་པ་ལ། ཐུབ་པའི་འཁྲུངས་ལོ་མི་མཐུན་པའི་ཚུལ་ནི། ཨ་ཏི་ཤའི་ལུགས་ལ་ཤིང་གླང་དུ་ངོས་བཟུང་བ་དང་། ཡང་ས་པཎ་གྱིས་ས་འབྲུག །རྒྱ་ནག་གི་ལུགས་ལ་ཤིང་སྟག །ཕུགས་ལུགས་སུ་ལྕགས་སྤྲེལ། བུ་སྟོན་དང་མཁས་གྲུབ་རྗེའི་མེ་རྟ། སྟག་ལོ་དང་མཚུར་ཕུའི་ལུགས་ལ་ཤིང་བྱིར་འདོད་པ་འདི་རྣམས་རྫུན་གཏམ་དུ་འདོད་དམ། རང་སྐྱོན་མི་མཐོང་མི་ཡི་ཞན་ཆ་འཚོལ། སྔོན་བཤད་གཏམ་གྱི་བྲོ་བ་མ་ཡལ་གོང་། རྐང་རྗེས་ལག་པས་བསུབ་པའི་ལས་ལ་བྲེལ། ང་བདག་ངན་ལང་ཤོར་བའི་རང་འཚང་ལགས། གངས་དཀར་ལྷུན་པོའི་ཕྲེང་བ་བསྟར་བའི་དབུས། བསིལ་ལྗོངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི། ཡ་གྱལ་རྔུལ་སྟོད་རིག་བཟང་ལྷ་ཡི་བུ། རྩལ་གསུམ་རྫོགས་པའི་སེང་ཕྲུག་དར་མས་བྲིས། གངས་རིའི་མེས་པོ་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/28 19:49:45 | By: སྐུ་མགྲོན་JNEq2U(སྐུ་མགྲོན) ]
 
སྐུ་མགྲོན་JNEq2U(སྐུ་མགྲོན)ད་ནི་ང་བདག་རིན་པོ་ཆེའི་བཟོ་ལྟ་ཆུང་ཙམ་ཤོར་འགྲོ་ཡི་འདུག། ཁར་སེང་དང་ཐོག་ང་རིན་པོ་ཆེ་ངར་ངར་ཤོར་ཤོར་ཧཱུྃ་ཧཱུྃ་ཕཌཿཕཌཿཀྱི་སྒོ་ནས་བོན་ཕྲུག་ཚོ་ཤ་ཚ་བསྐལ་པ་སྟོང་དུ་བཤད་ཀྱང་བོན་པོ་ནི་ནང་བ་ཡིན་ས་འགྲོ་ནི་མ་རེད་ཞེས་ཚིག་ཐག་ཆོད་པོས་བཤད་པའི་གཏམ་དེའི་བྲོ་བ་ད་ལྟ་ཡལ་མེད། དེ་རིང་ང་བདག་གི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་ནི་བོན་པོའི་སྐྱབས་གནས་མཆོག་གསུམ་ཡིན་པ་དང་། བཀའ་རྟགས་མདོ་བཞི་ཡང་བོན་གྱི་ཁས་ལེན་ལུགས་ཀྱི་གཏམ་ཞིང་དབང་མེད་རང་ཤུགས་སུ་བརྡོལ་ཡོང་གི་འདུག་འདི་ནི་ཁོ་བའི་རང་གཤིས་ངོ་མ་དེ་ཡིན་པས་བཅོས་ག་ལ་ཐུབ། ད་ལྟ་ནི་བསྐལ་པ་སྟོང་ཕར་བཞག་ཆུ་ཚོད་སྟོང་ཙམ་འགྲོ་བ་མེད་དོ། གངས་མེས་ནས།
 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/28 16:09:48 | By: ང་།(སྐུ་མགྲོན) ]
 
ང་།(སྐུ་མགྲོན)དེ་ནི་འགོ་ནས་མཇུག་བར་སངས་རྒྱས་ཆོས་ལུགས་ཤན་ཤུགས་ཐེབས་འདུག་ལ་བོན་པོའི་སྲིད་པ་གྲོལ་ཚུལ་གྱི་ལྟ་བ་ཟུར་རྒྱན་ནས་ཡོད། དེ་ནི་སྙན་རྒྱུད་ཡིན་པ་རེད། གཤེ་རབ་མི་བོ་རྣམ་ཐར་གཅིག་པུས་ཀྱང་བོན་པོའི་འགྱུར་ལྡོག་མཚོན་གྱི་འདུག་སྟེ་དཔེ་ན་མདོ་འདུ་ནས་བཤད་པ་དང་རྣམ་ཐར་ཕྱི་མ་གཉིས་ལས་བཤད་པ་མ་འདྲ་ཙང་། ཕྱི་བཞུགས་བོན་པོའི་མཁས་པ་སྨན་རིའི་དཔོན་སློབ་མཆོག་གིས་ཞལ་གྱི་སྒོ་ནས་མདོ་འདུས་སྐུ་གསུམ་འབུལ་བའི་སྟ་གོན་བྱེད་ཀྱི་འདུག་པས་སོ། གཞན་བན་ལུགས་ཀྱི་བཀའ་བསྟན་འགྱུར་དུས་རབས་བཅུ་གསུམ་པའི་དུས་འགོ་བསྡུ་སྒྲིག་བྱས་ཤིང་བོན་པོས་བཀའ་དང་བཀའ་བརྟེན་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་བསྡུ་སྒྲིག་བྱས་པ་རེད་འདུག མདོ་པད་དཀར་དང་ལང་ཀ་གཤེགས་པའི་མདོ་སོགས་གཟིགས་དང་ཐུབ་པ་སངས་རྒྱས་མཆོག་གི་རྣམ་ཐར་མཇལ་ནས་ཡོང་ལགས། ལར་རྣམ་ཐར་སྒྲུང་གཏམ་དུ་བསྒྱུར་བ་མང་ན་དོན་གྱི་བརྗོད་པ་དེ་ཉིད་ཡང་དག་ཏུ་མི་འགྱུར་ཏེ། བོད་པའི་གེ་སར་སྒྲུང་དང་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་གནའ་བོ་གྷི་རེ་སིའི་མི་ཟན་ལྷ་མོ་ལྟ་བུའོ། ད་ནི་ཞིབ་ཏུ་བཤད་པའི་དུས་ཚོད་མི་འདུག་པས་སོ་སོའི་ས་ནས་རང་བསམ་གཏང་ན་འགྲིག་ཚོད་འདུག
བདག་ལ་དྲིས་པའི་ལན་གཞན་རྣམ་སང་ཉིན་ཕུལ་བ་བྱ་ལ་དེ་རིང་ད་དུང་ལས་དོན་མང་པོ་ཡོད་ཐུགས་རྗེ་ཆེ།

རྒྱ་ཁུངས་བོད་ལ་གཏུགས་པའི་འདུན་པ་མེད།།
བོད་ཁུངས་གཞན་ལ་འདེད་པའི་ཞེ་བྲོད་མེད།།
རིགས་རུས་ཆོ་འབྲང་གཞན་དང་མི་བསྲེ་བ།།
བདག་འདྲས་རིགས་ཀྱི་རྩ་བ་དཔྱོད་ཚུལ་ཡིན།།

གནམ་བོན་དགའ་བའི་དུངས་པ་གླེང་གི་མེད།།
མ་འཐད་ཚིག་གིས་གཤེ་བའི་ཆོ་འཁྲུལ་མེད།།
རིགས་ཀྱི་བླ་རྐང་འཚོང་བའི་ནུས་པང་མེད།།
མེད་པ་གསུམ་འདི་ཤེས་ན་དགོས་པ་ཡོད།།

ཆུ་བཞི་ལྷུང་ལྷུང་རྒྱུ་བའི་གཞིས་ཁ་ནས།།
སྒང་དྲུག་གྲལ་ལ་བསྟར་བའི་ལུང་གཤོག་ཏུ།།
མདོ་ཁམས་མི་ཡི་སྲས་པོས་བྲིས་པ་ཡིན།།
ཡ་བྲང་ཁྱིམ་དྲོད་ལྡེ་བའི་གཡུ་འབྲུག་པས།།

ང་རིན་པོ་ཆེས།


 
 
Re:ལོག་བཤད་དུག་རླངས་གཏོར་བའི་དྲི་བཞོན།
[ 2011/10/28 15:53:48 | By: ང་།(སྐུ་མགྲོན) ]
 
ང་།(སྐུ་མགྲོན)དེ་ནི་འགོ་ནས་མཇུག་བར་སངས་རྒྱས་ཆོས་ལུགས་ཤན་ཤུགས་ཐེབས་འདུག་ལ་བོན་པོའི་སྲིད་པ་གྲོལ་ཚུལ་གྱི་ལྟ་བ་ཟུར་རྒྱན་ནས་ཡོད། དེ་ནི་སྙན་རྒྱུད་ཡིན་པ་རེད། གཤེ་རབ་མི་བོ་རྣམ་ཐར་གཅིག་པུས་ཀྱང་བོན་པོའི་འགྱུར་ལྡོག་མཚོན་གྱི་འདུག་སྟེ་དཔེ་ན་མདོ་འདུ་ནས་བཤད་པ་དང་རྣམ་ཐར་ཕྱི་མ་གཉིས་ལས་བཤད་པ་མ་འདྲ་ཙང་། ཕྱི་བཞུགས་བོན་པོའི་མཁས་པ་སྨན་རིའི་དཔོན་སློབ་མཆོག་གིས་ཞལ་གྱི་སྒོ་ནས་མདོ་འདུས་སྐུ་གསུམ་འབུལ་བའི་སྟ་གོན་བྱེད་ཀྱི་འདུག་པས་སོ། གཞན་བན་ལུགས་ཀྱི་བཀའ་བསྟན་འགྱུར་དུས་རབས་བཅུ་གསུམ་པའི་དུས་འགོ་བསྡུ་སྒྲིག་བྱས་ཤིང་བོན་པོས་བཀའ་དང་བཀའ་བརྟེན་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་བསྡུ་སྒྲིག་བྱས་པ་རེད་འདུག མདོ་པད་དཀར་དང་ལང་ཀ་གཤེགས་པའི་མདོ་སོགས་གཟིགས་དང་ཐུབ་པ་སངས་རྒྱས་མཆོག་གི་རྣམ་ཐར་མཇལ་ནས་ཡོང་ལགས། ལར་རྣམ་ཐར་སྒྲུང་གཏམ་དུ་བསྒྱུར་བ་མང་ན་དོན་གྱི་བརྗོད་པ་དེ་ཉིད་ཡང་དག་ཏུ་མི་འགྱུར་ཏེ། བོད་པའི་གེ་སར་སྒྲུང་དང་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་གནའ་བོ་གྷི་རེ་སིའི་མི་ཟན་ལྷ་མོ་ལྟ་བུའོ། ད་ནི་ཞིབ་ཏུ་བཤད་པའི་དུས་ཚོད་མི་འདུག་པས་སོ་སོའི་ས་ནས་རང་བསམ་གཏང་ན་འགྲིག་ཚོད་འདུག
བདག་ལ་དྲིས་པའི་ལན་གཞན་རྣམ་སང་ཉིན་ཕུལ་བ་བྱ་ལ་དེ་རིང་ད་དུང་ལས་དོན་མང་པོ་ཡོད་ཐུགས་རྗེ་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.