ཁ་བ་དཀར་པོ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༣མདོ་དར་དགོན་གྱི་ལོ་རྒྱུས།
[ 2011/5/12 12:59:00 | By: ཤེས་རབ་བློ་གྲོས། ]
 

༼གཉིས་པ་༽ སྤྲུལ་སྐུ་བློ་ལྡན་གྱིས་བཞེངས་པའི་དགོན་པར་གྲྭ་ས་གོང་འོག་བར་གསུམ་འབོ་པའི་གོང་མ་བྱ་ཟེ་ཡོངས་རྫོངས་དང་། བར་མ་རི་རྩེ་དྲུག །འོག་མ་མདོ་དར་དགོན་ཞེས་བཤད་མཁན་འདུག་རུང་ཡིག་ཆ་ཁ་གསལ་ཅན་མ་བརྙེད་ གང་ལྟར་མདོ་དར་དགོན་ནི་་ཉིད་ཀྱིས་བཏབ་པའི་དགོན་ཆེན་ཞིག་ཡིན་པ་ཚང་མའི་གཅིག་བསྒྱུར་གྱི་ངོས་འཛིན་ཡོད། དགོན་པ་འདི་ལ་ཡང་དབུས་ཀྱི་གླིང་ཆེན་གཅིག་ལས་གྱེས་པའི་ཕྱོགས་བཞིར་འདུ་ཁང་ཆེན་པོ་བཞི་ལ་སྒོ་ཆེན་བཞི་དང་གྲྭ་ཤག་ཀྱང་བརྒྱ་ཕྲག་ལས་ལྷག་པར་འཕེལ་ཡོད་ཚུལ་བཤད། སྐབས་དེར་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་མཆོག་གིས་མཚན་སྙན་ལ་བརྟེན་ནས་ཚ་བ་སྒང་རོང་གཉིས་ཙམ་མ་ཟད་ཤར་རྒྱལ་རོང་དང་ཉག་རོང་སོགས་ནས་གྲྭ་ས་བ མང་པོ་འཕེལ་ཏེ་འདུས་སྡེ་ལྔ་བརྒྱ་ཡར་ལྷག་གི་བཤད་སྒྲུབ་སྒོམ་པའི་བསྟན་པ་རྒྱས་པར་བཤད་སྲོ་འདུག ཕྱོགས་བཞི་དབུས་ལྔའི་འདུ་ཁང་ལྔ་ལ་གཙོ་བོ་ཡི་དམ་གསས་མཁར་མཆོག་ལྔའི་ལྷ་འཁོར་ཟངས་གསེར་ལས་གྲུབ་པའི་སྐུ་དང་གྱང་བྲིས་སོགས་དང་། ཡི་དམ་གཞན་མའི་སྐུ་གཟུགས་ཡང་མང་པོ་བཞེངས་ཡོད་པ་མ་ཟད་བཀའ་དང་བཀའ་བརྟེན་གསེར་བྲིས་དང་སྣ་ཚ་རྒྱ་མཚལ་བཅས་ཀྱིས་བྲིས་པ་པ་དང་། གཞན་དཀྱིལ་འཁོར་སྐོར་དང་འོལ་མོའི་གླིང་སོགས་གླིང་བཞིའི་བཀོད་པ་ཡང་མང་པོར་བྲིས་ཡོད་པར་བཤད།སྐབས་དེར་འདུ་ཚོགས་གཙོ་བོ་གསས་མཁར་མཆོག་ལྔའི་སྒྲུབ་གཞུང་བཅས་ཡིན་ལ།ལྷག་པར་དུ་སྤྲུལ་སྐུ་བློ་ལྡན་མཆོག་གི་སྙན་བརྒྱུད་མ་ཏྲི་རིན་ཆེན་སྒྲོན་མ་དང་ཆོ་ག་བཅུ་གཉིས་དགོན་དེར་བཀའ་གཏད་བྱས་པར་གྲགས་པ་དེང་ཡང་ཆགས་མེད་འདོན་ཀྱི་ཡོད། ཁྱད་པར་བཤད་སྒྲུབ་ཀྱི་བསྟན་པ་དང་གར་འཆམ་སོགས་དགོན་ཆེན་གྱི་མཐུན་རྐྱེན་ཆ་ཚང་ལྡན་པའི་ཚ་བ་སྒང་སྨད་དུ་བོན་གྱི་གྲྭ་ས་ཆེན་མོར་ཆགས་ནས་ལོ་བརྒྱ་ཕྲག་བཞི་ལ་ཉེ་བར་དར་རྒྱས་སོང་ཡང་ཕྱིས་ཆོས་ལུགས་ཕན་ཚུན་ཆགས་སྡང་དབང་གིས་སམ     ཡང་ན་བཤད་སྲོལ་གཅིག་ལ་དཀོར་གཉེར་གྱི་མེ་རྐྱེན་གྱིས་འཇིག་པར་བཤད། དེང་ཡང་དགོན་དེའི་ཆགས་ཤུལ་དུ་མེ་སོལ་མང་པོ་ས་ཞབས་ནས་བརྡོལ་རྒྱུ་ཡོད་པ་མ་ཟདས་ཡི་པག་རུལ་ནས་གྱང་རིས་རྙིང་པ་དང་འདམ་སྐུ་རྙིང་པ་ཆགས་རུལ་ཅན་འགའ་ཡང་མཐོང་རྒྱུ་འདུག་པས་ཤེས།    
དེ་རྗེས་ལོ་ཁ་ཤས་སོང་མཚས་ཚ་བ་གཙུག་ཕུད་ཚུལ་ཁྲིམས་ཞེས་སྲིད་ན་ཨུ་དུམ་ཝ་ར་ལྟ་བུའི་སྐྱེས་ཆེན་ཕྱི་སོ་ཐར་གྱི་བསླབ་པས་སྐུ་བཙུན་ནང་བྱམས་སེམས་གྱིས་ཐུགས་རྒྱུད་འཇམ     གསང་བ་རིམ་གཉིས་བརྣལ་དུ་དབབ་པའི་སྐྱེས་ཞིག་ཡིན་སྟབས་རིང་ནས་ཐུགས་བསྐྱེད་བླ་ན་མེད་པར་དུས་སུ་སྨིན་ནས་ལས་ཀྱི་འཕྲོ་སད་དེ་སྔསྤྲུལ་སྐུ་བློ་ལྡན་གྱིས་བཞེངས་པ་དེ་ཉིད་ཉམས་གསོའི་བྱ་བ་བརྩོན་ནས་རི་པར་བསྐྱར་བཞེངས་གནང་། དེ་ཡང་སྔ་སྲོལ་ལྟར་འདུས་སྡེ་བསྐྱང་བའི་སྐྱེས་ཆེན་མང་པོ་ཞིག་ངང་གིས་འདུས་ཡོད་ལ། ལྷག་པར་སྤྲུལ་སྐུ་སངས་རྒྱས་གླིང་པས་དམ་པ་ཁོང་ཉིད་རྩ་བའི་བླ་མ་བསྟེན་སྟེ་ཕྱི་འདུལ་ཁྲིམས་དང་། ནང་རིམ་གཉིས་གསང་བ་རྫོགས་ཆེན་བཅས་ཀྱི་ཁྲིད་གདམས་མང་པོ་ནོ་ཏེ་བསྟན་འགྲོར་སྨན་པའི་སྐྱེས་ཆེན་དམ་པར་གྱུར་པ་རེ དེ་བཞིན་ཕྱོགས་ཕན་ཚུན་གྱི་སྐྱེས་ཆེན་མང་པོ་ཞིག་གིས་གཙུག་ཕུད་ཚུལ་ཁྲིམས་རྩ་བའི་བླ་མ་བསྟེན་ཚུལ་བཤད་སྲོལ་ཡོད་ཀྱང་འདིར་དེ་ཙམ་ལས་རྒྱུ་ཆ་མ་འཛོམས། དམ་པ་ཁོང་ནི་མདོ་དར་གྲྭ་ས་ནས་ཐོན་པ་མ་ཟད་དགོན་དེའི་སློབ་དཔོན་ཡང་ཡིན། དེ་ཡང་སྔར་མདོ་དར་ལ་གྲྭ་ས་ཆེན་པོའི་སློབ་སྦྱོང་གི་ཆ་རྐྱེན་ཡོད་པགཙུག་ཕུད་ཚུལ་ཁྲིམས་ཀྱིས་མཚན་སྙན་གྱིས་རྟོགས་ཐུབ།དམ་པ་ཁོང་གཙོས་པའི་ཁོང་གི་སྤྲུལ་བརྒྱུད་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱི་སྔར་དང་མཐུན་པར་དགོན་ཕྱི་ནང་བསྟན་བཞེངས་གནང་ཡང་སྔར་བཞིན་ཆ་ཡོངས་སུ་རྫོགས་པ་སྒྲུབ་མ་ཐུབ།།གཙུག་ཕུད་ཚུལ་ཁྲིམས་མན་ཆོད་ཀྱི་བླ་མ་རྣམས་ཀྱིས་བཞེངས་པ་འགའ་ཞིག་བཀོད་ན། དབུས་ཀྱི་འདུ་ཁང་ཆེན་མོ་གཅིག  རྣམ་རྒྱལ་ལྷ་ཁང་ཞེས་སྐུ་གདུང་ཁང་གཅིག་དང་། བླ་བྲང་འཁོར་ཆེན་བཅུ་ཕྲག་ལས་བརྒལ་བ་ཡོད་པའི་འཁོར་ཁང་གཅིག ཇ་ཁང་དང་། སྤྱི་ཁང་། བཤད་སྒྲུབ་ཀྱི་་བསྟན་པའི་ཆ་རྐྱེན་ལྡན་པ་གྲྭ་ཤག་སོགས་ཀྱང་གྲངས་མང་འཕེལ་ཡོད་པར་རེད། ནང་བསྟན་ལ་རྣམ་རྒྱལ་ལྷ་ཁང་ནང་རྣམ་རྒྱལ་སྐུ་ཆེ་ཆུང་བྲིས་བརྡུང་བླུག་གསུམ་བརྒྱ་ཕྲག་ལས་བརྒལ་བ་དང་། འདུ་ཁང་ནང་རྒྱལ་བ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་དང་། རྒྱལ་བ་མཉམ་མེད་ཆེན་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོ་གསུམ་གྱི་སྐུ་བརྙན་རྒྱུ་ཟངས་གསེར་ལས་གྲུབ་པ་བརྩག་ཚད་ལོན་པ་གསུམ་དང་། གྱང་བྲིས་གསས་མཁར་མཆོག་ལྔ་གཙོ་པའི་ཡི་དམ་ཕྱི་ནང་གསང་གསུམ་གྱི་ལྷ་འཁོར་བྲིས་པ་དང་། གཞན་ཡང་བླུག་སྐུ་དང་འདམ་སྐུ་ཆུང་བ་ཡང་མང་པོ་ཡོད། སྲུང་མ་ཁང་ནང་བཀའ་སྐྱོང་ཕོ་བརྒྱུད་དང་མོ་བརྒྱུད་ཀྱི་འདམ་སྐུ་བརྩག་ཚད་མ་བཅུ་ཕྲག་རྩམ་དང་སྲུང་མ་དང་ཡུལ་ས་སོགས་གྱང་བྲིས་ཅན་དང་སྲུང་མའི་སྐུ་སོབ་སོགས་དང་  ཁྲོ་སྒྲུབ་སྐབས་ཀྱི་ཁྲོ་བོ་དང་སྲུང་མའི་ཞལ་འབག་སོགས་ཁྲོ་བོའི་རྩ་འཆམ་ཀྱི་རྒྱན་ཆས་ཆ་ཚང་ཡོད་པ་མ་ཟད་ཡི་དམ་གཏོར་མ་མང་པོ་ཞིག་དངུལ་དང་གསེར་ལས་བཟོས་པ་དང་།རྟེན་གསུམ་མམ་ཆེས་རྙིང་བའི་རིགས་ནི་ཁམས་ཆེན་གསེར་བྲིས་མ་གཅིག་དང་། གསས་ཁང་རྒྱ་ཕུབ་ལྡན་པ་དངུལ་ལ་གསེར་རིས་ཅན་གྱི་ནང་དུ་རིང་སྲེལ་ཉི་ཟླ་ཁ་སྤྲོད་ནམ་འཁྲུལ་མེད་ཀྱི་རིང་སྲེལ་གཉིས་བཞུགས་པ་དེ་རིག་པ་འཛིན་པ་བླ་མ་འདི་དང་འདིའི་ཞེས་བཤད་རྒྱུ་མེ་ཀྱང་ཁྱད་དུ་འཕགས་པའི་རིང་སྲེལ་ཡིན་པ་ཐེ་ཚོམ་དང་བྲལ་བ་ཡོད། དེ་བཞིན་ཁར་ལྔ་བཀྲ་ཤིས་རྒྱང་གྲགས། སྦུབ་ཆོལ་སྲིད་པ་རང་གྲགས། གཏེར་ཁྲོ་ཞེས་འཚོགས་ཁྲོ་ཆེན་པོ་ཞིག་ཡོད་པ་དེ་མདོ་དར་དགོན་གྱི་འོག་སྲིད་རྒྱལ་བླ་མཚོ་ཡོད་ས་དེ་ནས་་གཏེར་ལ་དྲངས་་ཡིན་ཞེས་གྲགས། དེ་བཞིན་གཞན་འགའ་ཡོད་ཀྱང་དཔྱད་གཞི་ཡི་ཆ་དབེན་པའི་ཤོད་མ་སྤོབ།དགོན་འདིའི་བླ་རབས་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ནས་གོང་མ་གཙུག་ཕུད་ཚུལ་ཁྲིམས་ཡན་ཆོད་དཔྱད་གཞི་ཡིག་ཆ་གསལ་པོ་མ་རྙེད་པས་རེ་ཤིག་བཞག     གོང་མ་གཙུག་ཕུད་ཚུལ་ཁྲིམས་ནས་ཁོང་གི་སྐྱེ་འཕྲེ་རིམ་བྱོན་གྱིས་དགོན་པ་བསྐྱངས་བས།༼དང་པོ་༽གཙུག་ཕུད་ཚུལ་ཁྲིམས་སྤྱི་ལོ་༡༦༩༨ལོའི་བོད་མེ་བྱི་ལོར་སྐུ་འཁྲུངས་ཆུང་ནས་བྲིས་ཀློག་འདོན་གསུམ་དང་རིག་གནས་སྐོར་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཟབ་སྦྱོང་གནང་ས་གཙོ་བོ་སྤྲུལ་སྐུ་བློ་ལྡན་གྱི་གྲྭ་ས་འོག་མ་མདོ་དར་དགོན་ཡིནཁོང་ནི་དགོན་འདིར་བཀའ་དྲིན་ཆེ་བ་ཡིན་པ་ནི་ཕྱི་བསྟན་བཞེངས་དང་ནང་བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་ནས་བུ་སློབ་མང་པོ་ཞིག་འཕེལ་བའི་ནང་ནས་མཆོག་ཏུ་གྱུར་པ་འཛམ་གླིང་བླ་མ་སངས་རྒྱས་གླིང་པ་ཡིན། སངས་རྒྱས་གླིང་པ་ནས་དགོན་འདིར་བསྟན་བཞེངས་མང་པོ་ཞིག་བྱས་པ་བཤད་རྒྱུ་ཡོད་པ་མ་ཟད་སྤྲུལ་སྐུ་སངས་རྒྱས་གླིང་པ་ནས་བཟུང་། ད་བར་རྩེ་དྲུག་དགོན་པའི་བླ་རབས་རིམ་བྱོན་གྱིས་གཟིགས་སྐྱོང་འོག་དགོན་འདིར་བསྟན་པ་མ་ཉམས་པ་གནས་ཐུབ་པར་བྱས་ཡོད།༼གཉིས་པ༽རིན་ཆེན་ཕུན་ཚོགས་ནི་སྤྱི་ལོ་༼༡༧༧༣༽ལོར་སྐུ་འཁྲུངས་ནས་མདོ་དར་དགོན་རྩེ་དྲུག་དགོན་སོགས་སུ་སློབ་སྦྱོང་ལ་ཕེབས་ནས་བསྟན་པ་བསྐྱང་ཚུལ་བཤདདེ་བཞིན་བླ་རབས་༼གསུམ་པ༽ནོར་བུ་གཡུང་དྲུང་།༼བཞི་པ༽གཡུང་དྲུང་རྒྱལ་བ༼ལྔ་པབསྟན་པ༼དྲུག་པ༽ཁམས་ཏིག ༼བདུན་པ༽རིན་ཆེན་བསྟན་རྒྱལ༼བརྒྱད་པ༽ཀུན་བཟང་འཕྲིན་ལས་༼༡༩༡༥ལོར་སྐུ་འཁྲུངས དམ་པ་དེ་རྣམས་ཁྱུང་པོ་རི་བོ་རྩེ་དྲུག་སོགས་གདན་ས་མང་པོ་འགྲིམ་ནས་སློབ་སྦྱོང་གནང་གྲུབ་མཐར་གདན་ས་སྐྱོངས་བར་བཤད་ཀྱི་ཡོད། མདོར་ན་བླ་མ་དེ་རྣམས་བསླབ་གསུམ་ངུར་སྨྲིག་འཆང་བ་ཤ་སྟག་ལས་འཆལ་འཁྱོལ་པ་ཞིག་མ་ཡིན་པར་བཤད། དེ་རྣམས་ཀྱི་མཛད་འཕྲིན་བསྐྱངས་སྟངས་ཞིབ་ཚག་དཔྱད་གཞི་ཡིག་ཆ་དབེན་པའི་བརྗོད་མ་ཐུབ་ཀྱང་། ཁོང་རྣམས་ལ་མཛད་འཕྲིན་ངོ་མཚར་ཆེ་བ་ཡོད་ངེས་ཡིན་པ་མ་ཟད་སངས་རྒྱས་གླིང་པ་ནས་བཟུང་རྩེ་དྲུག་དགོན་གྱི་དགོན་ལག་ཡིན་སྟབས་རྩེ་དྲུག་བླ་མ་རིམ་བྱོན་རྣམས་ཀྱིས་གཟིགས་སྐྱོངས་གནང་བ་ཡོད་ཀྱང་ཡིག་ཐོག་ལ་བཀོད་དཀའ་བ་ནི་དཔྱད་གཞི་དབེན་པ་ཡིན། གཙུག་ཕུད་ཚུལ་ཁྲིམས་ནས་བཟུང་དམ་པ་དེ་རྣམས་ཀྱིས་བསྐྱངས་བའི་འདུ་ཚོགས་ཆེན་མོ་དུས་བཞི་ལ་ལྟོས་པ་བཞི་ཡོད་པ་དེ། དཔྱི་དུས་ཀྱི་བོད་ཟླ་གསུམ་པའི་ནང་རྣམ་རྒྱལ་སྟོང་མཆོད་དང་སྡེ་པ་སྤྱི་ཡི་ཆེ་ས་བདག་འཁྲུག་བཅོས་བཅས་ཉིན་བདུན་ཙམ་རིང་འཚོགས་ཀྱི་ཡོད།།དབྱར་དུས་ཀྱི་བོད་ཟླ་་པའི་ནང་དབལ་གསས་དང་སྲིད་རྒྱལ་གཙོས་པའི་བོན་སྐྱོངས་ཀྱི་ཚོགས་དང་སྟོང་རྒྱུང་བརྔན་བསང་སོགས་ཡུལ་སར་བསང་གསོལ་རྒྱས་འབུལ་བཅས་གྲུབ་མཚམས་བླ་གྲྭ་དང་ལྷ་སྡེ་རྒྱས་འཛོམཀྱིས་རྒྱབ་རི་ནོར་བུ་ལྷ་རྩེ་དང་གནས་ཆེན་སེང་གེ་གཡུ་རྫོང་སོགས་ལ་གསས་མཁར་སྟོད་པ་དང་ སྟབས་ཅིག་སྒྲ་བླའི་དཔའ་སྟོད་གནང་སྟེ་ཡོན་བདག་རྣམས་རྟ་སྒ་ཆས་དང་གྲི་མེ་མདའ་དར་གོས་ཆེན་སོགས་ཀྱི་གཟབ་ཆས་སྤྲད་པ་མ་ཟདསྐུ་བསྭོ་ཆ་སྒྲ་དང་བཅས     སྒྲ་བླ་འཁོར་བའི་རྟེན་ལྷ་ཤིང་དང་ལྷ་དར་མང་པོར་གསས་མཁར་འཛུག་ནས་གསང་སྐོར་སོགས་སྤྲོ་སེམས་འཁོར་བར་བྱེད་ཀྱི་ཡོད།དེའི་ཕྱི་ཉིན་གཞུང་གིས་བཀྲ་ཤིས་དང་འབྲེལ་ནས་ཡོན་བདག་རྣམས་བྲོ་གར་གླུ་ལེན་གནང་བ་དང་སྟབས་གཅིག་དགོན་ནས་གསོལ་ཚིག་གྱ་ནོམ་པ་རྒྱུག་སྲོལ་ཡོད།སྟོན་དུས་ཀྱི་བོད་ཟླ་དགུཔའི་ནང་། ཁྲོ་བོ་དང་མ་ཏྲི་རིན་ཆེན་སྒྲོན་མ་གཉིས་ལོ་རེས་མོལམཛད་ནས་སྒྲུབ་བ་ཆེན་མོ་ཉིན་ཞག་བཅུ་ཙམ་རིང་འཚོགས་ཀྱི་ཡོད་ལ། དེ་སྐབས་ཁྲོ་འཆམ་གོང་འོག་དང་བཀའ་སྐྱོངས་སོགས་ཉིན་གཅིག་ལ་འཆམ་དང་ཉིན་གཅིག་ལ་བཀའ་དབང་ཟབ་རྒྱས་བསྐུར་བ་དང་ལྷན་དུ་བསླབ་བྱ་ཟབ་རྒྱས་གནང་གི་ཡོད།དགུན་དུས་ཀྱི་བོད་ཟླ་བཅུ་གཅིགཔའི་ནང་སྟག་ལའི་སྟོང་ཚོགས་དང་སྲུང་ཟློག་བཅས་འཚོགས་ཀྱི་ཡོད། གཞན་ཡངབོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་འཁྲུངས་མཆོད་ཆེན་མོ་ལ་མདོ་གཡུང་དྲུང་ཀློང་རྒྱས་དང་།བོད་ཟླ་དང་པོའི་ཚེས་ལྔ་ཉིན་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ལཉིད་ཀྱི་བླ་སྒྲུབདང་། བོད་ཟླ་བདུནཔའིནང་སྨོན་ལམ་མཐའ་ཡས་དང་མདོ་གཡུང་དྲུང་ཀློང་རྒྱས་དང་།བོད་ཟླ་བརྒྱདཔའི་ནང་ཆོག་བཅུ་གཉིས་འཚོགས་རྒྱུ་དང་རྒྱུན་ལྡན་སྒྲུབ་ཁང་ལྷ་མཆོད་ཆགས་མེད་དུ་བཞུགས་དགོས་པ་བཅས་ཡིན།།མདོར་ན་གོན་པ་འདི་ནི་ཚ་བ་སྒང་རོང་གཉིས་ཀྱི་དགོན་པ་ཆེ་ཤོས་ཤིག་ཡིན་པས་འདུ་འཚོགས་ཆེན་པོའི་སྐབས་ལྷ་སྡེ་སྟོང་ཕྲག་མང་པོས་མཆོད་འཇལ་དང་འདུ་འཛོམ་བྱེད་ཀྱི་ཡོད།སྤྱི་ན་ཚ་བ་སྒང་རོང་གཉིས་ལ་བན་བོན་གྱི་གྲུབ་མཐའི་ཆགས་སྡང་འགའ་མེད་པས་དགོན་འདིའི་འདུ་འཚོགས་སྐབས་བན་བོན་ཀུན་གྱི་ཕྱག་སྐོར་བྱེད་ཀྱི་ཡོད། དེ་ལྟར་ལྷ་མི་ཀུན་གྱི་མཆོད་འོས་སུ་གྱུར་པའི་དགོན་པ་དེ་རིག་གསར་གྱི་དུས་འགྱུར་ལ་མ་ཐུག་བར་གང་མཚམས་ཀྱི་འཕེལ་རྒྱས་འགྲོ་བཞིན་སྐུ་འཚོ་བཞུགས་གནང་ཡོད།    

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.