ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཟག་དྲུག་སྦྱིན་པ་གཏོང་བ་བཞུགས་སོ།།
[ 2011/11/9 19:47:00 | By: བསམ་གཏན་འགྱུར་མེད། ]
 

བླ་མ་སངས་རྒྱས་བོན་དང་སེམས་དཔའ་ལ།ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།མཁའ་འགྲོ་ཅོད་ཟས་ཟས་སྣ་ཚོགས་དྲང་ནས་ཞུས་པ།ཀྱེ་ཧོ་བླ་མ་ཆེན་པོ་སྤྲུལ་པའི་སྐུ།ཐར་ལམ་རིམ་པར་བགྲོད་པའི་ཕྱིར།ཕ་རོལ་ཕྱིན་བཅུ་སྦྱིན་པའི་སྔགས།ལུས་སྲོག་ཟང་ཟིང་སེར་སྣ་འཆོར།ཆགས་པས་ཕ་རོལ་ཕྱིན་པ་མིན།ཆགས་མེད་སྦྱིན་མཆོག་སྦྱིན་པ་གང་།དེ་དོན་བདག་ལ་བསྟན་དུ་གསོལ།དེ་ལ་ལི་ཤུའི་བཀ འ་རྩལ་པ།སྤྲུལ་པའི་མཁའ་འགྲོ་དགྱེས་སྡེ་མ།ཁྱེད་ཀྱི་ཞུས་པ་ཤིན་ཏུ་ལེགས།སྦྱིན་པའི་རྣམ་གྲངས་བསམ་འདས་ཀྱང་།ཆགས་མེད་ཀུན་ཚིམ་ལུས་ཀྱི་ནི།ཟག་དྲུག་སྦྱིན་པ་བཏང་བའི་གཟུངས།མཆིལ་མ་གཏོར་ལ་སྔགས་འདི་བཟླས།ཨཱོཾ་ཨ་སླ་རྨ་ཧ་ར་བྷྱེ་སྭཱཧཱ།སྣབས་ལ།ཨཱོཾ་ཨ་པི་གྷུ་ན་ཨེ་ཏི་བྷྱེ་སྭཱཧཱ།ལུད་པ་ལ།ཨཱོཾ་ཨ་ཁྲི་རཾ་ཨ་ཧ་རི་བྷྱེ་སྭཱཧཱ།ལུས་ཀྱི་དྲི་མ་གང་ལ་ཡང་།ཨཱོཾ་མ་མ ་ཨ་ཧ་ར་བྷྱེ་སྭཱཧཱ།དྲི་ཆེན་ལ།ཨཱོཾ་ཨ་བྷྱི་ས་ཨ་ཧ་ར་བྷྱེ་སྭཱཧཱ།དྲི་ཆུ་ལ།ཨཱོཾམ་ནི་ཏྲ་ཨ་རེ་བྷ་བྷྱེ་སྭཱཧཱ།ཟས་ཀྱི་ལྷག་མ་གཏོར་བའི་སྔགས།ཨཱོཾ་ཨུ་ཏ་ཧ་ར་བྷྱེ་སྭཱཧཱ།ཁ་ཡི་བཤལ་ཆུ་གཏོར་བའི་སྔགས།ཨཱོཾ་ར་གྷ་ཧེ་དྷ་ར་སྭཱཧཱ།ཁྲུས་ཆུ་ལྷག་མ་གཏོར་བའི་སྔགས།ཨ་མ་མ་ཧ་ར་བྷྱེ་སྭཱཧཱ།དེ་རྣམས་སོ་སོའི་རིམ་པ་ལ།དེ་དག་ཟ་བ་རྣམས་ཀྱི་ཐོབ་པར་གྱུར་ཅིག།ཅེས་སྨོན་ལམ་བ ཏབ་ཅིང་སེ་གོལ་གཏང་ངོ་།དེ་ནས་མི་དེ་ཅི་བཞིན་སྦྱིན་པའི་དགེ་བ་བསོད་ནམས་ཅི་བསགས་པ།སེམས་ཅན་ཐམས་ཅད་དོན་དུ་ནི།བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བྱ།དེ་སྐད་ཅེས་གསུངས་ནས་གནས་བྲག་དཀར་དུའོ།།སརྦ་མངྒ་ལམ།།

 
 
Re:ཟག་དྲུག་སྦྱིན་པ་གཏོང་བ་བཞུགས་སོ།།
[ 2011/11/12 22:03:45 | By: tibetmonk(སྐུ་མགྲོན) ]
 
tibetmonk(སྐུ་མགྲོན)དགོས་འདོད་ཀུན་འབྱུང་ཚང་གིས་དུས་ལྟར་རྩོམ་ཡིག་གང་མང་སྤེལ་བའི་དགའ་བསུ་ཡོད།
གྲོགས་རིན་སྤུངས་ནས་
 
 
Re:ཟག་དྲུག་སྦྱིན་པ་གཏོང་བ་བཞུགས་སོ།།
[ 2011/11/10 0:44:25 | By: atongringayl ]
 
atongringaylདགོས་འདོད་ཀུན་འབྱུང་ལགས་དཔྱད་རྩོམ་སྤེལ་བ་ཐུགས་རྗེ་ཆེ། རྗེས་སུ་ཡང་ཡང་སྤེལ་བའི་རེ་བ་ཡོད། ཨ་ཀྲོང་རིན་རྒྱལ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.