ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༼ཀ་ལིིའི་དྲན་བརྗོད༽ | 2017/8/23 11:55:00
ཀ་ཀ་ལུས་ལ་སྒྲིག་པའི་ན་ཚོད་ན།།
ཁ་ལྕེ་འགུལ་སྤྱོད་མི་ཤེས་ལྐུག་པའི་དུས།།
ག་དག་སྩོལ་བར་མཛད་པའི་བཀའ་དྲིན་ཅན།།
ང་ཡི་མདུན་ལམ་གསལ་བའི་སྒྲོན་མེ་ལགས།།

ཅ་ཅོའི་ཁྲོས་ཚིག་དབེན་པའི་ཞི་འཇམས་ཀྱིས།།
ཆ་ལུགས་དྲོད་གྲང་མཚམ་པོ་ལུས་སུ་གཡོག།
ཇ་ཆང་འདོད་དགུའི་ཟས་ཀྱི་སྦྱིན་མཛད་ཅིང་།།
ཉ་གང་ཟླ་བའི་འཛུམ་གྱིས་དགའ་བ་སྟེར།།

ཏ་ཐ་ག་ཏའི་དབྱངས་སྙན་ངག་ལ་བཙུད།།
ཐ་ཤལ་ལས་དོར་བཟང་སྤྱོད་གོམས་སུ་བཅུག།
ད་ལྟའི་བདག་གི་ལམ་འདྲེན་དྲིན་ཅན་རྗེ།།
ན་མོ་གུས་པས་སྙིང་ནས་གུས་འདུད་འབུལ།།

པ་ཏུ་ཆེན་མོའི་ཁྲི་འཕང་མ་ཡོད་ཀྱང་།།
ཕ་རོལ་ལོག་པའི་རྒོལ་ཚོགས་ཧད་ཀྱིས་བཅོམས།།
བ་གམ་ལས་སོགས་དངོས་པོས་ཕྱུག་མིན་ཡང་།།
མ་ལྟར་བྱམས་པས་འདོད་དགུ་སྦྱིན་པར་མཛད།།

ཙ་ཙིག་འཁོར་བའི་གནས་ལས་རབ་བྱུང་ཏེ།།
ཚ་ཚ་འར་འུར་དགེ་བའི་ལས་ལ་བརྩོན།།
ཛ་ཡའི་གསུང་རབ་རྣམས་ཀྱི་དོན་ལ་གཉེར།།
ཝ་ལེར་བསམ་ན་སྒོམ་པའི་རྣལ་འབྱོར་ཞིག།


ཞ་ཉེ་སྐྱེསཀྱི་ཚུལ་གོས་སྐུ་ལ་གསོལ།།

ཟ་མའི་སྐུ་ལ་གཙང་ཁྲིམས་རྣམ་པར་དག།།

འ་མོ་ཉིད་སོགས་གནས་ལུགས་དོན་ལ་ལྟ།།

ཡ་གི་འཕགས་པའི་རྗེས་མཐུན་དཔོན་གསས་རྗེ།།


ར་བ་གངས་ཀྱིས་སྐོར་བའི་ཡུལ་གྲུ་ནས།།

ལ་ལུང་རྒྱང་དུ་ཉུལ་པའི་ཁེར་རྐྱང་ངས།།

ཤ་ཁྲག་སྲོག་ལྟར་གཅེས་པའི་ཡུམ་ཆེན་ལགས།།

ས་མཐའི་ཡུལ་ནས་དྲན་པའི་རླབས་ཀྱིས་བྲིས།།


ཧ་མིང་ཅན་འདྲའི་མངའ་དབང་མ་ཡོད་ཀྱང་།།

ཨ་མ་ལྟར་གྱི་བྱམས་ཆེན་ཁྱོད་ཉིད་ལ།།

ཀ་ལིའི་ཕྲེང་དུ་བསྒྲིགས་པའི་སེམས་འཕྲིན་འདི།།

མ་བཅོས་རྒྱང་རིང་ཁ་ཏྭའི་དྲན་གླུ་ཡིན།།

༢༠༡༧-༣-༥



དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.