ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དེང་སང་སྐད་འཕྲིན་གྱི་ལམ་ནས་བོན་པོ་ནང་ཁུལ་ལ་རྙོག་གྲ་སློང་བའི་ཇུས་ངན་སེལ་བའི་སྨོན་ལམ་ཕྲག་དོག་འཇོམ་པའི་བདུད་ | 2019/1/25 18:00:00

དེང་སང་སྐད་འཕྲིན་གྱི་ལམ་ནས་བོན་པོ་ནང་ཁུལ་ལ་རྙོག་གྲ་སློང་བའི་ཇུས་ངན་སེལ་བའི་སྨོན་ལམ་ཕྲག་དོག་འཇོམ་པའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།  

                                                          ཁྱུང་ནག་ཐེག་མཆོག

                                                                                  ཨཱོཾ་སྭ་ཏི།  བོན་པོ་སྤྱིས་བཀུར་བོན་གྱི་བླ་ཆེན་ཚོས།. ཐབས་དང་གོ་ས་སྙན་གྲགས་མི་རྩོད་པ།. བོན་གྱི་གདམ་ངག་ཟབ་མོ་ཉམས་ལོན་ནས། རང་རྒྱུད་ཉོན་མོངས་བོན་གྱིས་ཐུལ་བ་ཤོག། བོན་དགོན་འཛིན་པའི་བླ་མ་སུ་ཡིན་རུང་།. སོ་སོས་ཐུབ་ཚོད་བོན་བསྟན་སྤེལ་བ་ལ།. ནང་ཁུལ་ཕྲག་དོག་ཆགས་སྡང་རབ་སྤང་ནས།. གཅིག་གིས་གཅིག་ལ་གུས་བཀུར་ཡོད་པ་ཤོག།. བོད་ཡུལ་ཆོལ་གསུམ་ཁོངས་ཀྱི་བོན་དགོན་གྱི།. བཤད་སྒྲུབ་འདུས་སྡེ་ཡོད་སའི་དགོན་པ་རྣམས།.གྲྭ་པ་སུ་མོང་འགྲན་རྩོད་མི་བྱེད་པ།. རང་ཚུགས་བཟུང་ནས་གཞན་སེམས་མི་དཀྲུག་ཤོག།. རྔ་ཡུ་འཛིན་པའི་བོན་གྱི་སྒྲུབ་གཤེན་ཚོས།. ངའི་ལུགས་ཁོའི་ལུགས་གསར་རྙིང་མི་གླེང་བ།. ཡུལ་ལུང་སོ་སོའི་འདོན་སྲོལ་གང་ཡོད་ན།. དེ་བཞིན་ཀློག་ནས་གཞན་ལ་ཕན་བཏག་ཤོག། གཤེན་རབ་རྗེས་འབྲང་སྐྱ་སེར་ཕོ་མོ་ཚོས།. སྐད་འཕྲིན་ལམ་ནས་རྩོམ་དང་སྐད་གཉིས་གྱིས། བོན་གྱི་བསྟན་པ་ནང་དཀྲུག་མི་བྱེད་པ། ལྷིང་འཇག་ཞི་བདེའི་ངང་དུ་གནས་པ་ཤོག། བོན་ཚོགས་ནང་ནས་མི་བུ་ཁ་ཤས་ཀྱིས། བོན་བསྟན་ཟེར་ནས་ཁ་ཡིས་བཤད་མཁས་ཚོ།. བསམ་སྦྱོར་མ་བྲལ་དངོས་ཤུགས་རྒྱུད་གསུམ་གྱིས། བོན་བསྟན་དོན་ལ་ནུས་པ་ཐོན་པ་ཤོག།. བོན་དགོན་སོ་སོའི་བླ་གྲྭ་རྣམ་པ་ཚོ།. ཕན་ཚུན་འཕྲད་ནས་ཞལ་ངོ་མཐོང་བའི་དུས།. མིག་ཡོར་བྱེད་ནས་འགྲམ་ཞིང་མི་སྟོན་པ།. དགོད་འཛུམ་ངང་ནས་གཅིག་གིས་གཅིག་ལྟ་ཤོག།.གཤེན་རབ་བོན་བསྟན་རྒྱས་སའི་ཡུལ་དེ་ན།. པད་ཞུ་གསོལ་བའི་བླ་རྒན་སེར་པོ་ཚོ།. བླ་ཁྲི་མཐོ་སར་འགྲོས་རྒྱུག་མི་ཚད་པ།. བོན་བསྟན་ཉམས་སར་ཐུགས་རྗེས་གཟིག་པར་ཤོག།. ཆོས་ལུགས་འགོ་འཛིན་ཤེས་ཡོན་ཅན་ཟེར་བའི། བོན་པོས་བོན་ལ་སྐྱོན་དེ་མི་འཚོལ་བ།. རང་གིས་ནུས་ཚོད་ཐུབ་ཚོད་འཇོན་ཚོད་ཀྱིས།. བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་པ་ཤོག།. བོན་བསྟན་དོན་ལ་ལ་རྒྱ་རབ་ཡོད་ན།. བོན་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ།. ཆ་སྐྱེན་དུ་མའི་དཀའ་ངལ་འཕྲད་ཡོད་པའི།. ཡོ་བྱེད་ཡོད་ན་དེ་དུས་སྦྱིན་པ་ཤོག།. གཤེན་རབ་མཉམ་མེད་ཤར་རྫ་ཁོང་གསུམ་གྱིས།. གསུངས་པའི་ཞལ་གདམས་གསེར་ཞུན་ལྟ་བུ་དེ།. བོན་པོ་སྤྱི་ཡིས་སེམས་ལ་ཡིད་འཇོག་ནས།. བོན་མཐུན་སྒྲིལ་ནས་གཡུང་དྲུང་ཕྱར་བ་ཤོག།     ཅེས་སྨོན་ལམ་ཕྲག་དོག་འཇོམ་པའི་བདུད་བརྩི་འདི་སྐད་འཕྲིན་གྱི་ལམ་ནས་བོན་པོ་བོན་ལ་སྡང་བའི་སྐབས་སུ་ཐེངས་རེ་སྤེལ་ན་དགེ་བ་ཡོད་པ་ཐེ་ཚོམ་མི་དགོས་སོ།. 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.