ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ང་ཆུང་དུས། | 2012/9/12 0:38:00

ང་ཆུང་དུས།

དྲིན་ཕ་མས་བྱམས་ཀྱིས་བསྐྱངས་པའི་འོག །

ལུག་གཡང་དཀར་ནུ་ཞོ་ལྡག་པའི་ཞོར། །

འབྲི་ནག་ཆུང་སྤུ་འོ་འཐུང་བའི་སྐབས། །

ངའི་སེམས་པ་དྭངས་གཙང་ཆུ་མོ་བཞིན། །

 

སོས་སྔོ་ལྗང་དཔྱིད་དཔལ་ཤར་བ་དང་། །

གཡག་རོག་ཆུང་རྭ་ཁུས་གཏོར་བའི་དུས། །

སྡེ་འབྲོག་ཆེན་རུ་བ་སྐྱས་སྤོའི་སྐབས། །

ངའི་སེམས་པ་ཨ་སྔོན་མཐོན་པོ་བཞིན། །

 

དབྱར་སྤང་ལྗང་མེ་ཏོག་མཛེས་པའི་ཚལ། །

ཆུང་རྩེད་གྲོགས་བྱིས་པ་རྣམས་དང་ལྷན། །

རེའུ་ལུ་གུ་འཚོ་འདེད་བྱེད་པའི་སྐབས། །

ངའི་སེམས་པ་བཀྲག་ལྡན་མེ་ཏོག་བཞིན། །

 

སྟོན་རི་བྱིའི་སྐར་མ་གནམ་ལ་ཤར། །

རྟ་འདོ་ལི་བཅས་པ་ཁྲུས་ལ་ཞུགས། །

ཁེས་ཁམ་པ་གད་འདྲད་གར་ལ་རོལ། །

ངའི་སེམས་པ་ལུ་གུའི་རྩེད་བྲོ་བཞིན། །

 

དགུན་ཁ་བའི་འདབ་མ་དོག་ལ་བབས། །

རི་རྩེ་མཐོན་རྣམས་ཀྱིས་ཞྭ་དཀར་གྱོན། །

གཞིས་དྲོད་ཁུལ་འཁྱིལ་བའི་སྦྲ་ནག་འོག །

ངའི་སེམས་པ་བྱེའུ་ཆུང་ཚང་ཉལ་བཞིན། །

 

ནང་སྔ་མོའི་བསང་དུད་བཏང་བའི་རྗེས། །

དྲིན་ཨ་ཕས་ཞལ་འདོན་སྐྱོར་བའི་ཞོར། །

འབྲུ་ཀ་ཁའི་དབྱངས་རྟ་སློབ་པའི་སྐབས། །

ངའི་སེམས་པ་དྭངས་གསལ་མེ་ལོང་བཞིན། ། 

 

ཆུང་བྱིས་པའི་སྣང་བ་མ་བཅོས་པར། །

ཚིག་བདེན་པའི་ལམ་ནས་བརྗོད་པ་འདི། །

ཁྱུང་སྟེང་ཆེན་ཞི་མཐུན་ཟས་ཁང་དུ། །

ཇ་ལྔ་དམ་གང་གི་ཚེ་ལ་བྲིས། །

 

སྤྱི་ལོ་༢༠༡༢༡༡ཉིན།

 

 

 

Re:ང་ཆུང་དུས། | 2012/9/15 21:05:00
zhongsongགོང་གི་དྲ་གྲོགས་རྣམ་པས་གདེང་འཇོག་དང་དགོངས་འཆར་ཅི་རིགས་གནང་བར་དགའ་བསུ་ཞུ།
Re:ང་ཆུང་དུས། | 2012/9/15 13:21:41
Khyungགྲོགས་པོ་ལགས་ཁེས་ཞེས་པ་དེ་ཁལ་འདི་འདྲ་ལ་འདོན་སྟངས་གཞན་མིན་ནམ་སྙམ། མ་གཞི་ནས་ཡག་པོ་འདུག
ཁྱུང་ནས།
Re:ང་ཆུང་དུས། | 2012/9/14 20:06:54
boncuteཆུང་ཆུང་བྱིས་པའི་ལུས་འདི།།
དྲིན་ཆེན་ཕ་མའི་གནངས་བྱུང་།།
འཇིག་པའི་དུག་ཆུ་བབས་རུང་།།
དྲིན་ཆེན་སེམས་ནས་མ་འབོར
Re:ང་ཆུང་དུས། | 2012/9/13 23:14:33
སྐུ་མགྲོན་1Iyl0O(སྐུ་མགྲོན)ལགས་སོ། མཆོག་གིས་གསུང་པ་དང་ལེན་ཞུ་ངེས་ཡིན། ཡོ་བསྲང་ཐད་ཀར་གནང་སོང་བ་བཀའ་དྲིན་ཆེ་ཞུ་ཞུ། ཟིན་བདག་ནས།
རྩོམ་པ་པོ།:སྐུ་མགྲོན་1Iyl0O(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཆུང་དུས། | 2012/9/13 19:58:49
སྐུ་མགྲོན་qv48Pc(སྐུ་མགྲོན)དྲ་གྲོགས་ལགས་ཡག་པོ་འདུག འོན་ཀྱང་ཁེས་ཁམ་པ་ཟེར་ན་མི་ལེགས་སམ་ཁུ་འཁྲིགས་མ་སྐྱེ།
རྩོམ་པ་པོ།:སྐུ་མགྲོན་qv48Pc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཆུང་དུས། | 2012/9/12 23:02:49
སྐུ་མགྲོན་Nsj7My(སྐུ་མགྲོན)དེ་ཡིན་གདའ་ཡིན་ བརྡ་སྤྲོད་ཀྱི་འགྲོས་ཡུལ་སྐད་དང་བསྟུན་དགོས་པ་རེད་ དེ་དག་ཡིག་གི་གཤིས་ལུགས་རེད་ གྲོགས་པོ།
རྩོམ་པ་པོ།:སྐུ་མགྲོན་Nsj7My(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཆུང་དུས། | 2012/9/12 19:08:12
danzengyixi


ཚིག་གི་བརྗོད་སྟངས་བདེ་ཀི །
དོན་གྱི་དམིགས་བྱ་ཡག་ཀི །
ལོ་ངོ་ཆུང་ངུས་དུས་ཀྱི །
ལྷད་མེད་དང་གཙང་སེམས་པ། །
དངོས་སུ་ཡིག་ཐོག་ཕོབ་འདུག །
ད་དུང་ཡར་སྐུལ་ལེགས་པའི། །
སྙན་རྩོམ་ཆུ་བོའི་རྒྱུན་བཞིན། །
དུས་ལྟར་ཡོད་པའི་རེ་སྒུག །
ལྷ་གཡག་དར་མས།
Re:ང་ཆུང་དུས། | 2012/9/12 2:05:24
dzjinpaཁྱེད་ཀྱི་སྙན་རྩོམ་འདི་ཇ་བརྒྱད་དམ་གང་གི་ཚེ་ལ་བཀླགས་པ་ཡིན། ཧ་ཅང་ཡག་པོ་བྲིས་འདུག ཁེས་ཅེས་གཙོ་བོ་ཡུལ་སྐད་ལ་བསྟུན་པ་འདྲ། །
ལོ་བཅུ་གཉིས་གོང་གི་གྲོགས་ཅིག་དྲན་བཅུག་སོང་།
རྩོམ་པ་པོ།:dzjinpa | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.