ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངེས་འབྱུང་སྤུ་སུད་དང་བོན་དྲེད་རྒན་པོ། | 2012/9/5 19:47:00

ངེས་འབྱུང་སྤུ་སུད་དང་བོན་དྲེད་རྒན་པོ།

རང་སེམས་ཐུལ་བ་རྣམས་ལ་ཕྱག་འཚལ་ལོ། །ཚད་ལྡན་བཤེས་གཉེན་རྣམས་ལ་གུས་པས་འདུད།

འཕགས་ནོར་བདུན་གྱིས་ཕྱུག་ལ་མཆོད་པ་འབུལ། བདག་ཉིད་ཁ་ནང་ལ་བསྐོར་ནས་རང་སེམས་ལ་

བལྟ་བའི་དངོས་གྲུབ་བསྩལ་དུ་གསོལ་ལོ། །སྙིང་རྗེས་གཟིགས་སུ་གསོལ། བློ་ཁ་བསྒྱུར་དུ་གསོལ།

དེ་ཡང་གོས་དམར་པོ་གྱོན་ནས་བཟུང་། ཐོས་པ་ཁ་ཤས་སྦྱོང་ནས་བཟུང་། བསྟོད་པའི་ཚིག་འགའ་ཐོས་ནས་བཟུང་། ཁེངས་སེམས་ཇེ་ཆེ་རུ་གྱུར་པའི་བོན་དྲེད་རྒན་པོ་ཞེས་བྱ་བ་ཞིག་ཡུལ་ཁ་བ་ཅན་གོས་དམར་གོང་བཀུར་ཞེས་བྱ་བ་ན། འབངས་བཀྱགས་དགོན་སྡེ་ཆེན་པོའི་གྲྭ་གདན་མཐོན་པོ་མ་ཡི་སྟེང་དུ་ང་ཆེ་དང་ང་རྒྱལ་གྱི་ངང་ནས་འཕྲག་གོང་མཐོ་མཐོ་དང་སྐད་གསང་སྙན་སྙན་གྱི་ཕྱག་རྒྱ་བཅས་ཏེ། ངས་ཁོ་དབང་བསྒྱུར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གནས་པའི་སྐབས་ཤིག་ལ། ཟུར་ཞིག་ནས་ཡོངས་འཛིན་བླ་མ་ཞེས་གཤེན་གྱི་དགེ་སྦྱོང་པ་ཞིག་ཡོད་པ་སྟེ། མཁས་རྒུའི་གཙུག་ཏུ་བཀུར་ཡང་ཁེངས་པ་མེད་ཅིང་། འཆད་རྩོད་རྩོམ་གསུམ་རྒྱ་མཚོའི་རླབས་ལྟར་སྤེལ་ཡང་ང་བྱས་རྗེས་ཆེ་བསམ་པའི་ང་ཆེ་མེད་པ། སོང་ཡང་བསྡད་ཀྱང་ཞི་ཞིང་དུལ་བའི་ངང་ལས་མི་གཡོ་བ་། བཤད་ཀྱང་སྒྲུབ་ཀྱང་དྲང་བདེན་གཞུང་མཐུན་ཁོ་ན་ལས་འགྱང་དུ་མི་ཤོར་བ་དེས་གསུངས་པའི་སྒྲ་ཐག་ཅིག་ལས། རྒྱུད་བོན་དང་སྦྱར་དགོས་ཚུལ་དང་བོན་བཤད་པ་དེ་ཚུལ་བཞིན་དུ་ལག་ལེན་གཏུགས་དགོས་ཚུལ་དང་། འཇིག་རྟེན་གྱི་ཁེ་ཕན་ལ་སྙིང་པོ་མེད་ཚུལ་རང་གིས་སེམས་ཐག་གཅོད་ཞོར་གཅོད་བདེན་དུ་བསམ་བློ་དེ་ལུགས་གཏོང་དགོས་ཚུལ་སོགས་མྱོང་གདམས་འབའ་ཞིག་གསུངས་པ་དེ་ཐོས་མ་ཐག གློ་བུར་དུ་ངེས་འབྱུང་སྤུ་སུད་ཅེས་བྱ་བའི་མི་ཆུང་བློ་ཡང་དེ་ཡར་ལྡང་ནས་ཁོ་རེ་བོན་དྲེད་བོན་དྲེད་ཟེར་ནས་པུས་མོར་གཏུག་གཏུག་ཅིག་བྱས་ཏེ་དེ་བདེན་པ་རེད་གདའ། ཁྱོད་ཀྱིས་ཉོན་དང་དངོས་གནས་དེ་མ་གཏོགས་ང་ཚོས་དེ་སྔོན་གང་ཡང་སྒྲུབ་པ་དེ་ཚོ་སྟོང་སྟོང་ལྡིང་ལྡིང་རང་རེད་འདུག ཅེས་སོཌ་བཤད་པས་བོན་དྲེད་ཀྱང་གནས་སྐབས་བདེན་པ་རེད་བསམ་ནས་མགོ་བོ་ཅུང་ཙམ་སྒུར་སོང་། མཐར་བོན་དྲེད་ཀྱིས་མནོ་བསམ་མང་དུ་བཏང་བཞིན་ཡོད་པའི་སྐབས་ཤིག་ཏུ། ཟུར་ཞིག་ནས་བློ་ལྡན་རྟོག་སད་ཅེས་བྱ་བའི་ཕོ་གསར་སྐྲ་དམར་ཟིང་ངེ་བ་ཞིག་ཡར་ལངས་ནས། ཝ་ཡེ་སྤུ་སུད་དང་བོན་དྲེད་གཉིས་ཀྱིས་ཅི་ཞིག་ལབ་ཀྱི་ཡོད། དེ་རིང་ཁ་སང་དཔལ་འབྱོར་གོ་ལ་ཅན་འཛམ་གླིང་ཚན་རིག་ཅན་དུ་འགྱུར་བཞིན་འདུག་པའི་གནས་སྐབས་སུ། ཡ་གའི་རྫ་དེ་བརྐོས་ནས་ཕོག་ཐུག་ཤོར་འགྲོ་རེད། མ་གའི་ཆུ་དེ་འཐུང་ན་ཀླུ་ལ་གནོད་འགྲོ་རེད་ཟེར་བ་སོགས་ནི་རྫུན་གཏམ་འབའ་ཞིག་རེད་རབས་དང་། བླ་རྒན་དྲི་ནག་ཅན་དེ་ཚོས་འཇིག་རྟེན་གྱི་ཁེ་ཕན་ལ་དགག་པ་བྱེད་བཞིན་ཡོད་པ་དེ་ནི་རྗེས་ལུས་ཤིག་ཡིན་རབས་དང་། བོད་ཀྱི་མིག་ལྡན་དགེ་ཆོས་ཀྱིས་ཀྱང་འཇིག་རྟེན་ཁྱིམ་ཐབ་ཀྱི་བདེ་བ་ལོངས་སུ་སྤྱོད་པ་དེ་ཚོ་ཀླད་པ་ལྗང་ཁུ་མ་ཡིན་པའི་རྟགས་ཡིན་རབས་ཀྱང་མང་དུ་བཤད། ཆོས་ཀྱི་གཞུང་ལུགས་དེ་ཚོར་བརྟག་དཔྱད་གཏོང་ཡག་བྱས་ན། འོལ་མོ་ལུང་རིང་ཞེས་བདུད་རྒན་ཁྱབ་པ་གཙོས་པའི་སྡིག་པོ་ཆེ་རྣམས་ལ་བོན་བསྟན་ནས་འདུལ་སའི་གནས་དེ་ཡང་དེང་སོང་འཛམ་གླིང་གི་ས་ཕྱོགས་གང་ནས་ཀྱང་རྙེད་རྒྱུ་མེད་རབས། དེ་དང་དེ་སོགས་ཆོས་ལུགས་ལ་དགག་པ་མང་ཐག་ཆོད་ཅིག་བྱས་པས་ངེས་འབྱུང་སྤུ་སུད་ནི་སྐྲག་འདར་ཧང་གསུམ་གྱི་སྒོ་ནས་གར་བྲོས་འདིར་བྲོས་ཆ་མ་འཚལ་བར་གྱུར། བོན་དྲེད་ནི་རེ་ཞིག་མགོ་བོ་འཁོར་ནས་ཅི་ཡིན་འདི་ཡིན་མེད་པར་ལུས། དེ་ནས་དུས་ཡུན་ཅུང་ཙམ་འགོར་བའི་རྗེས་སུ་བོན་དྲེད་རྒན་པོས་བསམ་བློ་མང་ཞིག་བཏང་ནའང་། ཡར་ལྷ་ཆོས་ཀྱི་གོ་བ་འམ་དད་པ་དང་ཡིད་ཆེས་གང་ཡང་མ་རྙེད། མར་འཇིག་རྟེན་གྱི་ཆས་ཀ་ཞིག་བྱེད་ན་ཕལ་ཆེར་དགའ་འམ་བསམ་པའི་བློ་ཞིག་སྐྱེས་ཀྱང་། རྒྱུས་ཡོད་ཀྱི་མི་ཁ་ལ་སྐྲག་ནས་འགྲོ་ཐག་ཀྱང་མ་ཆོད། དེས་ན་སྟོད་སྨད་ཆ་མ་འགྲིགས་པའི་སྐྱ་མིན་སེར་མིན་རྒྱ་མིན་བོད་མིན་གྱི་ཆས་ཤིག་སྤྲད་ནས། དུག་གསུམ་འཁྲུག་པའི་མྱོས་ཆུ་ཡང་བཏུང་། དྲུག་གསུམ་རྫུན་གྱི་ལྷུ་ཆེན་དེ་ཡང་བསྒྲིགས། དེས་མི་ཚད་མགོ་རིལ་བཙུན་པའི་རྣ་ཆོ་དེ་ཐང་ལ་འཕངས། མཆོད་ཡོན་སྦྱིན་བདག་གི་དད་པ་དེ་རླུང་ལ་བསྐུར། ཁོ་རང་ནི་ཚེ་ཕྱི་མ་གསོན་ད་འོང་དྲིན་ཕ་མ་མཆོད་ཡོན་བདག་གང་ལ་ཡང་གཏད་སོ་མེད་པར། ཕྱི་དམར་ཛར་ཛར་ནང་ཁྲ་ཤིང་ཤིང་ཞིག་བྱས་ཏེ། མ་གའི་གྲོང་འཁོར་བའི་གསེང་། དགོན་པའི་ཤག་ག་ས་གང་ལ་ཐན་དང་ལྟས་ངན་ང་ཡིན་ཟེར་བ་འདྲ་མོ་ཞིག་བྱས་ཏེ་རྒྱུ་བ་དེ་ནི་བོན་དྲེད་རྒན་པོའི་འགྲོ་ལུགས་ཙམ་མོ། །

 

 

 

Re:ངེས་འབྱུང་སྤུ་སུད་དང་བོན་དྲེད་རྒན་པོ། | 2012/9/10 10:46:47
txlmLEGS SO
Re:བཀའ་དྲིན་ཆེའོ།། | 2012/9/7 11:35:37
སྐུ་མགྲོན་ptk8NB(སྐུ་མགྲོན)དངོས་གནས་ཡག་པོ་བྲིས་འདུག།
གྲོགས་བོན་སྨྱུག་མུ་མཐུད་ཡིན་གདའ།།
ཁྱུང་གཡུང་དྲུང་ནས།།གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་[/b]
ཁྱུང་གཡུང་དྲུང་ལགས་མཇལ་བས་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་ptk8NB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.