སེམས་ཀྱིས་བྲིས་པའི་སྙན་ངག །
རྒྱན་གྱིས་སྤྲས་པའི་གཞོན་ནུ་དར་མ་དང་། །
ཡིད་ལ་འོང་བའི་གླུ་ངག་སྙན་མོ་སྟེ། །
སེམས་ལ་འབབ་པའི་ལང་ཚོ་མཛེས་པ་གསུམ། །
སྐྱོ་བ་སངས་པའི་དགའ་སྟོན་ངོ་མ་ཡིན། །
སེམས་ན་འཁྱིལ་བའི་བརྩེ་བ་རྒྱ་མཚོ་དང་། །
བཞིན་ལ་བསླང་བའི་འཛུམ་མདངས་དག་མ་སྟེ། །
ངག་གིས་སྨྲས་པའི་བདེན་གཏམ་གྲུང་མ་གསུམ། །
གཞན་སེམས་འགུག་པའི་ཐབས་ཀྱི་དྭངས་མ་ཡིན། །
ཕྱི་ཡི་སྣང་བས་ཡིད་བརྟན་འཕྲོག་པ་དང་། །
ནང་གི་རིག་པའི་ཚོར་འདུ་བཙན་པ་སྟེ། །
བར་གྱི་སྨྲ་ལྕེ་བརྡ་ལ་སྦྱོར་བ་གསུམ། །
སྙན་ངག་མཁན་ལ་བསྐོས་པའི་ལས་དབང་ཡིན། །
སྔོན་པོའི་བ་དན་མཁའ་ལ་ཕྱར་བ་དང་། །
མེས་པོའི་རིག་གནས་ལྗོངས་སུ་རྒྱུ་བ་སྟེ། །
སློབ་པའི་འདུ་ཚོགས་འཕེལ་ཞིང་རྒྱས་པ་གསུམ། །
ཁ་བ་རི་པའི་གསོན་ཤུགས་འཕར་མ་ཡིན། །
མཐུན་པའི་ལག་རྡང་དམ་དུ་སྦྲེལ་བ་དང་། །
མདུན་བསྐྱོད་གོམ་པ་གཉམ་དུ་སྤོ་བ་སྟེ། །
སྐྱིད་སྡུག་འཚོ་བ་ལྷན་དུ་རོལ་བ་གསུམ། །
མི་འཆད་ཨ་ལོང་མཐའ་ནས་བསྐོར་བ་ཡིན།
སེམས་ན་ཐིམ་པའི་ཕ་ཆོས་གཙང་མ་དང་། །
“རུས་ལ་ཟུག་པའི་ཕ་སྐད་དག་མ་སྟེ། །”
ཁྲག་དང་འདྲེས་པའི་རིགས་ཞེན་དྲོན་མོ་གསུམ། །
གངས་ཀྱི་བུ་ཡི་སྲོག་རྩ་དམར་པོ་ཡིན། །
བློ་ལ་ཤར་བའིལྷག་བསམ་ལྷད་མེད་དང་། །
ཁ་ནས་བཤད་པའི་བདེན་གཏམ་མངར་མོ་སྟེ། །
སེམས་ཀྱིས་བྲིས་པའི་ང་ཡི་སྙན་ངག་གསུམ། །
དཔྱོད་ལྡན་དྲ་གྲོགས་རྣམ་པའི་གསོས་སུ་སྨོན། །
- ཟིན་ཐོ་གོང་མ།དགུང་སྟོན་མཆོད་སྤྲིན་ང་ཡིས་འབུལ།
- ཟིན་ཐོ་འོག་མ།འབྲུ་སུམ་ཅུའི་སྐད་ཡིག་སྦྱོང་སྤྱོད་གྱིས།
གསེད་ཅིང་བཀྲོལ་བའི་གཏམ་བཤད་ཐོག་མེད་དེ།
ཚགས་སུ་ཚུད་པའི་རང་འཁྲིའི་ལས་འགན་གསུམ།
མི་སྐྱེས་དོན་གོའི་རྨང་རྡོ་ཐོག་མ་ཡིན།
རང་བྱུང་རིག་སྟའམ་
རྒྱབ་ཏུ་ལྕི་བའི་མེས་པོའི་ཐུགས་དམ་སྟེ།
དུས་ལ་ཁེལ་བའི་སེམས་གསོའི་སློབ་གསོ་གསུམ།
ཁ་བ་རི་པའི་ཁ་ཚ་དགོས་གཏུགས་ཡིན།
རིག་སྟས