ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅། སྐལ་པ་བཟང་པོའི་བསྟོད་དབྱངས། | 2011/10/1 18:17:00

                           ༧  རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ།   ཁྱེད་ནི་ཀུན་འགྲུབ་རྒྱལ་སྲས།  ཁྱེད་ནི་གཡུང་དྲུང་སློབ་དཔོན།  ཁྱེད་ནིམཁྱེན་བརྩེའི་བདག་ཉིད།

                                                  ཁྱེད་མཁྱེན་ནོ། །

ཁྱེད་ནི་གཙང་དག་ཚུལ༵་ཁྲིམ༵ས་སྲུང་བའི་དྲང་སྲོང་ཡིན། །

ང་ནི་ཁྱེད་ཀྱི་འཁོར་དུ་གྱུར་པའི་བཙུན་ཆུང་ཡིན། །

ཁྱེད་ནི་གཡོ་མེད་ཏིང༵་འཛི༵ན་བརྟན་པའི་སྒོམ་ཆེན་ཡིན། །

ང་ནི་ཁྱེད་ལ་དད་དམ་འགྱུར་མེད་བོན་པོ་ཡིན། །

ཁྱེད་ནི་རྣམ་འབྱེད་ཤེས༵་ར༵བ་ཟབ་པའི་མཁས་དབང་ཡིན། །

ང་ནི་ཁྱེད་གསུང་གཞུང་ལུགས་སྦྱང་བའི་རིགས་སྨྲ་ཡིན། །

ཁྱེད་ནི་རྒྱལ་གསུང་བཀའ་འཁོར་བསྒྱུར་བའི་རྒྱལ༵་པོ༵་ཡིན། །

ང་ནི་ཁྱེད་ཀྱི་སྐྱབས་འོག་ཚུད་པའི་བོན་འབངས་ཡིན། །

ཁྱེད་ནི་མཁས་རྒུའི་ཡིད་འོང་འཕྲོག་པའི་བཙུན༵་མོ༵་ཡིན། །

ང་ནི་ཁྱེད་རྗེས་མོས་པས་འབྲང་བའི་བུ་ཆུང་ཡིན། །

 ཁྱེད་ནི་བོན་ཁྲིམས་ཚུལ་བཞིན་སྐྱོང་བའི་བློན༵་པོ༵་ཡིན། །

ང་ནི་བོན་སྤྱོད་དགེ་ལ་བརྩོན་པའི་མངའ་སྡེ་ཡིན། །

ཁྱེད་ནི་སྲིད་པའི་བརྡ་དར་ཕྱར་བའི་དམག༵་དཔོ༵ན་ཡིན། །

ང་ནི་ཀི་བསྭོའི་ལྷ་རྒྱལ་སྒྲོག་པའི་འཁོར་པ་ཡིན། །

ཁྱེད་ནི་ཞི་བདེའི་ཐང་ཆེན་འགྲིམས་པའི་རྟ༵མཆོ༵ག་ཡིན། །

ང་ནི་ལྷག་བསམ་མགྱོག་དར་འདེགས་པའི་གཞོན་ནུ་ཡིན། །

ཁྱེད་ནི་ཡང་རྩེའི་ཐེག་སྟོབས་ལྡན་པའི་གླང༵་ཆེ༵ན་ཡིན། །

ང་ནི་ཁྱེད་ཀྱི་གཟི་བྱིན་མཇལ་བའི་ཕྱུགས་བདག་ཡིན། །

ཁྱེད་ནི་དགོས་འབྱུང་དོན་ཀུན་འགྲུབ་པའི་ནོར༵་བུ༵་ཡིན། །

ང་ནི་ཀུན་འགྲུབ་སྨོན་ལམ་འདེབས་པའི་སྐྱེས་བུ་ཡིན། །

ཁྱེད་ནི་བསྟན་འགྲོའོ་དོན་ཀུན་འགྲུབ་པའི་རྒྱལ༵་སྲས༵་ཡིན། །

ང་ནི་མཆོད་ཚིག་མེ་ཏོག་འཐོར་བའི་བུ་སློབ་ཡིན། །

ཞེས་སྐལ་བ་བཟང་པོའི་བསྟོད་དབྱངས་འདི་ནི་སྤྱི་ལོ༢༠༡༡ལོའི་ཟླ༡༠ཚེས༡་ཉིན་བོན་སྨྱུག་མིང་གིས་སྤེལ་བའོ།།་

 

Re:༄༅། སྐལ་པ་བཟང་པོའི་བསྟོད་དབྱངས། | 2012/1/19 12:59:16
langjiaཁྱེད་ནི་བརྩེ་སེམས་ཅན་གྱི་སྤུན་གྲོགས་ཡིན།།
ང་ནི་ཁྱེད་ལ་དུང་བའི་མི་བུ་ཡིན།།
ཁྱེད་ནི་ཟེའུ་འབྲུ་ལྡན་པའི་མེ་ཏོག་ཡིན།།
ང་ནི་བྲལ་འདོད་མེད་པའི་བུང་བ་ཡིན།།
Re:༄༅། སྐལ་པ་བཟང་པོའི་བསྟོད་དབྱངས། | 2011/11/5 19:46:27
སྐུ་མགྲོན་MQHt3X(སྐུ་མགྲོན)ཁྱེད་ནི་ང་ཚོའི་དྲྭ་གྲོགས་ཡོངས་གི་མི་སྣ་ཡིན།།
ང་ནི་ཁྱེད་ཀྱི་རྗེས་སུ་འབྲེང་བའི་སྤུན་གྲོགས་ཡིན།།
ཁྱེད་ནི་ང་ཡི་མིག་དཔེ་བྱེད་སའི་བོན་སྨྱུག་ཡིན།།
ང་ནི་ཁྱེད་ལ་དགའ་བའི་གྲོགས་པོ་ཡིན།། སྤྱི་ལོ་༢༠༡༡ལོར་ཟླ་བ་༡༡པའི་ཚེས་༥་ཉིན་ལྷ་གཡག་དཀར་པོའི་བྲིས།།
རྩོམ་པ་པོ།:སྐུ་མགྲོན་MQHt3X(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.