སྣང་སེམས་ཀྱི་ཕྱི་རོལ།
སྟོན་སྤྲིན་ཕུང་པོའི་མཐའ་ན་མཚམས་སྤྲིན་འཕྱུར།།
བསིལ་བུའི་དྲི་གཞོན་ལྷོ་ནས་ལྷོ་རུ་རྒྱུ།།
སིལ་བུར་འཐོར་བའི་སྡོང་ལོ་སེར་པོ་ཡང་།།
བརྩེ་མེད་ལྡོག་པའི་སྣེ་ན་འདར་ཞིང་འཁྱོམ།།
ཉམ་ཐག་སྤྲང་པོའི་ཟླ་བ་འཇིངས་སུ་ནུབ།།
གཉའ་ཤིང་འདི་ནི་ཐག་པ་བརྒྱ་ཡིས་སྦྲེལ།།
ཆད་པར་དོགས་ནས་ཟུངས་ཁྲག་རི་མོར་བཀོད།།
གསས་བུ་འཇིགས་མེད་རང་གྲོལ་གྱིས་རྔ་བ་ནས་བྲིས།