སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གངས་ཏི་སེའི་འདབས།
[ 2012/6/27 13:51:00 | By: གངས་སྙུག ]
 

 

གངས་ཏི་སེའི་འདབས།

 

 

ཀ་ཅིའི་མདངས་འཛིན་རབ་དཀར་ཏི་སེ་ཡི་འདབས་རོལ།།

                   ཁ་བ་གངས་ཆུའི་གཞུར་རླབས་ཆིལ་ཆིལ་དུ་འཕྱོ་བ།།

                ག་ལྗང་གཡུ་མདངས་འོད་འཕྲོ་མ་ཕམ་གྱི་འགྲམ་ངོགས།།

                   ང་ཚོ་གངས་དཀར་སྨན་རྩིས་སློབ་གླིང་དེ་སྐྱིད་པ།།

 

ཅ་ཅུར་སྐད་རིགས་མི་གཅིག་འཛམ་གླིང་གི་མི་སྣ།།

ཆ་ལུགས་སྣེ་ཁ་བརྒྱ་ཡི་འདུ་འཛོམ་གྱི་གཞིས་ཀ།

ཇ་ཆང་རྩམ་དཀར་བོད་པའི་འཚོ་ཟས་ནི་ངོ་མ།།

ཉ་ཉོར་མི་འཛད་གཏེར་གྱི་ལོངས་སྤྱོད་དེ་འབེལ་ས།།

 

ཏ་ཏོར་རི་དང་རི་ཕྲན་ཕྱོགས་ཕྱོགས་ནས་བསྟར་ཞིང་།།

ཐ་གྲུ་འཛད་མཐའ་མེད་པའི་རྩྭ་ཐང་གི་དབྱིངས་ཆེན།།

ད་དོར་ལྷང་ལྷང་རྒྱུ་བའི་སྤྲིན་དཀར་གྱི་འོག་ན།།

ན་དམར་མཚོ་དང་སྦྲེལ་བའི་ཁོར་ཡུག་དེ་མཛེས་ས།།

 

པ་ཏྲའི་རིས་ཀྱིས་མཛེས་པའི་ཁང་བཟང་དེ་བསྟར་ཞིང་།།

ཕ་མེས་ཞང་ཞུང་རྒན་པོའི་ཤེས་རིག་གི་ཉིང་བཅུད།།

བ་བ་ར་ས་ཡ་ནའི་སྨན་མཚོ་དེ་བསྐྱིལ་ཞིང་།།

མ་ལུས་འགྲོ་ཕན་སྟོང་རྩའི་སྨན་སྦྱོར་དེ་བྱེད་ས།།

 

ཙ་ཙིར་ནད་ཀྱིས་གདུང་བའི་ཉམས་ཐག་གི་འགྲོ་བར།།

ཚ་གྲང་མ་འཁྲུལ་གནད་སྨིན་ལག་ལེན་གྱི་སྒོ་ནས།།

ཛ་དྲག་གཤིན་རྗེ་འཁྲོས་པའི་བཙན་ཁྲིམས་གྱི་འོག་ནས།།

ཝ་ལེར་མི་ཡུལ་འཚོ་བའི་བདེ་གླིང་དུ་སྐྱེལ་ས།།

                                  

ཞྭ་དཀར་བསྟན་སོན་ཞང་ཞུང་ཡུལ་དབུས་ན་འཛུག་མཛད།།

ཟ་ཟོལ་ལྷད་མེད་ཁྱུང་སྤྲུལ་ནམ་མཁའ་ཡི་རྡོ་རྗེ།།

འ་བུའི་མགོན་ཅིག་རྒྱལ་ཚབ་མངའ་རིས་ཀྱི་དགེ་སློང་།།

ཡ་རབས་བླ་མས་གཞན་ཕན་བྱང་སེམས་དེ་བསྐྱེད་ས།།

 

ར་ལྟར་མངོན་པར་མཐོ་བའི་ཤེས་རབ་དེ་རྒྱས་ཀྱང་།།

ལ་ལད་ཕྱོགས་ལྷུང་དྲི་མས་ཆ་ཙམ་ནི་མ་གོས།།

ཤ་ཚའི་བློ་ཁ་ཉམ་ཐག་འགྲོ་དོན་དུ་ཕེབས་པའི།།

ས་ཕྱོགས་ངེས་མེད་སློབ་བུའི་སྙན་གྲགས་དེ་ལྡིར་ས།།

 

ཧ་གོ་དོན་གསལ་རང་གི་མྱོང་བ་ཡི་གཏམ་འདི།།

ཨ་ཕོའི་མ་བཅོས་སེམས་ཀྱི་གསང་བར་ནས་ཐོན་སོང་།།

 

༢༠༡༢ལོའི་ཟླ་༦ཚེས་༢༤ཉིན་ཆབ་མདོར་བྲིས།།

 

 

 

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.