སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཀ་ཁ་སུམ་ཅུ་སུས་མཛད།
[ 2012/6/25 19:46:00 | By: གངས་སྙུག ]
 

ཀ་ཁ་སུམ་ཅུ་སུས་མཛད།

 

བོད་ཡིག་མཛད་པ་པོ་སུ་ཡིན་གླེང་སློང་གི་ཟིན་བྲིས་ཐུང་ངུ་འདི་ཕྱོགས་ཀྱི་ཤེས་ལྡན་པའི

་སྡེ་བར་བགྲོ་གཞི་རུ་ཆེད་དུ་དམིགས་ནས་བྲིས།

 

  སྤྱིར་བཏང་ནས་བཤད་པ་ཡིན་ན། ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཀྱི་སྐད་ཡིག་

འདི་ཉིད་ཀྱི་སྲོལ་གཏོད་པ་པོ་བོད་པ་རང་ཉིད་ཡིན་པས་མ་ཚད་འཛམ་གླིང་གི་མི་

རིག་སྐད་ཡིག་ཁྲོད་ནའང་ཆེས་སྔོན་ཐོན་གྲལ་དུ་སླེབས་ཡོད་པའི་ཚུལ་མཁས་རྣམས

་མ་བགྲོས་གཅིག་ཏུ་སྨྲ།ཡིན་ནའང་བོད་པའི་ནང་ཁུལ་དུ་དེ་ཉིད་ཀྱི་སྲོལ་གཏོད་མཁན་

མི་ངོ་མ་དེ་སུ་རེད་ཟེར་ན་རྩ་བའི་ཆ་ནས་ཧ་ལམ་ཕྱོགས་ཁག་གཉིས་སུ་གྱུར་ཡོད་པ་རེད།

             དང་པོ་བོན་གྱི་ཆོས་ལུགས་རྒྱུད་འཛིན་མཁས་དབང་རྣམས་ཀྱིས་གཙོས་པའི་རིག་

པ་སྨྲ་བ་ཁག་ཅིག་གིས་སྟོན་པ་གཤེན་རབ་ཀྱིས་མཛད་པར་བཤད་ཡོད།

  གཅིག་ཤོས་ནི་བན་ཆོས་ཀྱི་རྒྱུད་འཛིན་མཁས་དབང་རྣམ་པས་བོད་རྒྱལ་

   སྲོང་བཙན་གྱི་བློན་པོ་ཐུ་མི་གསར་གཏོད་མཛད་ཅེས་ཟེར་བ་སོགས་ཕྱོགས་

                  སོ་སོ་ནས་རྩ་བའི་ཁུངས་ལུང་རེ་བལ་ཏེ་དགག་སྒྲུབ་ཀྱི་རྣམ་བཞགམང་དུ་བྱེད་ཀྱིན་ཡོད།

་འདི་ན་འདོད་ཚུལ་གཉིས་པོ་བན་བོན་ཆོས་ལུགས་མཁན་པོ་ཕྱོགས་

གཉིས་སུ་བཤད་པ་དེ་དག་ཆོས་བཤད་དུས་འཇིག་རྟེན་དང་།

འཇིག་རྟེན་བཤད་དུས་ཆོས་ཤོད་པ། ཆོས་དང་འཇིག་རྟེན་བསྲེ་བའི་ལུགས་ཀྱང་

དེ་བས་མ་ཡིན། འོ་ན་ཇི་ལྟར་ཞེ་ན། ད་ལྟ་བོད་ཡིག་སྐོར་གྱི་དཔྱད་གཞིའི་

ཡིགརིགས་དེ་དག་གི་མཛད་པ་པོ་ཆོས་ལུགས་མཁན་པོ་ཚོ་ཡིན་པས་

མ་ཚད་བརྡ་སྤྲོད་ཀྱི་གཞུང་དེ་ཀུན་ཀྱང་ཆོས་ཀྱི་གཞུང་ལུགས་དང་

འབྲེལ་ནས་ཡོད་པས་ཡིན།བོད་འདིར་བར་སྐབས་ཤིག་ཏུ་ཤེས་རིགས་

སློབ་གཉེར་བྱེད་གནས་ཕལ་ཆེ་བ་དགོན་སྡེ་རུ་ཡིན་པ་དང་།སློབ་གཉེར་

རྒྱུད་འཛིན་པསེར་མོ་བ་དང་མི་སྐྱའི་རིགས་གཉིསསུ་འདུསཡོདཧ་ལམ་དགོན་པའི་

   ཁོར་ཡུག་དུ་གནས་ཤིང་འཚོ་བའི་ཕྱིར་དུའོ།།དེ་ལས་གཞན་པའི་ད་ལྟ་ནང་བཞིན་

དགོན་གནས་མ་ཡིན་པའིཆེ་འབྲིང་ཆུང་བའི་སྒྲིག་གཞི་ཅན་གྱི་སློབ་གླིང་སོགས་

     ཞེ་དྲག་མེད་པའི་རྐྱེན་གྱིས་རེད།འོན་ཏེ་ད་ལྟའི་སློབ་གླིང་ཆེ་ཁག་དག་ཏུའང་བོད་ཀྱི་ཤེས་

     རིག་སྤྱི་དང་བྱེ་བྲག་བོད་ཡིག་སྐོར་ཞིབ་འཇུག་བྱ་དགོས་ཚེ་བོད་རང་གི་ཆོས་ལུགས་ཀྱི་

       གཞུང་ཁག་དང་མ་འབྲེལ་བ་མེད་པའི་སྒོའི་ནས་གླེང་རྒྱུའི་གོ་སྐབས་ཀྱང་ཕྲ་སྟེ།    གོང་ནས་

    བཤད་པ་བཞིན་དཔྱད་གཞིའི་ཡིག་རིག་དེ་དག་ཆོས་རྒྱུད་དང་འབྲེལ་ནས་ཡོད་པས་སོ། 

དེ་བཞིན་ད་ལྟའི་བོད་རིག་པ་མཁས་ཅན་གྱི་མིང་ཡོད་པ་དེ་ཚོའི་སེམས་ནང་ལ་སྔར་

གྱི་ཆོས་ལུགས་ཕྱོགས་འཁྱེར་མཁན་དེ་དག་གི་བག་ཆགས་བརྟན་པོ་ཞིག་སིམ་ནས་

བསྡད་ཡོད་འདུག་པ་ནི་ཁྱད་མཚར་བ་ཞིག་རེད།དེའང་གནའ་མིའི་ཁ་རྒྱུན་དུ།ཤྭ་ཁྱི

་ཤ་ལ་བལྟ་ཟུག་དུས།།བུལ་ཁྱིས་དེ་ལ་བལྟ་ནས་ཟུག།ཟེར་བ་ནང་བཞིན་ཏེ།སྔོན་གྱི་ཆོས་ལུགས་

མཁན་པོ་དེ་དག་ནི་སྐབས་དེའི་ཚོ་པ་དང་མི་སྡེའི་དཔོན་པོའང་ཡིན་ཕྱིར་ཕྱོགས་དུ་མ་ཞིག་

ནས་རང་གི་ཐོབ་དང་གོ་གནས་དཔལ་འབྱོར་དང་མངའ་ཐང་སོགས་ཀྱི་ཆེད་དུ་གནས་སྐབས་

ཀྱི་ཐབས་ལམ་སྣ་ཚོགས་བལ་ཏེ་ཕྱོགས་གཅིག་ནས་ཤེས་རིག་ལ་ཞབས་འདེགས་

ཞུས་ཡོད་ལ།ཕྱོགས་གཅིག་ནས་གནས་སྐབས་སོ་སོའི་མངའ་ཐང་གི་ཆེད་དུ་

ཤེས་རིག་དང་ལོ་རྒྱུས་དུ་མ་ཞིག་ལ་བཅོས་སླད་ཀྱང་མཛད་ནས་ཕེབས་སོང་བ་

ཡིན་འདུག  དེ་འདྲ་ཡིན་ཙང་དེའི་དུས་ན་དགོས་པ་དང་དམིགས་ཡུལ་ཡོད་ཡོད་

འདྲ་ཞིག་སྣང་ནའང་།དེང་གི་དུས་ན་ཁོ་ཚོའི་ལད་ཟློས་ཁོ་ན་བྱས་ཏེ་སྡོད་པ་ནི་

ཐོབ་རྒྱུ་ཅི་ཡང་མེད་ཅིང་མི་གཞན་གྱི་མིག་མདུན་ན་ཧོལ་རྒྱུག་ཅན་ཞིག་ཏུ་

མཐོང་རྒྱུ་ལས་གཞན་ཅི་ཞིག་མཆིས།ཡང་སྙིང་ང་ཚོས་ལག་ལེན་གང་འདྲ་ཞིག་བྱེད་

དགོས་མིན་སྐོར་ཞིབ་འདང་རེ་བརྒྱབ་ནས་བཤད་པ་ཡིན་ན།བསྐྱར་བཤད་དང་

ཧོལ་རྒྱུག་ཁོ་ནས་ཡོང་ཐབས་མེད་པའི་ངོས་འཛིན་གསལ་དུ་བཏང་ཐོག་

བདེན་པའི་ལམ་ཁ་གཞན་ཞིག་ཉུལ་རྒྱུ་དེ་རེད།གོང་ནས་བཤད་པའི་གླེང་ཕྱོགས་གཉིས་ལ་

འདི་ནས་མར་བོན་དང་འབྲེལ་བའི་སྐད་ཆའི་ཕྱོགས་ལ་ཀ་པ་དང་།བན་དང་འབྲེལ་བའི་སྐད་

ཆའི་ཕྱོགས་ལ་ཁ་པ་ཞེས་ཀློག་བདེའི་ཆེད་དུ་འབྲི་རྒྱུ་ལགས་ན་ཡིད་འཇག་ཡོད་པ་ཞུ་རྒྱུ་ཡིན།

ཕྱོགས་ཁ་པ་ནས་བོད་རྗེ་སྲོང་བཙན་གྱི་མཛད་པའི་ནང་དུ་ཐར་པ་དང་ཐམས་ཅད་

མཁྱེན་པ་སྒྲུབ་པའི་ཐབས་ལམ་ཉག་གཅིག་གི་གཞུང་ལུགས་ཏེ་རྒྱ་གར་ནས་དམ་ཆོས་

གདན་དྲངས་པ་དང་།དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཤེས་རིག་

ཕུན་སུམ་འཚོགས་པོ་ཞིག་ནང་འདྲེན་བྱས་ཚུལ་གྱི་ལོ་རྒྱུས་ལ་གསལ་འགྲེལ་

བྱེད་རྒྱུ་གལ་གནད་དུ་ཐུག་ཚེ་ཤེས་རིག་གཞུང་ལུགས་ཀུན་གྱི་རྨང་གཞི་ཡི་གེའི

བྱུང་རིམ་དེ་ནི་གལ་ཆེ་བཞིག་ཏུ་ངེས་ཕྱིར་བོད་རང་ཉིད་ཀྱི་སྐད་ཡིག་དེའང་

ཐོན་མིས་གསར་གཏོད་བྱས་ཚུལ་སོགས་དེའི་གོང་གི་རང་རེའི་མེས་པོ་དུ་མའི་

ཕྱག་རྗེས་དང་མཛད་པ་ལ་སྒྲིབ་གཡོག་ཅིག་མ་བཙལ་ཐུ་མེད་དུ་གྱུར་པ་ཞིག་རེད།  སྐད་ཆ་དེས་དང་བ་དྲངས་ཡོང་བའི་མི་མང་དུ་ཕྱིན་པ་དང་ཕྱོགས་ཀ་པའི་

ལོ་རྒྱུས་དང་མངའ་ཐང་ལ་གདེང་འཇོག་ཆུང་དུ་ཕྱིན་རྗེས།ཕྱོགས་ཀ་པ་ནས་སྲོང་

བཙན་ཡར་སྔོན་ནས་བོད་ཡིག་ཙམ་དུ་མ་ཟད་གཡུང་དྲུང་བོན་གྱི་ཆོས་དང་ཤེས་རིག་

གི་གཞུང་ལུགས་ཕུན་སུམ་ཚོགས་པོ་ཡོད་ཚུལ་གྱི་ཁུངས་ལུང་བཙལ་ཏེ་བཟློག་ཏུ་མེད་

པའི་རྒོལ་ལན་ཞིག་བསློག་པ་རེད།དེར་ཕྱོགས་ཁ་པས་རིག་པ་གཞན་ཞིག་བཏང་ཡོད་པ་ནི།

སྲོང་ཡར་སྔོན་དུ་བོད་ལ་ཡི་གེ་ཞིག་ཡོད་པ་དེ་ནི་ཆོས་ཕྱོགས་ཙམ་མ་གཏོག་སྤྱི་ཚོགས་ཀྱི་

འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པ་ཞིག་ཡིན་པ།སྲོང་བཙན་གོང་དུ་བོན་གྱི་ཆོས་ལུགས་

ཡོད་ཀྱང་དེ་ནི་ཐར་པ་སྒྲུབ་མི་ནུས་པའི་ཆོས་ཤིག་ཡིན་སྐད་བཤད་པ་སོགས་ཕྱོགས་

དུ་མ་ནས་བོད་ཀྱི་ལོ་རྒྱུས་གསར་དུ་བཅོས་པས་བོད་མི་བྱིངརྣམས་མགོ་འཐོམ་པར་གྱུར་། དེས་ཕྱོགས་ཀ་པ་ཡང་མགོ་འཐོམ་ཏེ་སྐད་ཆའི་ལན་རྒྱག་སྟངས་ཐད་གོམ་པ་ཡང་འཁྱར་རེ་

འཁྱོར་རེར་ཕྱིན་པ་ཏེ།ཡ་གིའི་མཁས་ཆེན་ཚོས་བཤད་ནའང་འདྲ།མ་གིའི་མཁས་ཆུང་ཚོས་བཤད་

ནང་འདྲ།མདོ་དྲི་མེད་གཟི་བརྗིད་ལས།ཡིག་འབྲུ་སུམ་ཅུ་བོན་གྱི་ཁོག་ཀྱང་དབུབ།།ཅེས་སོགས་

ཀྱི་ལུང་ཚིག་དེ་བསྐྱར་འདྲེན་ཙམ་དང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པ་ཡིན་ན་རྒྱལ་

པོས་རྒྱལ་སྲིད་སྐྱོང་ཐབས་མེད་པའི་གནས་ཚུལ་དེ་ཡང་ནས་ཡང་དུ་གླེང་བཞིན་པའི་གནས་

ཚུལ་དེ་རེད།དུས་རབས་འདིའི་གོང་ཙམ་ན་ཕྱོགས་ཁ་པ་ཧ་ལམ་ཁ་གཅིག་གྲགས་སུ་བོད་ཡིག་

ཐུ་མི་གསར་གཏོད་བྱས་ཞེས་སྨྲས་ཡོད་ཚོད་རེད་འདུག་མོད་ཀྱང་དེང་གི་དུས་ན་སླེབས་དུས་ཁ་

པའི་ཕྱོགས་མང་པོ་ཞིག་ལ་དེའི་སྐོར་དྭོགས་གཞི་རུ་གྱུར་ཡོད་པས་མ་ཚད།ཀ་པ་དང་ཕྱོགས་

མཚུངས་པར་སྨྲ་མཁན་ཡང་མང་དུ་ཐོན་བཞིན་མཆིས།ཕྱོགས་ཀ་ཁ་གང་ཡིན་མི་ལྟོས་པའི་

མཁས་པ་དུ་མ་ཞིག་གིས་ཡུལ་འོལ་མོ་ལུང་རིངབོད་ཁུལ་ཡིན་པ་དང་སྟོན་པ་གཤེན་རབ་ཀྱང་

བོད་ཀྱི་མི་ཡིན་པར་བཤད།ཀ་པའི་ཕྱོགས་མང་པོ་ཞིག་ལ་དེ་འདྲ་གླེང་ཚེ་གདོང་ཡང་དམར་པོར་

འགྱུར་ལ་ཁད་དེ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་ནི་སྤྲུལ་པའི་ཞིང་

ཁམས་ཤིག་ཡིན་པ་ལས་ཤ་ཁྲག་གདོས་བཅས་ཁུར་ནས་འགྲོ་ས་འདི་ལྟ་བུའི་ས་རྡོ་རི་

བྲག་ཅན་ཞིག་མ་ཡིན་ཞེས་ཁྲེལ་དགོད་ཀྱང་བྱེད་སྲིད་པ་ཞིག་རེད།  ཕྱོགས་ཀ་པའི་སྐད་ཆ་ཡོངས་

གྲགས་ལྟར་ན།འོལ་མོའི་གླིང་དུ་སྟོན་པ་གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་

བཞི་བཅུ་གཏན་ལ་ཕབས་ཚུལ་དང་།དེ་ལ་དཔེ་བླངས་ཏེ་སྟག་གཟིག་གི་ཡི་གེ་གསར་དུ་བཟོས།

སྟག་གཟིག་གི་ཡི་གེ་ལ་དཔེ་བྱས་ཏེ་ཞང་ཞུང་གི་ཡི་གེ་གསར་གཏོད་བྱས།ཞང་ཞུང་གི་ཡི་གེ་

ལ་དཔེ་བླངས་ཏེ་བོད་ཀྱི་ཡི་གེ་གསར་དུ་བཟོས་པར་བཤད་དུ་ཡོད་ཀྱང་ཞང་ཞུང་གི་ཡི་གེ་ལས་

བོད་ཡིག་དངོས་སུ་སྒྱུར་པ་པོ་དེ་སྟོན་པ་མཆོག་ཉིད་དམ་ཡང་ན་མཁས་པ་དང་ལོ་ཙཱ་བ་སུ་

ཞིག་ཡིན་པའི་མཚན་འབོད་རྒྱུའི་གསལ་ཁ་ལུང་དང་རིག་པ་གང་གི་ཐད་ནས་གསལ་བཤད་

དེ་ཙམ་མེད་པ་དང་། དེའི་དེའི་སྐོར་ནས་ཨ་བཤད་ཡང་བཤད་འགའ་བྱས་ཚེ་སྟོན་པ་གཤེན་རབ་

མཆོག་ཉིད་ཀྱང་བོད་ནས་མིན་ཚུལ་དང་།ཁོང་གིས་མཛད་པའི་ཡི་གེ་དེ་ཉིད་གཏན་ལ་

ཕབས་ས་བོད་ཡུལ་མིན་ཚུལ།བོད་དུ་འགྱུར་ཟིན་པའི་ཡི་གེ་དེ་རྒྱལ་ཁབ་མི་གཅིག་པ་དང་མི་

རིགས་དང་སྐད་རིགས་མི་གཅིག་པ་དུ་མ་ཞིག་བརྒྱུད་ནས་ཡོང་ཚུལ།བོད་དུ་དངོས་སུ་སྒྱུར་

པ་པོ་སུ་ཞིག་ཡིན་པའི་མིང་སྨོས་མེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་མི་མང་པོ་ཞིག་ལ་

སླར་ཡང་དྭོགས་གཞི་རུ་གྱུར་འདུག་པས་སླད་ཕྱིན་ཀ་པ་དང་ཁ་པའི་ཕྱོགས་སོ་སོ་ན

གྲུབ་མཐའི་ཆགས་སྡང་གིས་མ་བསླད་པའི་ཤེས་རབ་ལྡན་པ་དག་གིས་གོང་གསལ་གྱི་དྭོགས་

གནད་དེ་དག་གི་ཐད་ལ་གནད་སྨིན་བསམ་གཞིག་གི་འབྲས་རྟགས་རེ་འཇོག་ཏུ་རན་ཞེས་

སྨྲ་བ་དང་ཆབས་ཅིག་རེ་ཞིག་མཇུག་བསྡུ་བའོ།      

༢༠༡༢ལོའི་ཟླབ་༦ཚེས་༢༥ཉིན་ཆབ་མདོར་བྲིས།

 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/6/25 22:54:14 | By: སྐུ་མགྲོན་1JAl1P(སྐུ་མགྲོན) ]
 
སྐུ་མགྲོན་1JAl1P(སྐུ་མགྲོན)བཀླགས་ཡོད། དགའ་བསུ་ཡོད།
 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/6/25 22:59:04 | By: zhongsong ]
 
zhongsongབདེན་དོན་ལ་ཕྱོགས་པའི་གླེང་བསླང་གནང་བར་དགའ་བསུ་ཞུ།
གཤམ་དུ་གངས་སྙུག་ལགས་ཀྱིས་ལན་སློག་པ་ནི་
བོན་སྨྱུག་ལགས་ཕེབས་པར་དགའ་བསུ་ཡོད།
 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/6/26 15:55:36 | By: སྐུ་མགྲོན་8DTf83(སྐུ་མགྲོན) ]
 
སྐུ་མགྲོན་8DTf83(སྐུ་མགྲོན)དྲང་བདེན་གྱི་ལོ་རྒྱུས་ཤིག་འབྲི་བ་དང་གླེང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།ལོ་རྒྱུས་དཀྱོགས་འབྲི་བྱེད་པ་མི་རིགས་འགན་མ་ཁུར་བ་ལས་ཅི་ཡང་མ་ཡིན་པར་འདོད།
གཤམ་དུ་གངས་སྙུག་ལགས་ཀྱིས་ལན་སློག་པ་ནི་
མི་རིགས་རིག་གནས་ལ་ཕན་པའི་གཏམ་གླེང་ཡོད་ན་ཡག་པོ་རེད། ཁྱི་ཁོགས་ཟེར་དུས་བ་ཡི་རྣ་ཅོ་འཇུས་ན་ཡག་པོ་མ་རེད།
 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/6/28 11:37:12 | By: སྐུ་མགྲོན་L52Sk8(སྐུ་མགྲོན) ]
 
སྐུ་མགྲོན་L52Sk8(སྐུ་མགྲོན)བཀླགས་ཟིན་ཡག་པོ་འདུག། བསོད་ནམས་བློ་གྲོས།
 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/8/23 23:35:58 | By: སྐུ་མགྲོན་IMDp26(སྐུ་མགྲོན) ]
 
སྐུ་མགྲོན་IMDp26(སྐུ་མགྲོན)བཀླས་ཟིན་དགའ་བསུ་མེད། ཞིབ་འཇུག་པའི་དྲི་ཙམ་ཡང་མེད་ན་འང་ཡིན་མདོག་མདོག་འདྲ་བྱས་ནས་གཞན་གྱི་ཚིག་འཁྱམ་འགའ་ཤེས་བཀོད་པ་འདི་ནི་ཁྲེལ་རྒོད་ཀྱི་གནས་སུ་གྱུར།
 
 
Re:ཀ་ཁ་སུམ་ཅུ་སུས་མཛད།
[ 2012/8/24 1:09:06 | By: zhongsong(སྐུ་མགྲོན) ]
 
zhongsong(སྐུ་མགྲོན)མཆན་གོང་མ་བཀོད་མི་དེས་གཞན་ལ་སྐྱོན་འཛུགས་འདྲ་བྱས་འདུག་མོད་འོན་ཀྱང་ཁོ་རང་མཆན་ཐུང་དེའི་དག་ཆ་ཡང་ནོར་འདུག འདི་ཀློག་པ་པོ་ཞིག་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.