ཁ་སང་བུ་མོ་བུད་སོང་།
ཁ་སང་བུ་མོ་བུད་སོང་།
དྲིན་ཕ་མ་ལ་སྡུག་གི་ཁུར་པོ་བཀལ་ནས་བུད་སོང་།
རེ་བ་ཡི་འདུན་མ་རླུང་ལ་བསྐུར་ཏེ།
བསླབ་བྱ་ཡི་གསུང་དབྱངས་ཐན་སྐད་དུ་བསམ་བཞིན།
དྲིན་ལན་ལོག་འཇལ་གྱི་མཛད་པ་བསྐྱངས་ནས་བུད་སོང་།
ཁ་སང་བུ་མོ་བུད་སོང་།
འོ་ཞོ་ཡི་རྒྱ་མཚོ་འཁྱིལ་བའི་འབྲོག་ཁྱིམ་བསྐྱུར་ནས།
དཀར་མངར་གྱི་ཟས་རིགས་ལ་དང་ཁ་མེད་པར།
རྫི་གླུ་དང་དང་འབའ་སྒྲ་ལ་ཞེན་པ་དོར་ཏེ།
ཁ་ཕྱོགས་ནོར་བའི་ལམ་བུ་དེ་ནས་བུད་སོང་།
ཁ་སང་བུ་མོ་བུད་སོང་།
ཤོག་སྒོར་ལ་དགའ་བའི་ཞེན་ཆགས་དེའི་དབང་གིས།
ན་གཞོན་གྱི་ལང་ཚོ་ཡལ་སོང་བའི་ཤུལ་ལམ་ནས།
ལན་བུ་དང་རྫི་མ་ཚོན་མདོག་གིས་སྒྱུར་བཞིན།
གཞིས་ཁྱིམ་གཙང་མའི་སྒོ་ཐོད་བརྒལ་ནས་བུད་སོང་།
ཁ་སང་བུ་མོ་བུད་སོང་།
འདུ་འཛི་ཆེ་བའི་གྲོང་ཁྱེར་ཞིག་ན།
རྒྱ་བོད་ཧོར་གསུམ་གྱི་མི་རིགས་ཀུན་ལ།
ལུས་འབྲེལ་གྱི་མཛད་འཕྲིན་དེ་ཡིས།
གངས་རིའི་བུ་མོའི་མཚན་སྙན་རླག་བཞིན་བུད་སོང་།
ཁ་སང་བུ་མོ་བུད་སོང་།
ཕྱི་དྲན་ཞིག་གིས་མདུན་ལམ་ལ་བསམ་གཞིགས་མེད་བཞིན་བུད་སོང་།
ལས་རྒྱ་འབྲས་ལ་ཡིད་ཆེས་མེད་བཞིན་བུད་སོང་།
བརྩེ་དུང་གི་བསླུ་བྲེད་ལ་མཛའ་བཤེས་བསམ་ནས་བུད་སོང་།
རང་ཉིད་ལ་ཡོད་ཚད་རང་གིས་རླག་བཞིན་བུད་སོང་།
ཕ་ཡུལ་དམར་རི་ནས་་་་་་་་་་་་་་་་་་་་༢༠༡༡ ༨ ༡ཉིན་བྲིས།
- ཟིན་ཐོ་གོང་མ།སྙིང་གི་རེ་འབོད།
- ཟིན་ཐོ་འོག་མ།སྤྲོ་སྣང་།
བཅས་སྙན་ལམ་དུ་ཕུལ་འདོད་པ་སྟེ། ཁ་སང་བུ་མོ་སོང་ཤུལ་གྱི་
ཡིད་འགྱུར་ལ་སྐུ་ཉིད་ཀྱིས་རྒྱུས་ལོན་བྱས་པའི་ཚད་ནི་ངོ་མ་མཐོན་པོ་ཟེར་བ་རེད། འདི་འདྲའི་རྟ་ཁ་འཐེན་བྱེད་ཀྱི་སྲབ་ཁ་ལྟ་བུའི་སྐུལ་མ་རེ་གནང་བ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ད ་དུང་བུ་མོ་མ་སོང་སྔོན་དུ་ལ་ལྡོམ་ལུང་ལྡོམ་བྱེད་དགོས་པའི་སྐྱི་གཡའ་བའི་སེམས་ནད་ཅི་བྱུང་ཡོད་པ་དང་། དེ་འདྲའི་སེམས་ནད་བྱུང་བཞིན་པ།
སེམས་ནད་དེ་ལྡོམ་ནད། བྱུང་གྲབས་བྱེད་པའི་བུ་མོ་དག་གི་ལུས་སྟེང་གི་ནད་ཡམས་དེའི་འབྱུང་ཁུངས་དང་འབྱུང་རྐྱེན་ལ་ཞིབ་འཇུག་རེ་
བྱས་རྗེས་སླར་ཡང་དུག་སེལ་ཀུན་གཞོམ་ཀྱི་རུལ་བུའི་སྐུལ་མ་རེ་གནང་རྒྱུ་གལ། སྲིད་པའི་ཁ་དཔེ་ལ། ཕོ་ལྡོམ་ལ་དང་མོ་ལྡོམ་ལུང་ཞེས་པ་
ཞིག་ཀྱང་ཡོད་སྲིད། ཕོ་ལྡོམ་གླེང་རྒྱུ་བརྗེད་ནས། མོ་ལྡོམ་གླེང་རྒྱུ་ཇེ་
གསལ་ནས་ཇེ་གསལ་དུ་གྱུར་ཚེ། སྐྱིད་ཀྱི་ཞིང་ཁམས་ན་ཡོད་པའི་བུ་མོ་ཞིག་གི་རྣ་བར་སྙན་པའི་སྐུལ་མ་ཡིན་མོད། སྡུག་གི་མུན་པའི་ཀློང་ན་
ཡོད་པའི་བུ་མོ་ཞིག་ལ་མཚོན་ན་སེམས་ཚགས་ཁར་སེམས་ཆུ་བསགས་པ་མ་ཡིན་ནམ།
རྒྱུ་མཚན་ཁ་དཔེ་ལ་སྡུག་ཞིག་ཡོད་ནས་ལྡོམ་ཟེར་བ་རེད། མི་རེ་རེའི་རང་མགོར་འབབ་སྟེང་གི་སེམས་ཀྱི་སྡུག་བསྔལ་མི་འདྲ་བས་དེར་
མཐོང྄་ཆེན་དང་མཐོང་ཆུང་བྱེད་ཚུལ་ཡང་མི་འདྲ་བའི་མི་སྣ་ཚོགས་ཡོད་པས། མཐོང་ཆུང་གི་ཟུག་གཟེར་གྱིས་བུ་མོ་ལ་ལ་ཕྱིར་བསྐྲོད་བྱས་པ་ཡང་ཡོད་སྲིད ། མགོ་ན་ནས་ཐོག་ལ་གཡུ་འབྲུག་གི་ཙག་ལྡིར། སེམས་སྡུག་ནས་ཐོག་ལ་ཁུ་བྱུག་གི་སང་སྒྲ་ཞེས་གསུང་པ་ལྟར་བུ་མོ་ཚོ་ལྡོམ་པར་ཁག་མི་འདུག་ནའང་ཐང་བསམ། སེམས་གཏམ་དྲང་བོར་བཤད་ན་འདི་འདྲ་རེད།
དྲྭ་གྲོགས་གཡུང་དྲུང་གཙུག་ཕུད་ལ་འཚམས་ཞུ་བ་དང་ཕ་ཡུལ་གྱི་བུ་མོ་དག་འདི་ལྟར་ཡིན་དུ་ཆུག་ཀྱང་བག་ཚ་བའི་དོན་དག་ཅིག་བདག་གིས་ཁྱུ་ནས་མ་བསམ་ཏེ། གཞི་རྩའི་ཆ་ནས་མི་ཡུལ་ནི་ཡིད་གཏད་བྲལ་བའི་སྟོང་སངས་ཀྱི་འཇིག་རྟེན་ཞིག་ལས་མ་དམིགས་པས་ན། མི་ཚེ་ནི་འགྲུལ་བཞུད་ཐེངས་ཤིག་སྟེ་སྐྱིད་སྡུག་དང་བཟང་ངན་དུ་སྙད་བཏགས་པ་དེ་རིགས་འགྲུལ་པ་སོ་སོས་བཀའ་སྡུག་ཁྲི་ཡིས་སྒྲུག་པའི་རྔུལ་ཆུ་ཉག་ཅིག་སྒོམ་ན་འགྲིག་ཚོད།
གཡུ་འབྲག
ལགས་སོ། ཁྱེད་ཀྱིས་གསུང་པ་དེ་བདེན་པའི་གཏམ་ངོ་མ་རེད།
ངོ་བསྟོད་ཀྱང་པས་ཕན་རྒྱ་ཆེར་ཡོད་མ་རེད།
ཕྱིན་ཆད་བདག་གི་རྩོམ་དག་ལ་ཡིག་ནོར་ཡོད་ཚེ།
ཁྱེད་ཀྱིས་བཀའ་སློབ་རིམ་བཞིན་གནང་རོགས་ཞུ།