ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟོན་འཇུག་གི་སྐྱོ་གླུ། | 2011/9/24 16:57:00

           སྟོན་མཇུག་གི་སྐྱོ་གླུ། 

 

མེ་ཏོག་སེར་པོའི་མཛེས་སྡུག་རྒྱང་དུ་གྱེས།།

ལྕང་གླིང་ལྡུམ་རའི་ལོ་མ་ཁ་དོག་ཡལ།།

ཁ་ཆར་ཞིག་གི་རི་རྩེ་གངས་ཀྱིས་གཏམ།།

གདུང་བའི་བསམ་པས་སྟོན་གྱི་སྐྱོ་གླུ་ལེན།།

 

ཁུ་བྱུག་གཤོག་འགྱུར་ཞིག་གིས་ནུབ་ཏུ་བཞུད།།

ལྗོན་མདོག་རྩྭ་ཐང་ཁ་དོག་དལ་གྱིས་ཡལ།།

ཞིང་ཁའི་སྙེ་མ་ཟོར་བས་གཞོམ་པ་ལ།།

ཞེན་ཆགས་བཙན་པོས་སྟོན་གྱི་སྐྱོ་གླུ་ལེན།།

 

ལྷག་རླུང་བསིལ་མོས་ཁ་བའི་སྐྱ་རེངས་བསུས།།

ཆར་ཆུ་གཙང་མའི་བཞུར་རྒྱུན་རིང་དུ་སོང་།།

དགུན་གྱི་སྟ་གོན་མགྲོན་བརྡ་གཏོང་བ་ཡིས།།

ན་ཟུག་བཙན་པོས་སྟོན་གྱི་སྐྱོ་གླུ་ལེན།།

 

དབྱར་གྱི་རྣམ་པའི་མཛེས་སྡུག་ཡལ་ཤུལ་ནས།།

ཁྲུང་ཁྲུང་སྟོང་གིས་སྨྲ་ངག་གོ་བ་ཡིས།།

ན་ཟུག་ཀློང་གི་དབུགས་རིང་རེ་རེ་ཡིས།།

མགྲིན་པའི་གསང་ནས་སྟོན་གྱི་སྐྱོ་གླུ་ལེན།།

                   ༢༠༡༡ ༩ ༡༨དགོང་མོར།

Re:སྟོན་འཇུག་གི་སྐྱོ་གླུ། | 2011/10/23 10:45:13
ཚུལ་དགའ་(སྐུ་མགྲོན)རྗོད་བྱ་བརྗོད་བྱེད་གང་ཐད་ནས་ལེགས་པོ་འདུག་གསུང་མཁན་ཁྱེད་རང་འཁོར་ཚར་འདུག བརྗོད་བྱ་སྔོན་འཇུག་ཡོད་ལ་རྗོད་བྱེད་མེད་པས་ཐུགས་ལ་ཞོག
རྩོམ་པ་པོ།:ཚུལ་དགའ་(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྟོན་འཇུག་གི་སྐྱོ་གླུ། | 2011/10/23 10:15:40
ཚུལ་དགའ་(སྐུ་མགྲོན)སྟོན་གྱི་མཇུག་ནི་མ་མཇུག་ཡིན། བྱ་བར་འཇུག་ནི་འ་འཇུག་ཡིན། གདུང་བའི་སེམས་ལ་དུས་འདས་མིན། དེ་ཕྱིར་ས་མཐའ་མེད་ན་དགའ། ལྷག་རླུང་བསིལ་མོ་ཨི་ལྡན་འཇུག་པར་བྱ། སྐྱ་རེངས་ལ་ནི་ཐུགས་བསམ་མ་བཞེས་འདྲ། སྨྲ་ངག་མ་ཡིན་སྨྲེ་ངག་ཡིད་ལ་ཞོག
རྩོམ་པ་པོ།:ཚུལ་དགའ་(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྟོན་འཇུག་གི་སྐྱོ་གླུ། | 2011/9/24 22:08:06
སྐུ་མགྲོན་w06Eui(སྐུ་མགྲོན)བསམ་བཞིན་དུ་ཡིག་ནོར་བྲིས་པ་མིན་ན། ཡིག་ནོར་ལ་གཟབ་རྒྱུ་གལ།
དེ་མིན་ནང་དོན་སྐོར་ལོག་ཞིག་ཏུ་བསྒྱུར་ངེས་རེད།
རྩོམ་པ་པོ།:སྐུ་མགྲོན་w06Eui(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྟོན་འཇུག་གི་སྐྱོ་གླུ། | 2011/9/24 17:28:40
danzengyixi

བཀླགས་ཟིན། རྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ལེགས་པོ་འདུག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.