ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙིང་གཏམ། | 2011/9/24 16:53:00

 

སྙིང་གཏམ།

བུ་ཕྲུག་ཚོ།

རེ་བ་ཡི་མདུན་མ་ཞིག་གམ།

མདུན་བསྐྱོད་ཀྱི་གོམ་སྟབས་དེ་ཡིས།

སློབ་གྲར་སོང་དང་། གནས་དེ་ན།

འཕྲུལ་ཡིག་བཞི་བཅུའི་གསང་ཤུག་ཀྱི་འོག་ནས།

ཕ་སྐད་རྣལ་མའི་དབྱངས་རྟ་ཡོད།

 

བུ་ཕྲུག་ཚོ།

དགའ་སེམས་དང་ཞེན་ཆགས་ཤིག་གམ།

སྙིང་སྟོབ་དང་ལ་རྒྱ་ཞིག་གིས།

སློབ་གྲར་སོང་དང་། གནས་དེ་ན།

སློབ་གྲོགས་ཚོའི་མཛའ་མཐུན་ཡོད།

དགེ་རྒན་གྱི་བྱམས་བརྩེ་ཡོད།

 

བུ་ཕྲུག་ཚོ།

ཕ་མ་ཡི་རེ་མདུན་ཞིག་གམ།

གཉེན་ཉེ་ཚོས་འབོད་སྐུལ་ལ་བསམ་ནས།

སློབ་གྲར་སོང་དང་། གནས་དེ་ན།

ཤེས་རིགས་ཀྱི་འོད་སྣང་ཡོད།

འཚོ་བཅུད་ཀྱི་དྭངས་མ་ཡོད།

 

བུ་ཕྲུག་ཚོ།

མིག་ཟུང་གིས་ཕྱིར་བལྟས་མེད་པར།

བསམ་པ་ཡི་ཞེན་ཆགས་མེད་པར།

སློབ་གྲར་སོང་དང་། གནས་དེ་ན།

མདུན་བསྐྱོད་ཀྱི་ལམ་བུ་ཡོད།

མི་ཚེ་ཡི་རིན་ཐང་ཡོད།

                         ༢༠༡༡ ༨ ༡༢ ཉིན་བྲིས།

 

Re:སྙིང་གཏམ། | 2011/9/24 22:17:59
སྐུ་མགྲོན་w06Eui(སྐུ་མགྲོན)སྤེལ་སྟངས་ལེགས་མོད་ཡིག་ནོར་མང་། དགོངས་འགལ་མི་གནང་བར་ཞུ།
རྩོམ་པ་པོ།:སྐུ་མགྲོན་w06Eui(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙིང་གཏམ། | 2011/9/24 17:49:13
yongdromཁྱེས་ཀེྱིས་དེ་ལྟར་གསུངས་པར་ཐུགས་རྗེ་ཆེ།
གུས་པས་ནོར་བཅོས་བྱས་ཟིན།
Re:སྙིང་གཏམ། | 2011/9/24 17:35:43
danzengyixi

འདི་ཡང་ལེགས་པོ་འདུག
ཡིག་བཏགས་སྐབས་སུ་ནོར་ཁྲུལ་བྱུང་ཡོད་ཤས་ཆེ།
རི་བ། སློབ་གྲལ། དངས་མ།
རེ་བ། སློབ་གྲྭར། དྭངས་མ། ལྟ་བུ་མིན་ནམ་སྙམ།
ཕན་ཚུན་རོགས་རམ་ཙམ་ཡིན་པས་དགོངས་པ་མ་འཚོམ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.