ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགོན་གྱིས་གྲྭ་པ་བདག་པོ་རྒྱག་ཚུལ། | 2015/7/20 14:20:00

དགོན་གྱིས་གྲྭ་པ་བདག་པོ་རྒྱག་ཚུལ།

རིས་མེད་པ།

༡༽དང་པོ་གྲྭ་པ་བྱེད་མཁན་མི་ཡི་སྤུས་ཚད་ལ་རྒྱུས་ལོན་པར་བྱེད་ནས། དུས་ཡུན་གང་འཚམ་གྱི་རིང་དུ་མི་ཆོས་དང་ལྷ་ཆོས་གཉིས་ཀ་ལ་མཁོ་བའི་སུམ་རྟགས་དག་གསུམ། སྐར་ནག་རྩིས་རིག་སོགས་ལ་སློབ་པར་བྱ། དེ་ནས་ཆོས་གཞུང་དང་མཐུན་པའི་མི་གཤིས་མི་གདའ་ན། འཇིག་རྟེན་མི་ཆོས་ལས་གྲྭ་པ་མང་ཐབས་ཁོ་ན་བྱེད་ནས་ཆོས་གཞུང་དང་འགལ་བའི་ལས། སུ་དང་གང་གིས་བྱེད་མི་རིག  མི་གཤིས་ཆོས་གཞུང་དང་མཐུན་ན་མཁན་སློབ་དཔང་གསུམ་གྱིས་མཐོང་ཆེན་བྱེད་ནས་མི་དེ་ཡི་སེམས་དགའ་ཡལ་ལེ་བ་ཞིག་ཡོང་བ་བྱེད་ནས་གྲྭ་པའི་གྲལ་གནས་སུ་འཇོག་དགོས།

༢༽དགོན་དུ་ཞུགས་ནས་བཟུངས་དགོན་གྱི་མི་ཞིག་ཡིན་པ། དོན་ཆེན་རིགས་དང་གནས་བསྐོར་འགྲོ་བ། དེ་བཞིན་དམིགས་གསལ་རིག་གནས་སྦྱོང་བ་སོགས་འགྲོ་དུས་ལས་དེ་མིན་རྟག་པར་དགོན་ནང་ལ་འདུག་དགོས། ཁྲིམས་ཡང་དེ་ལྟར་བཟོ་དགོས། གྲྭ་པ་སུ་ཡིན་ན་སྡེ་གསེང་དུ་འདོན་པ་འདོན་མཁན་བྱེད་ནས་འགྲོ་མི་རུང་ལ་འགྲོ་མི་ཆོག་པར་བྱེད་དགོས། འོ་ན་སྡེས། མི་ན་ཤི་བྱུང་དུས་དགོན་ལ་རེ་བ་རྒྱག་ས་མི་གདའ་ཟེར་བ་དེ་ཇི་ལྟར་བྱེད་དགོས་སམ་ཟེར་ན། དེ་ཡི་སྐོརདགོན་གྱིས་སྡེ་ཡི་རེ་བ་སྐོང་ཚུལ།ཟེར་བ་ཞིག་ཡོད་པ་དེར་གཟིགས་རོགས།

༣༽དེང་སང་གི་དགོན་པ་མང་ཞིག་གི་གྲྭ་པ་ལོ་ན་གཞོན་དུས་དགོན་པའི་ཕྱི་ནང་གི་ལས་ཀ་དག་སག་རྡར་རྒྱག་རྒྱག་ཁུར་གཅུག་ནས་ལོ་ན་མཐོ་སྐབས། ཁྱིམ་ཚང་དང་ཉེ་འབྲེལ་གང་རུང་གི་སར་འགྲོ་དགོས་པ་གྱར་འདུག  (དགོན་པ་ཁ་ཤས་རྒན་གསོ་ཁང་མིང་ཙམ་མ་ཡིན་པར་ཚད་ལྡན་ཡོད་ན་ཆོག) དེ་ནི་གཅིག་ན་ཁོ་རང་གིས་ཁོ་རང་གི་ཁ་ཟས་རྒྱབ་གོས་བཙལ་མི་ཐུབ་པ་དང་། གཉིས་ན་ཟས་གཡོ་སྐོལ་བྱེད་མི་ཐུབ་པ། གསུམ་ན་དགོན་ལ་ཞབས་ཕྱི་ཞུ་མི་ཐུབ་པའི་དུས་དེར་རེད། གྲྭ་པ་དེ་ལ་རྒས་པའི་སྡུག་བསྔལ་ཙམ་མ་ཟད་མི་ཚེ་གཅིག་ལ་གོམས་འདྲིས་མེད་པའི་འཚོ་བ་གསར་པའི་ལམ་དུ་ཞུགས་དགོས་པ་དེ་མི་ཚེ་གཅིག་གི་ནང་ལ་ཆེས་དཀའ་ཚེགས་ཤིག་རེད། དེ་ལྟ་བུ་ནི་ཁྱིམ་སྤངས་བ་ཞིག་ཁྱིམ་པའི་ནང་དུ་ཕྱིར་འཁོར་ཡོང་བ་དེབན་རྒན་འཆི་བཅའ་སྔ་ན། ཐ་མ་མུ་གེས་འཆིཟེར་བ་ལྟར། གཅིག་མིན། གཉིས་མི་དགོས་ཟེར་བའི་གཞུག་གུ། གཅིག་ཡོད་ན་དྲག གཉིས་ཡོད་ན་འགྲིག་པའི་བཟོ་འདི་འདྲ། གྲྭ་པ་ཞིག་ལ་འདི་ལྟ་བུ་ཉོན་དགོས་པའི་རྒྱུ་རྐྱེན་སུ་ལ་ཐུག་ཡོད་རེད་ཟེར་ན། དེ་ནི་དགོན་གྱི་གྲྭ་པ་དགོན་པ་རང་གི་ནང་མི་ཞིག་ཡིན་པ་མ་རྩིས་ནས། གནས་སྐབས་མི་ཚང་ཞིག་གི་མི། ལས་ཀ་ལས་མི་གཡར་བ་ལྟ་བུ་ཞིག་ལ་རྩིས་པ་དང་། གྲྭ་པའི་འཚོ་བ་དགོན་པ་སྤྱི་ནས་འགན་ཡང་དག་པ་ཞིག་མ་ཁུར་པའི་སྐྱོན་ཁོ་ན་རེད། དེ་མིན་ཟས་གོས་སྤྱི་དང་གཡོག་ལས་བྱེད་མཁན་སོགས་ཡོད་ན་གྲྭ་པ་དེ་ཕྱིར་འཁོར་ཡོང་དོན་མེད། འདི་ནི་མི་སྐྱའི་སྤྱི་ཚོགས་ལ་དགོན་གྱིས་མི་འོས་བཞིན་དུ་བཀལ་བའི་ཁུར་པོ་རེད། མི་ཡི་མཁོ་སྤྱོད་ཐུབ་པའི་དུས་སུ་དགོན་གྱིས་བདག་བྱས་ཤིང་། མི་ཡུལ་འདིར་ཕན་མེད་པར་གྱུར་མ་ཐག་ནས་མི་སྐྱའི་སྤྱི་ཚོགས་ནང་ལ་གཡུག་པ་འདི་དེང་སང་གི་ཟ་མའི་ཕྱི་ཤུན་ལྟ་བུ་དང་ཅི་ཆད།

༤༽ཟ་མ་སྤྱི་ནས་ཟ་ཆོག་ཆོག་ལེན་རྒྱུ་ཡོད་ན་དེ་སྟེང་གྲྭ་རྒན་ལ་གཡོག་རྒྱག་མཁན་དགོས། དེ་ནི་མི་ཚང་སུ་ཡིན་ན་གཞོན་པས་རྒས་པ་ལ་གཡོག་རྒྱུགས་དགོས་པ་བཞིན། གྲྭ་གཞོན་ཚོས་རེས་སྐོར་དང་ཡང་ན་གྲྭ་རྒན་དེ་དང་རྒྱུས་མངའ་ཅན་དང་ཤ་ཚ་མཁན་གྱིས་གཡོག་བྱེད་དགོས། གཡོག་ལས་མང་པོ་མེད་པ་ཤེས་གསལ་རེད། ཆབ་གསང་འགྲོ་རོགས་དང་ཆབ་ཏོག་ཕོ་བ། ཆུ་ཁོལ་བླུག་རོགས་ཙམ་ལས་ཁྱིམ་པའི་རྒས་རྒན་ལྟ་བུ་སྙོག་གྲ་ལར་ནི་ཡོད་མ་རེད། གྲྭ་པ་དེ་གནས་སྐབས་དགོན་གྱི་ཚོགས་འགྲོ་སོགས་ལ་དགོངས་ཡངས་གནོངས་དགོས།

༥༽གྲྭ་པ་རྒན་གཞོན་སུ་ཡིན་ན། ན་བའི་སྐབས་སྨན་རིན་སོ་སོར་མེད་ན་དགོན་ནས་སྤྲད་དགོས། མཐར་འཆི་བའི་རྗེས་སུ་ཡང་རོ་བདག་པོ་རྒྱག་རྒྱུ་ནས་རིམ་པ་ལྟར་མི་ཚང་སོ་སོས་ནང་མིའི་རོ་བདག་པོ་རྒྱག་པ་ཇི་བཞིན་དུ་བྱེད་དགོས། ཡུལ་དེ་ཡི་མི་ཤི་བའི་རྗེས་མཇུག་བྱེད་སྲོལ་གང་ཡོད་ན་དེ་ནང་བཞིན་ཆ་ཚང་པ་གྲ་རྒྱས་པོ་ཞིག་བྱེད་དགོས། དེ་ལྟར་ལོས་དགོས་ཡུལ་ལུང་དེ་ཡི་མི་ཞིག་འཆི་དུས་ཡུལ་ལུང་དེ་ཡི་སྲོལ་ལྟར་འདས་མཇུག་སྒྲུབ་དགོས་མིན་ཅི་བཤད། རྗེས་མཇུག་སྒྲུབ་བྱེད་འགྲོ་སོང་སུས་གཏོང་དགོས་རེད་ཟེར་ན། གྲྭ་པ་ཁོ་རང་རྒྱུ་དངུལ་འཕྲན་ཙམ་ཡོད་ན་དེ་དང་མེད་ན་ཡང་། དེ་འཕྲོ་དགོན་པ་དང་དགོན་བདག་བླ་མས་གཏོང་དགོས། རྒྱུ་མཚན་ནི། དུད་ཚང་དེ་ཡི་མི་ཤི་དུས་ཁྱིམ་ཚང་དང་ཁྱིམ་བདག་གིས་འདས་མཇུག་སྒྲུབ་དགོས་པ་ནང་བཞིན་རེད། དེ་ལྟ་བུ་དགོན་གྱིས་བྱེད་ཐུབ་ན་སྤྱི་ཚོགས་འདི་ཡི་ནང་ནས་མི་སྤུས་ཚད་དང་ལྡན་པ་གང་མང་ཞིག་གིས་རྒྱབ་སྐྱོར་དང་། དད་ཡུལ་ཞིག་དང་། རང་ཁ་རང་གསོ་བྱེད་ནས་གྲྭ་པའི་ཁྱིམ་ཚང་དང་འཇིག་རྟེན་མི་སྐྱའི་སྤྱི་ཚོགས་ལ་ཁུར་པོ་མེད་པའི་ཆོས་ཚུལ་བཞིན་དུ་སྤྱོད་པའི་ཡུལ་ཡིན།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.