སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བསྐུལ་བའི་རིགགཞོན་ནུར་་ཞེན་གྱི་ལྷག་བསམ། །
[ 2011/5/11 23:48:00 | By: དབང་རྒྱལ་ཚེ་རིང་། ]
 

  

   ལྷད་མེད་ངག་གི་དབྱངས་རྟ་མགྲིན་པ་རུ་འཚོ་ཞིང༌།

ཟོལ་མེད་སེམས་ཀྱི་མྱོང་ཚོད་ཚིག་ཕྲེང་ལ་བསྐུལ་ཏེ༌།

མཐའ་མེད་རྒྱལ་ཁམས་ཕྱོགས་སུ་ཡང་ཡང་དུ་ཉུལ་བའི།

ངེས་མེད་བུ་ཆུང་སེམས་ཁོངས་མཛའ་མོ་ཡིས་ཀློང་ནས།

རིན་མེད་སྨྱུག་རྩེའི་སོར་མོའི་འདུ་འགོད་ལས་བསྒྱུར་ཞིང༌།

ལྷད་མེད་ལྷག་བསམ་དག་པའི་ཀུན་སློང་དང་སྦྱར་ཏེ།

དབང་མེད་ཡ་ཆུང་མགྲིན་པའི་སྦུ་དཀར་ལས་དྲངས་པའི།

བདེན་མེད་ངག་དབང་དབྱངས་རྟའི་འཕྲིན་པ་ཞིག་འབུལ་ལོ།

༈ དེ་ཡང་བསིལ་ལྡན་མུ་ཁྱུད་ཕྱུགས་མོས་ཡོངས་སུ་བསྐོར་བའི་རབ་དཀར་སྒང་པའི་ཞིང་    འདིར། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང༌། དཔག་གིས་མི་དཔོགས་པའི་ཁྱད་ཆོས། བརྗོད་    ཀྱིས་མི་ལངས་བའི་རྣམ་ཐར་གང་གིས་མི་མཚུངས་པའི་མཛད་རྗེས་ཅིས་ཀྱང་ཡོད་པ་ནི། མ་ཡུམ་ཀེ་ལ་ཤ་རིའི་ཐུན་མིན་ཁྱད་ཡོན་གྱི་གྲགས་དཀར་ཟླུམ་གཟུགས་གོ་ལའི་རྩེ་རུ་མཁའ་ལ་འཕགས་པའི་ དན་རྟགས་ཀྱི་རང་གཤིས་ཡིན་པ་མངོན། གཞི་རྒྱ་ཆེ་ལ། མཁའ་དབུགས་གཙང་ཞིང༌།དྭངས་གཙང་གི་མཚོ་དང་མཚེའུ། རང་བྱུང་ཁམས་ལས་ཐོན་པའི་གཏེར་རྫས། རི་དྭགས་ཆུ་སྐྱེས་དང༌། ལོ་རབས་ཁྲི་ཕྲག་ལས་བརྒལ་བའི་ཞང་བོད་ཀྱི་རིག་གཞུང་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་རྡོ་རིང་འདི་ཡིས། སྲིད་པའི་ནོར་འཛིན་འཛམ་གླིང་ཧྲིལ་པོའི་སྒང་འདིར། སྙན་པའི་དབྱངས་སུ་གྱེར་ཞིང༌། ཐུན་མིན་གྱི་ ཁྱད་ཆོས་ངོམ་ལ་རྒྱལ་ཁབ་དང་མི་རིགས་ཁག་གི་མཐོང་ཆེན་གདེང་འཇོག་རྒྱབ་སྐྱོར་ཤིན་ཏུ་ཆེ་   བའི་དུས་རབས་ཉེར་གཅིག་པའི་གངས་ཅན་ཁ་བའི་ཞིང་ཁམས་ཞེས་སྨར་དགོས་དོན་ནི། གཤིས་ བཟང་རང་གཤིས་དྲང་ལ་གཡོ་རྒྱུ་ཟོལ་སོགས་ཆུང་བ་དང༌།  གཞན་ཕན་བྱམས་དང་སྙིང་རྗེས་རྒྱུད་བརླན་ཞིང་སྐྱབས་གནས་ལ་ཡིད་ཆེས་དང་ལས་འབྲས་ལ་བརྩི་སྲུང་བྱས་པའི་བརྟན་གཞི་བརླིངས་བའི་ཐོག་ཏུ་ཞང་བོད་ཤེས་རིག་རྒད་པོའི་ཚེ་སྲོག་ལས་འདྲེས་ པའི་འདས་སོང་གི་ལོ་རྒྱུས་རྣལ་མའི་ཕྱག་རྗེས་བཞག་པའི་འབྲས་རྟགས་ཡིན་པ་རྟགས་ཅན་རྗེས་དཔག་བརྟེན་ནས་རྟོགས་ནུས་སོ།    གཉིས་ནས་དེང་དུས་ཡངས་ཞིང་རྒྱ་ཆེ་བའི་འཛམ་གླིང་ཧྲིལ་པོའི་སྒང་འདིར། ཆོས་ལུགས་རུ་ཏྲའི་ཕྱོགས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལ་རྒྱ་སྤྱི་ཚོགས་ཟང་ཟིང་གི་འཁོན་འཛིན་མི་ཉུང་      བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱི་དུས་རབས་གསར་པའི་འཇིག་རྟེན་འདི་ཉིད༌། ལྷིང་འཇགས་ དང༌།  ལོང་ཁོམ་མེད་པ་ཆེས་དཀྲོགས་ཏེ།  ཕྱི་ཡི་འབྱོར་ཕྱུགས་འཕེལ་རྒྱས་ཀྱི་ཚན་ཁ་མི་ཟད་དལ་འགྲོའི་རྒྱུན་བཞིན་གཡོ་བའི་སྐབས་འདིར།  གཞི་བྱས་གང་དུ་ཡོད་པའི་མི་རིགས་ཀྱི་འཚོ་བའི་    གོམས་ཁའི་བསྙེག་སོ་ནི།  སྤྱི་ཚོགས་ཡར་ཐོན་གྱི་རྩ་བ་འཛམ་གླིང་དུ་འཁོར་བསྐྱོད་བྱས་ཞིང་དཔལ་འབྱོར་གོ་ལ་ཅན་དུ་འཕེལ་རིམ་ཕྱིན་ནས། འཛམ་གླིང་དེང་རབས་ཅན་དུ་རེམས་ཏེ།མི་རིགས་སོ་  སོའི་ཆབ་སྲིད་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེར་ཕྱིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་    བཞིན་ཡར་རྒྱས་འགྲོ་བའི་སྐབས་འདིར།  རང་རིག་ལ་ཆ་མཚོན་ནས་བཤད་ན་མི་རིགས་དེས་ཤ་ དང་རུས་པའི་འབྲེལ་ཐག་དམ་པོས་གཅིག་ཏུ་བཅིངས་ལ་མ་འོང་མི་རིགས་དེས་ཡོད་ཚད་ཀྱི་ཡོད་ ཚད་ཁྱེད་ལ་བཅོལ་བའི་དེང་གི་རྒྱ་བོད་ཕྱི་ནང་དུ་འགྲིམ་པའི་རང་རིགས་ཀྱི་སློབ་གྲྭ་ཁྱུ་འཚོགས་པ་ཁ་ཤས་དང༌།  ལང་ཚོ་གསར་དུ་འབུས་པའི་གཞོན་སྐྱེས་ག་གེ་ཞིག་གི་ལས་དབང་ནི།  དཔེར་ན་བྱ་རྒྱ་ཁ་ཤར་དུ་ལྟ་ཚེ།  སྤུ་མེད་ཕ་ཝང་ནུབ་ཟེར་བའི་ཡོངས་གྲགས་ཀྱི་དཔེ་བཞིན་སོ་སོའི་ལྟ་བ་དང་ གོམས་གཤིས་ནི་མིག་མཐོང་ལག་ཟིན་དང༌།  དངོས་པོའི་ཚད་ཐུབ་ལ་གཙིགས་སུ་འཛིན་ཏེ་ཆ་རྐྱེན་བཞིན་འགྱུར་འགྲོ་བ་དང༌།  དངོས་གཙོའི་ཆ་རྐྱེན་མཐུས་སྒོ་ཚང་བའི་སྒོ་ནས་ཉིན་བཞིན་རང་གི་ སེམས་ཁམས་ལ་འགྱུར་ལྡོག་དང་ཡར་རྒྱས་ཀྱི་ནུས་པ་བརྩོན་ལེན་བྱས་མཐར་རང་རང་ཕ་མེས་ཀྱི་ སྙིང་ནོར་དཀའ་སྡུག་ཁྲི་ཕྲག་ལས་བཞུར་བའི་སེམས་གཙོའི་ལྟ་བའི་ཆ་ཤས། དཔེར་ན་སྐྱབས་གནསལ་དད་མོས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་རྣམས་ལ་ཡིད་ཆེས་བྱེད་མཁན་ཕར་ཞོག སྐྱབས་དཀོན་  མཆོགགསུམ་དང། ལྷ་བླ་མའི་ཚོགས་ལ་ལུས་ངག་གུས་པའི་གསོལ་བ་འདེབས་ཏེ་ཁྱེད་ཤེས་ཁྱེད་   མཁྱེན་གུས་མདུན་ངང་མཆོད་པ་ཕུལ་སྐབས།  དེང་གི་གཞོན་སྐྱེས་ཁ་ཤས་ཀྱིས་མ་རུང་འཕྱ་སྨོད་ གད་མོ་རྒོད་པ་སོགས་ལྟས་ངན་གྱི་སྣ་འདྲེན་བྱས་ཏེ་མི་རིགས་རང་ཉིད་ཀྱི་ཡབ་མེས་རྣམས་ཀྱིས་  བཞག་པའི་སྲོལ་རྒྱུན་གོམས་གཤིས་སོགས་མི་མངོན་པའི་དབྱིངས་སུ་དོར་ཏེ།  ངོ་ཚ་ཁྲེལ་མེད་ཀྱི་ འདྲེས་མཐུན་ཕོ་མོ་ཆ་རེ་བསྡེབས་ནས་ཡུལ་ལུགས་དང་མི་མཚུངས་པའི་སྐྲ་མདོག་དམར་པོ་དང་ སེར་པོ་ཡིས་ཚོས་མདོག་མགོ་ལ་བྱུག་མ་རུང་བདུད་སྲིད་ཀྱི་ཤ་ཁྲག་ཟོས་པ་བཞིན་ཁ་ལག་ཐམས་  ཅད་དམར་པོ་བྱས་ཏེ་གདོང་ལ་ཐལ་སྐྱ་བྱུག་ཞིང་གཅེར་བུར་འགྲོ་ལ་ཁད་ཀྱི་མགོ་ལུས་ཀྱི་རྒྱན་ཆ་  ཡང་ཡིན་ཟེར་བས་སྟོང་སྐད་གྲགས་པ་དང༌།  རྒྱ་སྐད་བོད་སྐད་འདྲེས་མར་བསྲེས་ནས་མགོ་གཡུག་རྔ་གཡུག་གི་ལབ་བརྡོལ་གྱི་ངང་ནས།  མི་ཚེའི་བྱ་བ།  ཕུག་བསམ་གྱི་རེ་འབྲས།  ཕ་མའི་བསགས་ སྲུང་བྱས་པའི་སྒོར་མོ་ཐམས་ཅད་ལེ་ལོའི་མགྲོན་དུ་བསུ་བའི་ཇ་ཁང༌། ཆང་ཁང༌།  གློག་ཀླད་ཁང༌།  ནང་མ་བཅས་ཀྱི་ནང་དུ་འགྲོ་གྲོན་གཏོང་ནས་མི་ཚེ་བསྐྱལ་བ་མ་ཟད་རྒྱ་མིན་བོད་མིན་གྱི་གཞན་  སྲོལ་རྣམས་ལ་ཐ་སྙད་གསར་པ་ཞིག་བཏགས་ནས་རིན་ཆེན་ལྟར་དུ་གཅེས་སུ་འཛིན་ཏེ་རྫིག་མདོག་དང་ཆེ་མདོག་སྦོམ་མདོག་སོགས་བཤམ་གཡམ་ཇི་ལྟར་བརྩིགས་ཀྱང་དོན་ངོ་མ།  ལེ་ལོ་གནམ་    གཡེང་གི་གྲོང་དུ་ཉུལ་བའི་གཞོན་སྐྱེས་སུ་འདྲ་ཞིག་ཡིན་རུང་མི་རིགས་དེའི་མི་ལྤགས་གྱོན་པ་ཙམ་ལས་མི་རིགས་དེས་ཞབས་འདྲེན་དང་ཀླད་མེད་ཀླ་གློ་མགོ་འཁོར་ཙམ་ལས་མི་རིགས་མཚན་ཉིད་བ་ཞིག་མ་ཡིན་པར་སེམས་སོ།  རྩ་དོན་ལེ་ལོ་གནམ་གཡེང་གི་མགྲོན་ཁང་ནང་དུ་མི་ཚེ་བཞུད་པའི་  སྤུན་གྲོགས་ཡ།  ན་མཉམ་ཚོ་ལ་སྤྱན་མིག་ཡར་བལྟོས་ཞིག་བགྱིས་ཨང༌།  ཁོ་ཚོ་རང་རིགས་ཀྱི་ལ་རྒྱ་  གཟུང་ཏེ་ཤེས་རིག་གི་འདབས་བཟང་བསྐྱངས་ལ།  རྨོངས་མུན་གྱི་དྲྭ་བ་ཡོངས་སུ་ བཀྲལ་ཏེ་ཕུག་བསམ་རེ་འབྲས་ལྷ་ལ་བཅོལ་བའི་བུ་ཕྲུག་དག་ནི།  ཕ་རིགས་བཟང་མཁན་གྱི་མགོ་རྣ་མ་བཅག་ལ།  མ་སྨན་ཤར་བུ་མོའི་ནུ་ཇོ་འཕྲོ་བརླག་མ་བྱས་པའི་ཐོག  ༈ མ་འོང་པའི་ཕུག་བསམ་ཀྱི་རེ་འབྲས་ལོངས་སྤྱོད་བདེ་སྐྱིད་ཀྱི་རུམ་ནས་ཚེ་འཇུག་སྦྲེལ་གི་ཡོད་པ་ཁྱོད་ཚོས་ཨེ་ཤེས།  དེ་ལས་ལྡོག་ཏེ་ཁྱོད་ཚོ་ནི།  མ་འོང་པའི་ཕུག་བསམ་ཞིག་ཡོད་དམ།  ཁྱོད་ཚོའི་མདུན་ལམ་དེ།  ལག་ཏུ་བླང་ན་ལེན་ཆོག་ ཆོག་གྲོགས་ཀྱི་སྤྲད་ན་སྤྲད་ཤག་ཤག་ཞིག་མེད་པ་ཐག་གཅོད་གི་ཆོག །  ད་ལྟ་ཁྱོད་ཚོས་གནས་    སྐབས་རྫུན་མགོ་རྫུན་གཞུག་མགོ་ཞིག་སྐོར་མདོག་བྱས་ཀྱང་མ་འོང་པར་ལོ་དང་ཟླ་བ་ཞག་དང་དུསཚོད་ཉིན་བཞིན་འདས་ཟིན་དང་ཟིན་བཞིན་ཡིན་པ་ཨེ་ཤེས།  དཔེར་ན་སྒོམ་ཆེན་ཏིང་འཛིན་ལ་ དམིགས་པ་དང༌།  བྱི་ལ་ཡིས་ཤ་ལ་འཇིབ་པ་བཞིན་ཕ་མའི་ཤ་ཁྲག་གི་འགྲོ་གྲོན་བཏང་བའི་སྒོར་   མོའི་དོན་ལ་འབའ་ཞིག་དམིགས་ཏེ། ངོ་ཚ་ཁྲེལ་ཡོད་ཕ་མས་བརྩེ་དུང་ལས་འབྲས་ཀྱི་རྣམས་བཞག།   སྤྱོད་བཟང་གི་གོམ་གཤིས་སོགས་མི་དགོས་པའི་དེང་གི་བོད་ཀྱི་སློབ་གྲྭ་ཁ་ཅིག་དང་གཞོན་སྐྱེས་ག་གེ་མ་བ་ཞིག་ཡོད་སྲིད་པའི། ཁ་ནང་དུ་བསྐོར་ནས་བསམ་གཞིགས་དམར་པོའི་རྟོགས་དཔྱོད་ཞིག་བྱེད་ཐུབ་ན། རང་རང་གི་མདུན་ལམ་དེ་ཡང་ནག་ནག་ནས་དཀར་དཀར་བསྒྱུར་བ་དང་ཆུང་ཆུང་ནས་ཆེ་ཆེ་བྱས་པའི་རེ་བསྐུལ་གྱི་མི་ཕན་པའི་འཕྲིན་པ་ཞིག་དེ་བས་ཀྱང་མིན། དེར་བརྟེན་མི་རིགས་དེས་ཆོས་ལུགས་ལ་ཡིད་ཆེས་མེད་ན་དེ་ནས་དར་བའི་སྲོལ་རྒྱུན་གྱི་རིག་གནས་དང་ཆེས་ཐོག་མའི་  ཤེས་རིག་རྣམས་ཀྱི་བག་ཆགས་ནི་ཤིན་ཏུ་སྐྱེ་དཀའ།  དེས་ན་བོད་རང་ལ་མཚོན་ན་ཕུན་སུམ་     ཚོགས་པའི་བོད་ཀྱི་ཤེས་རིག་ཟབ་མོ་རྣམས་རིམ་བཞིན་མ་འོང་སྐལ་མེད་གཞོན་སྐྱེས་ག་གེ་མོ་བས་ཡིད་ཆེས་དང་གདེང་འཇོག་བྱེད་མི་ནུས་པ་མ་ཟད་ཉམས་མྱོང་གི་གོ་བ་ཡང་དེ་ལས་ཀྱང་སྐྱེ་དཀའ་བ་ཡིན་པས་མ་འོང་བོད་ཀྱི་ལོ་རྒྱུས་ཉམས་རྒུད་ཀྱི་འབྱུང་རྩ་ཡང་དེ་ནས་མངོན་པས་སེམས་ཕོངས་ཀྱི་གནས་སུ་ལྷག  མདོ་དོན་གྲྭ་རྐྱང་རང་ལ་མཚོན་ནས་བཤད་ན།  སྐྱོན་ཀུན་ཟད་ཡོན་ཏན་ཀུན་ ལྡན་གྱི་མངའ་བདག་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་ཞལ་ནས་གསུང་པའི་བཀའ་དང་སྔ་རབས་མཁས་པའི་མ་བཅོས་སོར་མར་བཞགས་པའི་བཀའ་བརྟེན་ཕྱིས་བྱུང་རིག་པ་སྨྲ་བས་བློ་གསལ་དག་གི་ཚད་གསུམ་ལུང་རིག་གི་ལམ་ནས་རྣམ་གསུམ་ཤེས་རབ་ཀྱིས་དྲངས་པའི་བརྟན་བཅོས་མི་ཉུང་བ་ཞིག་ཁྱབ་སྤེལ་མཛད་ནའང་དད་མོས་ཡིད་ཆེས་བྱས་ཏེ་སློབ་གླིང་སྐྱེད་ཚལ་ཡངས་པའི་དོ་རར་   བརྩོན་འགྲུས་སྡུག་རུས་གིས་ཨུ་ཚུག་ཕྲག་ཏུ་ བླངས་ནས་ཐོས་བསམ་ཤེས་རབ་གི་དྲོད་གཤེར་མ་  འཛོམས་ན་ཡིད་འོང་ཅི་ཡང་འཕྲོག་པའི་དོན་བཟང་ཡོན་ཏན་མེ་ཏོག་དཀར་པོའི་ཤེས་རབ་ཀྱི་    འདབ་མ་ག་ལ་རྒྱས་སྲིད།  དེས་ན་ཤ་ཞེན་གྱི་ལ་རྒྱ་ཟེར་བ་དང༌།  མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་ ཤུལ་འཛིན་དགོས་ཞེས་པའི་བཤད་གཡམས་སོགས་སྟོང་བཤད་ཙམ་མ་ཟད། འབུམ་ཐེར་སྒོར་མོ་ ཡིས་བསླུ་རུ་མེད་ལ། བརྩན་ཤེད་རང་དབང་གི་ལས་དབང་ལྡོག་ཞིང༌།རྟེན་འབྲེལ་བསླུ་མེད་ཉེར་རྒྱུ་བྱས་ནས་སྔོན་བསག་བསོད་ནམས་གིས་མཐུ་ལས་ཉེ་བར་ཁུགས་པའི་དལ་རྟེན་གྱི་མི་ལུས་རིན་པོ་ ཆེ་འདི་ཉིད་དོན་མེད་རིན་མེད་གི་གནས་སུ་ལྷག་ཏེ།  ཚེ་འཇུག་གི་མི་ཚེའི་གདམས་ག་ཡང་དེ་ནས་མཇུག་རྫོགས་པར་སྣང་བས་རང་རང་སོ་སོའི་དམ་བཅའ་དམར་པོའི་ཆོད་སེམས་སྙིང་དབུས་    བསྐྱོང་ཏེ་འབྲས་རྟགས་དཀར་དམར་གྱི་མདངས་འདོན་དགོས་ཞེས་རང་ཉིད་ལ་བསྐུལ་མ་ཙམ་མོ།  སྤྱིར་མི་རིགས་སུ་དང་གང་ཡིན་རུང་སོ་སོའི་ཡུལ་ལུགས་གོམས་གཤིས་དེ་ནས་དར་བའི་ཤེས་རིག་ ལོ་རྒྱུས་སོགས་ལ་འབད་འབུངས་བགྱིས་དགོས་པ་ནི་སྤྱིར་དངོས་པོའི་གནས་ལུགས་དང༌། དགོས་  སུ་རང་རེ་བློ་གསལ་གཞོན་ནུ་རྣམས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་གྱི་བྱ་བ་ཉག་གཅིག་ཡིན། དེར་བརྟེན་རང་རང་སོ་སོའི་རྣམ་དཔྱོད་བློ་གྲོས་རྩལ་སྟོབས་ཀྱིས་མདུན་སྐྱོད་ཀྱི་ཕྱོགས་སུ་གོམས་ཁ་    བསྒྱུར་ནས་ཕྲག་ཏུ་བབ་པའི་ལས་དབང་ལ་གསོན་ཤུགས་ཀྱི་འཕར་རྩ་ཞིག་ལྡིང་བའི་དུས་མ་སྔ་མ་ཕྱི་ད་ལྟ་རང་ཐུག་བཞག  གང་ཡིན་ཟེར་ན།   འོད་སྟོང་འཕྲོ་བའི་སྲིད་བཟང་གི་དྲོ་སྐྱིད་ལྡན་པའི་འོག་ལ་ཕྱི་ཡི་ལྟོ་གོས་འཕེལ་རྒྱས་ཟད་མེད་ཀླུ་རྒྱལ་བང་མཛོད་ལ་འགྲན་ཞིང་བདེ་སྐྱིད་སྐབས་     གསུམ་སུན་རྩེན་གྲོང་ལ་ཅོ་འདྲི་བས་དུས་ཚོད་ཆུ་ཚོད་སྐར་ཆའི་བར་ལ་ལྟོས་བཅས་ཀྱི་འཕོ་འགྱུར་འགྲོ་དང་འགྲོ་བཞིན་པའི་རྒྱལ་ཡོངས་ཁག་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་ལ་ཤུགས་བསྣོན་རྒྱབ་པའི་ཉེར་འབྲས་ཤིན་ཏུ་ཆེ་བས་སྐབས་འདིར།  ཉེར་གཅིག་གསར་པའི་དུས་མཚམས་ལྟེ་ཕྲག་གངས་ལས་འཕོས་པའི་ཆོལ་གསུམ་བོད་རིགས་ཀྱི་ཆོ་ལོ་འཛིན་པའི་མཐོ་དཔོན་དང་བླ་སྤྲུལ་བར་གྲྭ་དང་སློབ་གྲ་དམན་འཁོར་དང་གཡོག་ལག་སུ་ཡིན་རུང་ལོ་རབས་ཁྲི་ཕྲག་གོང་ནས་བཞུར་ བའི་ཕ་མེས་སྲོལ་བཟང་གི་ནོར་བུ་འདི་རྣམས་རང་བདག་རང་སྐྱོང་གི་དམ་བཅའ་བརྟན་པོ་ཞིག་ ཅི་ནས་ཀྱང་དགོས་ངེས་ཤེས་པ་ལགས།  ཅི་སྟེ་ན།  ཤིན་ཏུ་གལ་འགངས་ཆེ་ལ་རབ་ཏུ་ངོ་མཚར་  ལྡན་པའི་ཁྱད་ཆོས་སུམ་ལྡན་གྱི་ཕ་ནོར་འདི་ངོམས་རིན་ཆོག་པ་ཞིག་ཏེ།  དང་པོ་དར་སྔ་བ་ལོ་     རབས་སྟོང་ཕྲག་གོང་གི་ལོ་རྒྱུད་ཡོད་པ་དང༌།  བར་པ་ཁུངས་བཙུན་པ་ཞང་ཞུང་ཤེས་རིག་རྒན་  པོའི་རྣམ་དཔྱོད་ལ་ཐུག་ཡོད་པ་དང༌།  མཐར་ཐུགས་དོན་བཟང་ཐར་ལམ་སྒྲུབ་པའི་ལམ་སྟོན་གྱི་  སྒྲོན་མེ་ལྟ་བུ་ཡིན་པ་གཞིར་བཅས་རིན་བྲལ་མཚོན་དུ་མེད་པའི་ལྷ་སྐལ་འདི་ནི་རང་རང་སོ་སོའི་བློ་ཚོད་དང་འཚམས་པའི་ལོངས་སུ་སྤྱོད་ནས་དེ་ལ་བསྲུངས་བསྐྱོང་དང་གཅེས་སྤྲས་ཐུག་ཁུར་བྱེད་  དགོས་པ་མ་ཟད་དེ་དང་དུས་མཚུངས་སུ་ས་སྐྱེས་རྡོ་སྐྱེས་རླན་དང་ཆུ་ལྟ་བུ་འགྲོགས་པའི་བོད་ཀྱི་  ཡུལ་སྲོལ་གོམས་གཤིས། དཔེར་ན། ལུས་ལ་གྱོན་པའི་གོས། ཁ་ནས་སྨྲས་པའི་གཏམ། གཙུག་ཏུ་   བཀུར་བའི་དཀོན་མཆོག་ལ་དད་འདུན།  ལས་འབྲས་ལ་བརྩི་སྲུང་བཅས་ཀྱི་དར་སྲོལ་ཇི་མ་ཇི་   བཞིན་མཛད་དགོས་པ་ནི་ཕམ་མེས་རྣམས་ཀྱིས་དཀའ་སྡུག་ལས་བླངས་བའི་མཛད་འཕྲིན་རྣམས་རང་ཉིད་ཀྱིཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན་པས་སྔོན་གོམས་བོད་མི་རིགས་ཀྱི་འཚོ་བ་དངོས་དང་མཐུན་པའི་གོམས་སྲོལ་རྣམས་རང་ཅག་ཀུན་གྱིས་ལངས་ཕྱོགས་དང་ལམ་ཕྱོགས་ལྟ་བའི་    འཁྱེར་སོ་བརྟན་པོས་སྒོ་ནས་གཅེས་སྐྱོང་བྱེད་དགོས་པ་ནི་མི་རིགས་དེས་ཚེ་སྲོག་ལས་འདྲེས་པའི་ རླབས་ཆེན་གྱི་བྱ་བ་ཞིག་ཀྱང་ཡིན་པས་རང་རིགས་ཀྱི་གཞོན་ནུ་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་ན་དོན་དངོས་ཐོགས། རང་གཞན་འདྲ་ཐད་བཤད་ན་ཡང༌། མཚངས་ཆེན་མི་ལ་རྒྱབ་པ་འདྲ་ཟེར་བའི་དཔེ་བཞིན་གཞོན་སྐྱེས་འགའ་ཞིག་གིས་ཐུགས་ཟུར་དང་སྤྱན་ཟུར་བཅས་ལ་    ཕོགས་ཚེ་བདག་ལྟར་བློ་མིག་ལྡོང་བས་གཞོན་སྐྱེས་ཡོངས་ཀྱི་ཚབ་ཞུས་ཏེ་བཟོད་གསོལ་ཞུ་རྒྱུ་དང༌།  མཇུག་ཏུ་ངས་བསྡོམས་ཚིག་ལས་དྲངས་པའི་རེ་བ་ནི། ང་ཚོས་ད་ལྟའི་མདུན་སྐྱོད་ཀྱི་རྡོག་སྒྲ་ནི། སྔ་རབས་ཕམ་མེས་ཀྱི་གོམས་སྲོལ་དུ་བསྐྲུན་པའི་ཆ་རྐྱེན་ཞིག་ཡོངས་བའི་རེ་སྨོན་བཅས་སྐབས་བབས་ཀྱི་རྩོམ་ཐུང་དེ་ཡོངས་སུ་འཇུགས་རྫོགས་པའོ།  ཁྱུང་རང་གྲོལ་ཀྱིས། ས་བྱི་ཟླ་བ་དང་པའི་ཉི་མ་མེ་ བཞི་འགྲུབ་སྦྱོར་ཉིན་ལ་བསྲིངས་པའོ།།   
 
 
Re:བསྐུལ་བའི་རིགགཞོན་ནུར་་ཞེན་གྱི་ལྷག་བསམ། །
[ 2011/5/12 12:37:39 | By: xiraoluozhu ]
 
xiraoluozhuབཀྲ་ཤེས་བདེ་ལེགས་ཞུ།
 
 
Re:བསྐུལ་བའི་རིགགཞོན་ནུར་་ཞེན་གྱི་ལྷག་བསམ། །
[ 2011/5/12 2:25:22 | By: palzom2011(སྐུ་མགྲོན) ]
 
palzom2011(སྐུ་མགྲོན)དགའ་བསུ་ཞུ། དག་ཆའི་ཐད་ཉམས་བཞེས་གནང་དགོས་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.