སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླང་བའི་བསླབ་བྱ་སྐལ་བཟང་འདོད་འཇོའི་བདུད་རྩི།
[ 2011/5/9 23:39:00 | By: དབང་རྒྱལ་ཚེ་རིང་། ]
 

ཀ་དག་སྐྱེ་མེད་བོན་སྐུའི་གཞི་དབྱིངས་ཀྱི་ངང་ལས། །
ཁ་དོག་འོད་དཀར་འཆང་བ་འགག་མེད་ཀྱི་ལོངས་སྐུ། །
ག་ནས་གསོལ་བ་འདེབས་ལ་ཆུ་ཟླ་ལྟར་སྟོན་པ། །
ང་ཡི་བླ་མ་གཡུང་དྲུང་འཆང་དབང་ལ་ཕྱག་འཚལ། །
ཅ་ཅོ་འདུ་འཛི་དབེན་པའི་རི་སུལ་དུ་འགྲིམས་ཏེ། །
ཆ་ལུགས་བདུན་ལྡན་ཚུལ་གྱིས་བསམ་གཏན་ལ་བརྟེན་ནས། །
ཇ་ཆང་ཟས་གོས་འདོད་ཆུང་ཆོག་ཤེས་ཀྱིས་སྤྱོད་ལ། །
ཉ་མོ་མཚོ་ལྟར་བླ་མའི་གདམས་ངག་དང་མ་བྲལ། །
ཏ་ཐཱ་ག་ཏའི་རྣམ་འཕྲུལ་མཚན་ལྡན་གྱི་བླ་མ། །
ཐ་མལ་སྣང་ཚུལ་བསྟན་ཀྱང་སངས་རྒྱས་སུ་མཐོང་སྟེ། །
ད་ལྟའི་དལ་འབྱོར་རྟེན་ལ་སྙིང་པོ་ཞིག་བླངས་ན། །
ན་ག་འཆི་བྲོད་བྱུང་ཚེ་ཐར་ལས་ཞིག་རྙེད་ངེས། །
པ་སངས་ལྟར་དཀར་བྱམས་བརྩེ་ལྷག་བསམ་ལ་བརྟེན་ནས། །
ཕ་མར་གྱུར་བའི་འགྲོ་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད། །
བ་མོ་ཉི་མས་འཇོམས་བཞིན་སྡིག་ལྟུང་ཀུན་བཤགས་སྦྱོངས། །
མ་རིག་གིས་་བསྐྱེད་རྟེན་འབྲེལ་འཇུག་ལྡོག་ལ་སོམས་ཤིག །
ཙ་ཀྲ་ངར་ལྡན་འདྲ་བའི་ཤེས་རབ་ཀྱི་མཚོན་གྱིས། །
ཚ་གྲང་གནས་ལ་སྦྱོར་བྱེད་ངར་འཛིན་དེ་བཅོམ་ནས། །
ཛཱ་ཡ་སྲས་བཅས་བགྲོད་པའི་གཞུང་ལམ་ལ་ཞུགས་ན། །
ཝ་སྐྱེས་ལྟ་བའི་འགྲོ་བ་གཞན་དག་ཀྱང་སྐྱོབ་ནུས། །
ཞྭ་ལྟར་སྤྱི་བོའི་གཙུག་ཏུ་བཤེས་གཉེན་གྱི་ཞབས་བསྟེན། །
ཟ་བྱེད་དགུང་དུ་མཆོད་འདྲའི་ཤེས་རབ་ལ་བློ་སྦྱོངས། །
འ་འུར་མེད་པའི་འཆད་ཉན་འདི་གསུམ་རང་འཛོམས་ན། །
ཡ་མེད་མཁས་པའི་ཁྲི་ལ་ཚེགས་མེད་དུ་སླེབས་ངེས། །
ར་ལྡན་མཁའ་ལྡིང་གཤོག་རློབ་ནམ་འཕང་ལ་གཅོད་བཞིན། །
ལ་བཟླའི་ལྟ་བ་གཉུག་མའི་གཞི་དབྱིངས་སུ་ཀློང་ཆུབ། །
ཤ་རྒྱས་ཁྱུ་མཆོགོ་ལོག་མཞུང་ལམ་རྩལ་ཤུགས་ཀྱིས་བགྲོད་བཞིན། །
ས་ཆེན་ཐབས་ཤེས་ལྡན་པའི་མཉམ་བཞག་ལས་འཕོས་ཚེ། །
ཧ་ལ་སྨན་གྱིས་སྦྱངས་བཞིན་སྒྲིབ་གཉིས་ཀུམ་སངས་ནས། །
ཨ་དོན་རྟོགས་གྲོལ་བརྙེས་ཞེས་མན་ངག་གི་སྙིང་ཐིག །
ཚིག་ཙམ་མིན་ཏེ་རིག་འཛིན་མཁས་གྲུབ་ཀྱི་ཞལ་རྒྱུན། །
བཅུད་ལྡན་གདམས་པ་སྙིང་གི་ཟེའུ་འབྲུ་རུ་ཟུངས་ཤིག །
ཨེ་མ་དེ་འདྲ་བྱེད་པའི་སེམས་བཟང་གི་སྐྱེས་བུ། །
མཆོག་གསུམ་མགོན་གྱིས་སྐྱོངས་ལ་དོན་ལྡན་དུ་འགྱུར་ཤོག །

 
 
Re:བླང་བའི་བསླབ་བྱ་སྐལ་བཟང་འདོད་འཇོའི་བདུད་རྩི།
[ 2011/5/10 9:52:25 | By: snowyouth ]
 
snowyouthགྲོགས་པོས་ངོ་སྤྲོད་བྱས་པ་བཀའ་དྲིན་ཆེ་མོད་རྩོམ་ཡིག་གང་ལས་བཤུས་མིན་དང་རྩོམ་པ་པོའི་མཚན་སོགས་གསལ་བོར་འགོད་རྒྱུ་མཁྱེན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.