སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཛམ་གླིང་འཁྲུག་ཆེན་དང་པོ།
[ 2013/10/23 18:11:00 | By: བོན་བརྒྱ་སྟག་ལ་འབུམ། ]
 
    
                                འཛམ་གླིང་འཁྲུག་ཆེན་དང་པོ།
      

       འཛམ་གླིང་འཁྲུག་ཆེན་དང་པོ་ནི་སྤྱི་ལོ་1914--1918བར་དུ་བྱུང་བ་དང་། ལོ་ཧྲིལ་པོ་བཞི་དང་ཟླ་བ་གསུམ་རིང་(1914.8---1918.11)འཐབ་འཁྲུག་གི་མེ་ལྕེ་དེ་ཉིད་ཨོའོ་གླིང་དང་ཡ་གླིང་། ཧྥེའེ་གླིང་སྟེ་གླིང་ཆེན་པོ་གསུམ་ནས་མཆེད་ཅིང་།འཐབ་འཁྲུག་ལ་ཞུགས་པའི་རྒྱལ་ཁབ་སུམ་ཅུ་སོ་གསུམ་ཡོད།ཕྱོགས་གཉིས་ཆ་ནས་སྡེབ་ལངས་བྱས་པའི་དམག་ཤུགས་ལ་ཧྲི་ཤོག་བརྒྱད་བརྒྱ་བརྒྱད་ཅུ་གྱ་དགུ་དང་ཁྱོན་མི་གྲངས་ཁྲི་ཚོ་སྟོང་བདུན་དང་བཞི་བརྒྱ་ཡོད་ལ།འཛམ་གླིང་གི་སྐབས་དེའི་མི་གྲངས་ཀྱི་སྤྱིའི་75%ཟིན་ཡོད།ཐེངས་འདིའི་འཐབ་འཁྲུག་གིས་སྐབས་དེའི་འཛམ་པོ་གླིང་གི་མི་དམངས་ཡོངས་ལ་རབ་ཏུ་ཆེ་བའི་སྡུག་བསྔལ་གྱི་རྒྱ་མཚོ་བསྐྱིལ་ཞིང་།གཡུལ་ས་ནས་ཚེ་སྲོག་ཤོར་བའི་མི་གྲངས་ཁྲི་ཚོ་སྟོང་གཅིག་དང་།རྨས་ཕོག་པའི་མི་གྲངས་ཁྲི་ཚོ་སྟོང་གཉིས་དང་ཉིས་བརྒྱ་ཡོད་ཅིང་དེའི་ནང་གི་ཁྲི་ཚོ་སྟོང་གཅིག་ལྷག་མཐར་དྲག་སྐྱེད་མེད་པའི་དབང་བོ་སྐྱོན་ཅན་དུ་གྱུར་བ་རེད།རྒྱུ་མཚན་དེའི་རྐྱེན་གྱིས་འཐབ་འཁྲུག་གིས་བསྐྱལ་བའི་བཀྲེས་ལྟོགས་དང་གནོད་འཚེ་གཞན་དག་གིས་ཀྱང་མི་སེར་ཕལ་བ་ཁྲི་ཚོ་སྟོང་གཅིག་ལྷག་ཤི།འཐབ་འཁྲུག་གིས་ཐད་ཀར་དུ་དཔལ་འབྱོར་གྱི་ཕྱོགས་ལ་ཨར་སྒོར་དུང་ཕྱུར་སྟོང་གཉིས་དང་བདུན་བརྒྱའི་གྱོང་གུད་ཐེབས་ཡོད་པ་རེད།
       
      ཐེངས་འདིའི་འཐབ་འཁྲུག་ནི་བཙན་རྒྱལ་རིང་ལུགས་ཀྱི་ཚོགས་ཁག་གཉིས་ཏེ།གཅིག་ནི་འཇར་མན་རྒྱལ་ཁབ་དང་ཨོ་ཏ་ལིས་ཡ་ཡིས་མགོ་བཟུང་པའི་མནའ་མཐུན་རྒྱལ་ཁབ་དང་།ཅིག་ཤོས་ནི་དབྱིན་ཇུ་དང་ཧྥ་རན་སི།ཨུ་རུ་སི་གསུམ་གྱིས་མགོ་བཟུང་པའི་གྲོས་མཐུན་རྒྱལ་ཁབ་ཀྱི་བར་ནས།ཡང་བསྐྱར་མི་སེར་སྤེལ་ཡུལ་བགོ་ཆེད་དང་བཙན་དབང་གིས་འཛམ་པོ་གླིང་གི་དབང་ཤུགས་འཕྲོག་རེས་བྱེད་ཆེད་བྱས་པའོ།།དུས་མཚུངས་སུ་རྒྱལ་ཁབ་འདི་དག་གི་སྒེར་སྡེམ་འབྱོར་ལྡན་གྲལ་རིམ་དང་།རྒྱལ་ནང་གི་ཆབ་སྲིད།དཔལ་འབྱོར་ཉམས་ཉེན།འཐབ་འཁྲུག་བཅས་ལས་གྲོལ་ཅིང་ཐར་བའི་རེ་འདོད་དེ་ཉིད།རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱི་མིག་ལམ་དུ་སྤོ་བར་བརྩོན་ལེན་བྱས་ཏེ།མ་རྩ་རིང་ལུགས་པའི་ལམ་ལུགས་ཀྱི་དམིགས་ཡུལ་སྲ་བརྟན་ཡོང་ཆེད་སྒུལ་སྐྱོད་བྱས་པ་ཞིག་ཀྱང་ཡིན།
     
       ཡིན་ནའང་།འཐབ་འཁྲུག་སྒུལ་སྐྱོད་མཁན་གྱི་རེ་བཞག་གོ་ལྡོག་སྟེ།འཁྲུག་ཆེན་གྱི་མཇུག་འབྲས་ནི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་བར་གྱི་འགལ་བ་ཐག་མ་ཆོད་པ་མ་ཟད།དེ་ལས་ལྡོག་སྟེ་མ་རྩ་རིང་ལུགས་ཀྱི་སྔར་མཆིས་འགལ་བ་ཡོད་དོ་ཅོག་ཛ་ཇེ་དྲག་ཏུ་གྱུར་ཏེ།གསར་བརྗེའི་གནས་བབ་འཕེལ་རྒྱས་འགྲོ་བར་སྐུལ་འདེག་བྱུང་།ཏག་ཏག་སྐབས་དེའི་ཐེངས་དང་པོའི་འཛམ་གླིང་འཁྲུག་ཆེན་ཁྲོད་རླབས་ཆེན་གྱི་ཟླ་བཅུའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཐོལ་དུ་བྱུང་ཞིང་།ཟླ་བཅུའི་གསར་བརྗེ་ཡིས་རྒྱལ་ཁ་བླངས།གློ་བར་དུ་ཨོའོ་ཞོང་བཙན་རྒྱལ་རིང་ལུགས་དང་འཇར་མན་མི་དམངས་གསར་བརྗེ་བྱུང་ཡང་།མགྱོགས་མྱུར་སྒོས་འཇར་མན་དང་ཨོའོ་ཞོང་ཚོགས་ཁག་ཕམ་པར་བརྒྱབ་སྟེ།འཛམ་གླིང་འཁྲུག་ཆེན་དང་པོ་ཡོངས་སུ་མཇུགས་རྫོགས་སོ།།

                                                                           -----བོན་བརྒྱ་སྟག་ལ་འབུམ་གྱིས་བསྒྱུར།
                                                                                                                     2013.9.23
 
 
Re:འཛམ་གླིང་འཁྲུག་ཆེན་དང་པོ།
[ 2013/10/27 23:37:12 | By: སྐུ་མགྲོན་I41Pht(སྐུ་མགྲོན) ]
 
སྐུ་མགྲོན་I41Pht(སྐུ་མགྲོན)འོ་ཡ་ཡ། ཁྱུང་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.