སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་ཡང་འདི་གར་ཐོན་ཡོད།
[ 2013/7/2 11:13:00 | By: བོན་བརྒྱ་སྟག་ལ་འབུམ། ]
 

             ང་ཡང་འདི་གར་ཐོན་ཡོད།

        ཁོ་བོས་གུས་ཤིང་བཀུར་བར་འོས་པའི་དྲ་གྲོགས་ལྷན་རྒྱས་ཁམས་བཟང་།བདག་གི་གསོན་མིང་ནི་ཡས་ན་ཟིན་བྲིས་ཀྱི་ཀླད་དུ་གསལ་བ་དེ་བཞིན་དང་།ཕ་ཡུལ་མཚོ་སྔོན་དུ་སྐྱེས་པའི་འབྲོག་ཕྲུག་སློབ་ལ་འཇུ་བ་ཞིག་ཡིན།  དེ་སྔ་མཚོ་སྔོན་པོའི་ཟིན་བྲིས་དང་སེང་རྡོར་དྲ་བ་སོགས་སུ་གཤེན་སྐད་ཁྲ་བོ་༽དང་༼གཤེན་སྐད་ནག་པོ་༽ཞེས་པའི་ས་མིག་གཉིས་བཟུང་ཡོད་ཅིང་།བཅད་གསར་དུ་སྒྲོ་བཏགས་པའི་ཚིགས་བཅད་འགའ་རེའང་སྤེལ་མྱོང་མོད།དཔྱོད་ཤེས་པ་དང་བློ་འབྱེད་པ།སྙན་ངག་པ་དང་དགག་སྒྲུབ་པ་སོགས་ཀྱི་ཁུར་མིང་དེ་ད་དུང་དབང་མ་སོང་།  ཀུ་རེ་ཡིན།དྲང་མོར་བཤད་ན། གུས་པ་བདག་ལ་མཚོན་ན་ཟིན་བྲིས་གཉེར་བ་ནི།གཅིག་ནས་རང་གིས་འབྲི་ཁུལ་བྱས་པ་དག་གཞན་གྱི་སྤྱན་ལམ་དུ་བསྟར་ཏེ་ལྟ་ཚུལ་ལྷུག་པོར་གནང་བར་རེ་བ་དང་།གཉིས་ནས་བོད་ཀྱི་དྲ་བའི་རིག་གནས་འདི་ཇི་ལྟར་དར་རྒྱས་སུ་འགྲོ་མིན་ཡང་རང་རེ་ན་གཞོན་རྩོམ་དགའ་དག་ལ་ཁུར་དང་མེད་ཅེས་སུས་ཀྱང་ཁ་ཚོན་གཅོད་མི་རི་བ་དང་།  གསུམ་ནས་རང་གི་བསམ་བློ་དང་མི་ཚེའི་ལངས་ཕྱོགས་ཐད་ཀྱང་དྲང་ལྡོག་གང་རུང་བརྒྱུད་དེ་ཚོད་ལྟའི་གོ་རིམ་ནི་ཡོངས་སུ་རྫོགས་ན་སྙམ་པའི་ཀུན་སློང་བཅས་ཡིན་ན།ད་ཆ་རང་ཅག་༼ཧི་བོན་ཟིན་བྲིས་༽སུ་ས་མིག་ཅིག་གཉེར་དོན་ཡང་དྲིལ་ན་དེ་ལ་འདུས་པ་ཡིན་ལགས།དེ་འདྲ་ཡིན་ཙང་།དེ་རིང་ནས་བཟུང་།  སྐྱ་སེར་གཉིས་འདུས་ཀྱི་མོས་མཐུན་འུ་ཅག་མ་བསྐུལ་རང་ཤུགས་ཀྱིས་གདན་ཐོག་གཅིག་ལ་འཛོམས་པར་དགའ་གུས་དང་འཚམ་འདྲི་ཡོད་པའི་རྣམ་འགྱུར་བསྟན་ཡོད་ལ། རྗེས་སོར་ཕན་ཚུན་ཤོང་ཡངས་པོ་དང་དཀྱེལ་ཆེན་པོ། དུངས་པ་དང་མཐུན་སྒྲིལ་ཡོད་ཐོག་དྲ་བའི་སྒྲིག་སྲོལ་དང་མ་འོངས་པའི་མདུན་ལྗོངས་དང་མ་འགལ་བའི་རྩོམ་གྱི་རྒྱུན་སྐྱོང་བར་ཁ་དྲོ་བཀྲ་ཤིས་ཞུས་པ་ལགས་སོ།།

                                                                            ད་སོ་མར་ཁྲིན་ཏུའུའི་ཇ་ཁང་ཞིག་ཏུ།

 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/9/9 22:32:08 | By: སྐུ་མགྲོན་qul8Oc(སྐུ་མགྲོན) ]
 
སྐུ་མགྲོན་qul8Oc(སྐུ་མགྲོན)ཁྱེད་འདི་ན་ཐོན་པ་དེས་ང་ཡང་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཅི་ལྟར་ཞེ་ན་ཁྱེད་ནི་སྤྱིར་བཏང་གི་འབྲོག་ཕྲུག་ཅིག་མ་ཡིན་ཞིང་། རང་རིགས་ལ་ཞེན་པ་དཀར་ཞིང་རང་མཐོང་གི་རྩིས་འདངས་ལྡན་པ་ཞིག་ཡིན་པས་མ་འོངས་པ་ལ་རེ་བའི་རྒྱལ་མཚན་བཙུགས་ཆོག་ལ། འདུན་པའི་མཆིད་ཚིག་ཀྱང་གླེང་ཆོག་ཆོག་གི་གསར་བུ་དགའ་ཡག་ཅིག་དུ་བརྩི་གི་ཡོད། མ་ཟད་ཁྱོད་ཀྱིས་དེ་སྔོན་བྲིས་པའི་ཚིག་དེ་དག་སྣང་བའི་འོད་དང་ཚོར་བའི་རླབས་ཡོད་པ་ཤ་སྟགས་ཡིན་ཙམ་རང་རེའི་ཧི་བོན་ཟིན་བྲིས་འདིའི་ཕྲིན་ལས་རྒྱས་པ་ལ་ཕན་ཐོག་ཆེན་པོ་ཡོད་ངེས་པའི་ཡིད་ཆེས་ཀྱི་འཕར་རྩ་ལྡང་། དེ་ལྟར་གྱིས་ངང་ནས་ཁྱེད་ཕེབས་པའི་དགའ་སྤྲོ་བྱེད་ཀྱི་ཡོད། ཅེས་ཁྱུང་མུ་ཝེར་པས་སྤུ་རྒྱལ་གངས་རིའི་འདབས་རོལ་ནས་ཕུལ།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ལགས་སོ།ཐུགས་རྗེ་ཆེ།ཕེབས་བསུ་ཡོད།
 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/7/5 20:05:19 | By: danzengyixi ]
 
danzengyixi


ཕེབས་པར་དགའ་བསུ་ཚད་མེད་ཞུས་ཡོད། ཁྱེད་ཀྱིས་དེ་སྔོན་བྲིས་པའི་སྙན་རྩོམ་དག་ཆེས་ཀློག་འདོད་ཆེ་བའི་གྲས་ཤིག་ཡིན་ལ། ད་དུང་མུ་མཐུད་ནས་དེ་འདྲའི་རྩོམ་ཡིག་གང་མང་ཞིག་འདིར་འགོད་པར་སྒུག་ཡོད། གུས་པའི་རྩོམ་ཉོག་དག་ལ་ཕྱོགས་གང་སར་ནས་སྐྱོན་བརྗོད་ཡོད་པར་མཁྱེན།
ཀློག་པ་པོ། ལྷ་གཡག་དར་མས།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཡ་ཡ་ལགས་སོ།ཉིད་ཀྱིས་ནམ་རྒྱུན་རྒྱབ་སྐྱོར་དང་སྐུལ་མ་གནང་བར་ཐུགས་རྗེ།ནམ་རྒྱུན་བསུ་ལགས།
 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/7/3 19:44:00 | By: BONCUTE ]
 
BONCUTEངས་ཀྱང་དགའ་བསུ་ཞུ།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/7/3 0:15:47 | By: zhongsong ]
 
zhongsong
བརྗོད་བྱ་འདི་zhongsongལགས་ཀྱིས་དུས་ཚོད་2013-07-03 00:10:29སྟེང་འདྲེན་བཀོལ་བྱས་ཏེ་དཔྱད་གཏམ་སྤེལ་དོན།
ཁྱེད་ཀྱང་འདི་གར་ཐོན་ཡོད་ན། ངས་ཀྱང་དགའ་བསུ་ལོས་ཞུ། འབྲོག་ཕྲུག་ན་གཞོན་ལགས། དེ་རིང་ཁར་སོང་མི་མང་པོ་ཞིག་དང་། ཤེས་ཡོན་པའི་སྡེ་རིགས་འགའ་ཞིག་དང་། དེ་བཞིན་དགེ་བའི་བཤེས་གཉེན་གྱི་མིང་ཅན་འགའ་ཡང་དེའི་ནང་དུ་མཆིས་སོང་བ་སྟེ། ཁོ་པ་ཚོས། འབྲོག་པ་ཞེས་དམའ་འབེབ་དང་ཟུར་ཟ་ཁོ་ནའི་གནས་སུ་བརྩི་བ་མཐོང་མོད་ཁྱེད་ནས་དེའི་ཐད་དེར་བསམ་ཚུལ་གང་འདྲ་ཞིག་ཡོད། ངས་བསམ་ན་བོན་གྱི་བསྟན་སྦྱིན་ནང་གི་གཙོ་ཆེ་ཤོས་ཀྱི་གྲས་སུ་མཐོ་རྒྱུད་ཀྱི་འབྲོག་སྡེ་རྣམས་བརྩིས་ན་བསྟན་ལ་ཞབས་ཕྱི་ཞུས་ཐད་ནས་དཔྱད་ན་མིང་དོན་མཚུངས་པར་སྙམ་པ་མ་ཟད། དེ་བཞིན་འབྲོག་པ་ཡིན་ཚད་བླུན་པོ་ཞིག་དང་། རྨོངས་པ་ཞིག་དང་། ཁ་ཕོ་ཅན་ཞིག་ཏུ་བརྩིས་ན་ག་ལ་འགྲིག་སྙམ་བཞིན་ཡོད། དེ་བས་ཀྱང་མ་ཚད། དེ་རིང་ཁར་སོང་འཛམ་གླིང་གི་ཕྱོགས་གང་སར་མི་གཤིས་ལ་དམའ་འབེབ་བྱེད་མི་རུང་བའི་ཁྱབ་བསྒྲགས་དང་། རང་དབང་གི་བརྩོན་ལེན། འདྲ་མཉམ་གྱི་གླེང་ཕྱོགས་མང་དུ་རྡོལ་བའི་བར་ནས། རྒྱ་ཆེའི་བུད་མེད་རྣམས་ཀྱང་ཕོ་མོ་འདྲ་མཉམ་ཞེས་པའི་བསྡོམ་ཚིག་གི་དབྱིངས་སུ་ཚུད་ཡོད་པ་དང་། བུད་མེད་སྤྱི་ཡི་ཚབ་བྱེད་ཀྱི་སྐད་ཆ་ཡང་མི་ཉུང་བ་ཞིག་ཐོན་པའི་དྲིན་གྱིས། དེང་གི་ཆར་ཕོ་མོའི་མཐོ་དམན་ཆེ་བའི་བོད་ཀྱི་ཁྲོད་དུའང་བུད་མེད་རྣམས་མི་གྲལ་ནས་མགོ་བོ་དགྱེ་བའི་སྐལ་པ་ཐོབ་ཡོད་པ་ལ་གཅིག་བལྟས་ན། འབྲོག་པ་དག་གི་ཚབ་བྱེད་ཀྱི་སྐད་ཆ་དེའི་ས་མིག་སྟོང་མ་སོང་ངམ་སྙམ།

 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/7/3 0:10:29 | By: zhongsong ]
 
zhongsongཁྱེད་ཀྱང་འདི་གར་ཐོན་ཡོད་ན། ངས་ཀྱང་དགའ་བསུ་ལོས་ཞུ། འབྲོག་ཕྲུག་ན་གཞོན་ལགས། དེ་རིང་ཁར་སོང་མི་མང་པོ་ཞིག་དང་། ཤེས་ཡོན་པའི་སྡེ་ཁག་དང་། དེ་བཞིན་དགེ་བའི་བཤེས་གཉེན་གྱི་མིང་ཅན་འགའ་ཡང་དེའི་ནང་དུ་མཆིས་སོང་བ་སྟེ། འབྲོག་པ་ཞེས་དམའ་འབེབ་དང་ཟུར་ཟ་ཁོ་ནའི་གནས་སུ་བརྩི་བ་མཐོང་མོད་ཁྱེད་ནས་དེའི་ཐད་དེར་བསམ་ཚུལ་གང་འདྲ་ཞིག་ཡོད། ངས་བསམ་ན་བོན་གྱི་བསྟན་སྦྱིན་ནང་གི་གཙོ་ཆེ་ཤོས་ཀྱི་གྲས་སུ་མཐོ་རྒྱུད་ཀྱི་འབྲོག་སྡེ་རྣམས་བརྩིས་ན་བསྟན་ལ་ཞབས་ཕྱི་ཞུས་ཐད་ནས་དཔྱད་ན་མིང་དོན་མཚུངས་པར་སྙམ་པ་མ་ཟད། དེ་བཞིན་འབྲོག་པ་ཡིན་ཚད་བླུན་པོ་ཞིག་དང་། རྨོངས་པ་ཞིག་དང་། ཁ་ཕོ་ཅན་ཞིག་ཏུ་བརྩིས་ན་ག་ལ་འགྲིག་སྙམ་བཞིན་ཡོད། དེ་བས་ཀྱང་མ་ཚད། དེ་རིང་ཁར་སོང་འཛམ་གླིང་གི་ཕྱོགས་གང་སར་མི་གཤིས་ལ་དམའ་འབེབ་བྱེད་མི་རུང་བའི་ཁྱབ་བསྒྲགས་དང་། རང་དབང་གི་བརྩོན་ལེན། འདྲ་མཉམ་གྱི་གླེང་ཕྱོགས་མང་དུ་རྡོལ་བའི་བར་ནས། རྒྱ་ཆེའི་བུད་མེད་རྣམས་ཀྱང་ཕོ་མོ་འདྲ་མཉམ་ཞེས་པའི་བསྡོམ་ཚིག་གི་དབྱིངས་སུ་ཚུད་ཡོད་པ་དང་། བུད་མེད་སྤྱི་ཡི་ཚབ་བྱེད་ཀྱི་སྐད་ཆ་ཡང་མི་ཉུང་བ་ཞིག་ཐོན་པའི་དྲིན་གྱིས། དེང་གི་ཆར་ཕོ་མོའི་མཐོ་དམན་ཆེ་བའི་བོད་ཀྱི་ཁྲོད་དུའང་བུད་མེད་རྣམས་མི་གྲལ་ནས་མགོ་བོ་དགྱེ་བའི་སྐལ་པ་ཐོབ་ཡོད་པ་ལ་གཅིག་བལྟས་ན། འབྲོག་པ་དག་གི་ཚབ་བྱེད་ཀྱི་སྐད་ཆ་དེའི་ས་མིག་སྟོང་མ་སོང་ངམ་སྙམ།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
བཀུར་བར་འོས་པའི་གྲོགས་པོ་བོན་སྨྱུག་ལགས། ལྟ་རྒྱ་ཁབ་མིག་ལས་དོག་ཅིང་ཐོས་རྒྱ་ཁྲོན་པ་ལས་ཆུང་བའི་བདག་གིས་ནི།ཤེས་ཡོན་པ་ཁ་ཤས་ཀྱིས་འབྲོག་པ་ལ་དེ་ལྟར་དམའ་འབེབ་དང་མཐོང་ཆུང་བྱས་པའི་གནས་ཚུལ་གང་ཡང་མཐོང་མ་བྱུང་ལ་ཐོས་ཀྱང་མ་བྱུང་བས།དཔེ་དེབ་དང་ཟེར་སྡེར་སོགས་སུ་གཏན་ཆགས་ཀྱིས་གསལ་བའི་རིགས་ཡོད་ཚེ་ངོ་སྤྲོད་གནོངས་དང་བལྟ་འདོད་ཤིན་ཏུ་ཆེ།དེ་མིན་འབྲོག་པ་རྣམས་ཀྱང་ཡོད་ཚད་བླུན་རྨོངས་མགོ་འཁོར་དག་དག་ག་ལ་ཡིན་ཨང་།ལོ་དང་ཟླ་བའི་འཁོར་སྐྱོད་རིང་མོའི་ཁྲོད་རི་མཐོ་བྲག་གཟར་ལ་གནས་བཅས་ཏེ་ཕྱི་ཕྱོགས་དང་འབྲེལ་འདྲེས་བྱས་པ་ལྟོས་བཅས་ཀྱིས་འཕྱི་ཙམ་ཡོད་རྐྱེན།སྐབས་རེར་དམུ་རྒོད་ཀྱི་ཕྱིའི་ཁྱད་ཆོས་འགའ་རེ་ད་དུང་ཡལ་མེད་པ་དེ་ནི་གནས་སྐབས་ཁས་བླངས་ཀྱང་སྐྱོན་གཞན་མི་འབབ་པར་འདོད་ཡོད།
 
 
Re:ང་ཡང་འདི་གར་ཐོན་ཡོད།
[ 2013/7/2 14:57:18 | By: yongzhoglangda ]
 
yongzhoglangdaཕེབས་བསུ་ཞུ། གངས་སྙུག་ནས།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཡ་ཡ།ཐུགས་རྗེ་ཆེ།མུ་མཐུད་ཕེབས་པར་ངས་ཀྱང་དགའ་བསུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.