ཁྱུང་བསོད་བློ།
ཁུངས་མེད་རྫུན་ལ་དགའ་བའི་ཕོ་ཕྲུག་འགའ།།
ཟེར་སྒྲོས་གཏམ་ལ་བློ་ཁ་ཡང་དྲག་པས།།
ཕ་ལ་མ་དགའ་བུ་ལ་ཨ་གསར་བྱེད།།
མ་ཡུམ་སློབ་སྐད་བརྗེད་པ་ངོ་རེ་ཚ།།
ཟ་སྐད་ར་མ་ལུག་གི་གླིང་དེར་ཕྱིན།།
མཐུང་སྐད་རྒྱ་མ་བོད་ཀྱི་གོམ་གཤིས་ཆགས།།
ཆས་ལུགས་ཆ་ཡ་མ་འགྲིགས་ལྭ་བ་གྱོན།།
མ་ཡུམ་སློབ་སྐད་བརྗེད་པ་ངོ་རེ་ཚ།།
སྔ་རྙིང་ནོར་བུའི་རྒྱུ་ལ་བཙོག་རེ་བལྟ།།
ཕྱིས་ཆས་འགྱིག་གི་རྒྱུ་ལ་མགོ་བོ་འཁོར།།
མིང་སྐད་ཁ་ནས་མི་ཐོན་རྒྱོབ་མདོག་ཆེ།།
མ་ཡུམ་སློབ་སྐད་བརྗེད་པ་ངོ་རེ་ཚ།།
བཅུད་ལྡན་རང་བྱུང་ཟས་ལ་ཞེན་པ་ལོག།
རྫས་ཐུམ་འགྱིག་གི་ཤ་ལ་འགྲམ་ཆུ་ཤོར།།
དྲོད་ཁོག་འགྱིག་གི་གང་བའི་མི་བུ་དེ།།
མ་ཡུམ་སློབ་སྐད་བརྗེད་པ་ངོ་རེ་ཚ།།
༢༠-༡༤-༢-༡༤-བོད་ཚེས་བཅོ་ལྔ་ཉིན་གྱི་ད་ལྟ་འཚོགས་གྲོལ་རྗེས་དུས་ཚོད་-༦-ཐོག་རང་ཤག་ནང་དུ་བྲིས།།