མདང་དགོང་གི་མཚན་མོ།
ཁྱུང་བསོད་བློ།
མདང་དགོང་གི་མཚན་མོ་
ཁྱོད་ཀྱི་ངོ་ཤ་ནི་འཐུག་དྲག ཁ་དོག་ནི་ནག་དྲག་པས་ཡིད་འོང་གི་དཀར་གསལ་ཟླ་བ་དེ་ཁྱོད་ལ་མ་འཁོར། ཁྱོད་ནི་མུན་ནག་གི་དྲྭ་གསེང་དུ་
ཆར་ནག་གི་རླུང་ནག་
འཁྲིག་བཞིན་ནག་འཐོམ་མེ་བསྡད་བཞག
ཁྱོད་ལ་དུང་བའི་མི་བུ་ཀྱང་མེད་ལ།
ཁྱོད་ལ་བརྩེ་བའི་སེམས་ཆགས་ཞིག་སུ་ལ་ཡོད། ཁྱོད་ནི་ཁེར་རྐྱང་གི་འཐོམ་པོ།
འགྲོ་བ་ལ་རིས་སུ་མེད་པའི་ཁ་སང་
ཕྱི་དྲོའི་ཉི་གཞོན་དང་
ཟླ་གཞོན་ལྷ་མོ་གཉིས་ཀྱི་
ཁྱོད་ལ་ཚུར་བལྟས་མ་བྱས་ནས་ཁྱོད་གཡུགས་བཞག
ད་ནང་གི་ཞོགས་པའི་སྐྱ་རེངས་མ་སླེབས་བར་དུ་ཁྱོད་ཀྱི་ས་མཐའ་མ་ཕིག
ད་ནང་གི་ཉི་ཤར་ལྷ་མོས་ཁྱོད་ཀྱི་ནུས་པ་བཅོམ་སོང་།
ཤ་ཚ་བའི་མདང་དགོང་གི་མཚན་མོ།
ཁྱོད་ཀྱི་སྲོག་དབང་གི་རྣམ་ཤེས་དེ་ཤི་མ་གསོན་གྱི་བེམ་སྒོག་ཞིག་མ་ཡིན་ནམ།
བསམ་བློ་ལ་འགྱུར་ལྡོག་རེ་ཐོབ་རྒྱུ་མི་འདུག་ཝེ། ཅི་བྱས་རོགས་ལ་བལྟོས།
ཉལ་ཁ་གཅིན་པ་ཐོང་ཟེར་བའི་དཔེ་ལྟར་ཡར་བལྟ་མར་བལྟ་རེ་གྱིས་དང་དེ་འདྲ་བསྡད་ན་ཚེ་ཆོད་རྒྱུ་ཞིག་ཨི་ཡོད་དམ།། ༢༠-༡༣-༡༡-༨-