སློབ་གསོ་མེད་ན་སྐྱོན།།
སློབ་གསོ་མེད་ན་མུག་གེ་འབྱུང་།།
སློབ་གསོ་མེད་ན་མདུན་ལམ་བརླགས།།
སློབ་གསོ་མེད་ན་གོང་འཕེལ་མེད།།
སློབ་གསོ་མེད་ན་རིག་གནས་མེད།།
སློབ་གསོ་མེད་ན་ང་རྒྱལ་རྩུབ།།
སློབ་གསོ་མེད་ན་ཕྲག་དོག་ཆེ།།
སློབ་གསོ་མེད་ན་ཞེ་སྡང་འབར།།
སློབ་གསོ་མེད་ན་འདོད་ཆགས་འཁྱིལ།།
སློབ་གསོ་མེད་ན་རྨང་གཞི་མེད།།
སློབ་གསོ་མེད་ན་དགོས་རྒྱུ་མང་།།
སློབ་གསོ་མེད་ན་ཟ་དགའ་ཆེ།།
སློབ་གསོ་མེད་ན་གཉིད་དགའ་ཆེ།།
སློབ་གསོ་མེད་ན་མཐོ་འདོད་ཆེ།།
སློབ་གསོ་མེད་ན་དཔོན་དགའ་ཆེ།།
སློབ་གསོ་མེད་ན་རྒྱུ་དགའ་ཆེ།།
སློབ་གསོ་མེད་ན་དམར་དགའ་ཆེ།།
སློབ་གསོ་མེད་ན་ཆང་དགའ་ཆེ།།
སློབ་གསོ་མེད་ན་ཚེ་སྲོག་ཐུང་།།
སློབ་གསོ་མེད་ན་འགྲོ་དགའ་ཆེ།།
སློབ་གསོ་མེད་ན་འདུག་དགའ་ཆེ།།
སློབ་གསོ་མེད་ན་བརླགས་ཉེན་ཡོད།།
སློབ་གསོ་མེད་ན་ནོར་ཉེན་ཡོད།།
སློབ་གསོ་མེད་ན་མགོ་སྐོར་འོག།
སློབ་གསོ་མེད་ན་བསླུ་བྲིད་འོག།
སློབ་གསོ་མེད་ན་འཇོན་ཐང་མེད།།
སློབ་གསོ་མེད་ན་ཤེས་རབ་མེད།།
སློབ་གསོ་མེད་ན་སྙིང་རྗེ་མེད།།
སློབ་གསོ་མེད་ན་རྒྱལ་ཁ་མེད།།
སློབ་གསོ་མེད་ན་བདེན་དཔང་མེད།།
སློབ་གསོ་མེད་ན་འབྲས་རྟགས་མེད།།
སློབ་གསོ་མེད་ན་གཞན་གཏུན་མེད།།
སློབ་གསོ་མེད་ན་མཐུན་སྒྲིལ་མེད།།
ཡོད་ན་དགེ།
སློབ་གསོ་ནི་བདེ་བའི་འབྱུང་ཁུང་།།
སློབ་གསོ་ནི་དགེ་བའི་རྨིང་རྡོ།།
སློབ་གསོ་ནི་ཐར་པའི་ཉེར་རྒྱུ།།
སློབ་གསོ་ནི་སངས་རྒྱས་གསོན་པོ།།
སློབ་གསོ་ནི་སྔོན་ཐོན་གྱི་ལམ་བུ།།སློབ་གསོ་ནི་ཡར་རྒྱས་ཀྱི་རྩ་བ།།
སློབ་གསོ་དེང་རབས་ཀྱི་སྤྱི་ཚོགས།།
སློབ་གསོ་ནི་མི་བུ་ཚོའི་མདུན་ལམ།།
སློབ་གསོ་ནི་རིག་གནས་ཀྱི་རྨང་གཞི།།
སློབ་གསོ་ནི་སྐད་དང་ཡི་གེ།།
སློབ་གསོ་ནི་མ་འོངས་པའི་ཇུས་གཞི།།
སློབ་གསོ་ནི་རྐྱེན་ངན་གྱི་སྔོན་འགོག།
སློབ་གསོ་ནི་བྱམས་བརྩེ་ཡི་ཁ་བརྡ།།
སློབ་གསོ་ནི་བློ་རྩེ་ཡི་བློ་ཐག།
སློབ་གསོ་ནི་སེམས་བརྩེ་ཡི་སེམས་གཏམ།།
སློབ་གསོ་ནི་གྲོགས་རྩེ་ཡིས་གནང་རོགས།།
སློབ་གསོ་ནི་དཔལ་འབྱོར་གྱི་ཡར་རྒྱས།།
སློབ་གསོ་ནི་མི་རིགས་ཀྱི་མཐུན་སྒྲིལ།།
སློབ་གསོ་ནི་ཤེས་རིག་གི་རྒྱ་མཚོ།།
སློབ་གསོ་ནི་བློ་རབ་ཀྱི་ཁོག་རྒྱ།།
སློབ་གསོ་ནི་མེས་སྐད་ཀྱི་བདག་པོ།།
སློབ་གསོ་ནི་མེས་ཟས་ཀྱི་བང་མཛོད།།
སློབ་གསོ་ནི་མེས་ཁྱིམ་གྱི་གཞིས་ལག།
སློབ་གསོ་ནི་མེས་ཡིག་གི་དབྱངས་གསལ།།
སློབ་གསོ་ནི་ལས་དབང་གི་འཚོ་རྟེན།།
སློབ་གསོ་ནི་སྙན་དབང་གི་བདུད་རྩི།།
སློབ་གསོ་ནི་མིག་དབང་གི་ལྟད་མོ།།
སློབ་གསོ་ནི་དམ་པོར་ཞིག་ཉར་རྒྱུ།།
སློབ་གསོ་ནི་ཀུན་སྙོམས་ཀྱི་ཉི་མ།།
སློབ་གསོ་ནི་རིས་མེད་ཀྱི་བླ་མ།།
སློབ་གསོ་ནི་ཀུན་གྱིས་སྐྱོང་རོགས།།
སློབ་གསོ་ནི་ཀུན་གྱིས་སྤེལ་རོགས།།
སློབ་གསོ་ནི་ཀུན་གྱི་ཕ་མ།།
སློབ་གསོ་ནི་ཀུན་གྱི་ལམ་སྟོན།།
སློབ་གསོ་ནི་ཀུན་གྱི་ཡང་རྩེ།།
སློབ་གསོ་ནི་ཀུན་གྱི་མཁས་པ།།
སློབ་གསོ་འདི་མེད་ན་གྱོང་ཆེ།
སློབ་གསོ་འདི་མེད་ན་ཡ་ང་།།
སློབ་གསོ་འདི་ཤིན་ཏུ་རྩལ་ཆེན།།
སློབ་གསོ་འདི་གསེར་ལས་དཀོན་ནོ།།
༢༠༡༣ ཟླ་ ༤ ཚེས་ ༢༦ ཉིན་མཁར་བསོད་ནམས་བློ་གྲོས་ནས་བྲིས།།