བདེ་བ་ནི་རྗེས་ལུས་ཀྱི་ལམ་བུ།།
བདེ་བ་ནི་སློབ་སྦྱོང་གི་བཀག་རྡོ།།
བདེ་བ་ནི་དཔལ་འབྱོར་གྱི་གྱོང་གུད།།
བདེ་བ་ནི་ཚན་རྩལ་གྱི་རྗེས་ལུས།།
བདེ་བ་ནི་སང་ཉིན་གྱི་འཕེལ་འགྲིབ།།
བདེ་བ་ནི་གནང་ཉིན་གྱི་ལས་དཀའ།།
བདེ་བ་ནི་ཕུག་མདུན་གྱི་དགྲ་བོ།།
བདེ་བ་ནི་གནས་སྐབས་ཀྱི་རྐྱེན་ངན།།
བདེ་བ་ནི་ཟ་རྒྱུ་ལ་དགའ་མཁན།།
བདེ་བ་ནི་ཉལ་རྒྱུ་ལ་དགའ་མཁན།།
བདེ་བ་ནི་འཁྲིགས་ཆགས་ལ་དགའ་མཁན།།
བདེ་བ་ནི་གཞན་ངོ་ལ་དགའ་མཁན།།
བདེ་བ་ནི་ལྟག་སྒོ་ལ་དགའ་མཁན།།
བདེ་བ་ནི་ལྐོག་ཟས་ལ་དགའ་མཁན།།
བདེ་བ་ནི་ཆང་རག་ལ་དགའ་མཁན།།
བདེ་བ་ནི་གྲོང་ཁྱེར་ནང་དགའ་མཁན།།
བདེ་བ་ནི་གཞན་ཆས་ལ་དགའ་མཁན།།
བདེ་བ་ནི་གཞན་སྐད་ལ་དགའ་མཁན།།
བདེ་བ་ནི་གཞན་ཡུལ་ལ་དགའ་མཁན།།
བདེ་བ་ནི་གནས་སྐབས་ཀྱི་བདེ་བ།།
བདེ་བ་ཁྱོད་ཀུན་པོ་ཡིས་ལྟད་མོ།།
བདེ་བ་ཁྱོད་ཀུན་པོ་ཡིས་སྨོད་ཡུལ།།
བདེ་བ་ཁྱོད་བདེ་སྡུག་གི་གཞི་རྩ།།
བདེ་བ་ཁྱོད་ཡོད་ཚད་དེ་བརླགས་མཁན།།
༧ བརྩོན་འགྲུས་ཀྱི་ཡོན་ཏན།
བརྩོན་འགྲུས་ནི་སྔོན་ཐོན་གྱི་བདག་པོ།།
བརྩོན་འགྲུས་ནི་མཐར་ཐུག་གི་རྒྱུ་རྐྱེན།།
བརྩོན་འགྲུས་ནི་ཡོན་ཏན་གྱི་གཞི་མ།།
བརྩོན་འགྲུས་ནི་སློབ་སྦྱོང་གི་གྲོགས་མཆོག།
བརྩོན་འགྲུས་ནི་མ་འོངས་པའི་མདུན་ལམ།།
བརྩོན་འགྲུས་ནི་ཡབ་མེས་ཀྱི་རྗེས་འཛིན།།
བརྩོན་འགྲུས་ནི་ཡོན་ཏན་གྱི་རྨང་གཞི།།
བརྩོན་འགྲུས་ནི་རིག་གནས་ཀྱི་བདག་པོ།།
བརྩོན་འགྲུས་ནི་གདམ་ངག་གི་བང་མཛོད།།
བརྩོན་འགྲུས་ནི་སྙན་ངག་གི་གླུ་དབྱངས།།
བརྩོན་འགྲུས་ནི་གྲྭ་རྐྱང་གི་འདུག་རོགས།།
བརྩོན་འགྲུས་ནི་གྲྭ་རྐྱང་གི་འཚོ་རྟེན།།
བརྩོན་འགྲུས་ནི་དེ་རིང་གི་དཔལ་འབྱོར།།
བརྩོན་འགྲུས་ནི་སང་ཉིན་གྱི་ཚན་རྩལ།།
བརྩོན་འགྲུས་ནི་རྒྱལ་ཁ་ཡི་བདག་པོ།།
བརྩོན་འགྲུས་ནི་གསེར་དངུལ་གྱི་རྟགས་མ།།
བརྩོན་འགྲུས་ནི་ཀུན་གྱི་གསོལ་རོགས།།
བརྩོན་འགྲུས་ནི་ཀུན་གྱི་མཆོད་རོགས།།
བརྩོན་འགྲུས་ནི་ཀུན་གྱི་བཙལ་རོགས།།
བརྩོན་འགྲུས་ནི་ཀུན་གྱི་ཉར་རོགས།།
བརྩོན་འགྲུས་ནི་ཀུན་ལ་དགོས་པ།།
བརྩོན་འགྲུས་ནི་ཀུན་གྱི་བདག་པོ།།
བརྩོན་འགྲུས་ནི་ཀུན་གྱི་གཞི་མ།།
བརྩོན་འགྲུས་ནི་ཀུན་གྱི་བསྟོད་ཡུལ།།
བརྩོན་འགྲུས་ནི་བྱ་བཞག་གི་ཡང་རྩེ།།
བརྩོན་འགྲུས་ནི་མི་ཚེ་ཡི་མདུན་ལམ།།
བརྩོན་འགྲུས་ནི་རྒྱུ་ལ་མི་དགའ།།
བརྩོན་འགྲུས་ནི་འདོད་ཆུང་ཆོག་ཤེས།།