སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྐྱོ་གླུ།
[ 2013/3/30 20:32:00 | By: vase ]
 
ཨ་ངན་འགས་རྒན་རྒོག་འགའ་ལ་ཉེས་གཅོད་མཐོང་བའི་སྐྱོ་གླུ།

 ཀཾ་ལི་གཉེར་མ་གྲངས་ལ་བརྒལ་དུས་ཁཾ་བ་རི་བའི་རྨོག་དཀར་གྱོན། །
གཾ་ནས་གཞིག་ཀྱང་གོར་གོར་ཆགས་དུས་ངཾ་བུ་མི་འདོད་པ་ཡི་དུས། །
ཅཾ་ཅོལ་གཏམ་དེ་རྣ་བར་གཟན་པས་ཆཾ་ལུགས་ཆ་ལེ་ཆོལ་ལེ་སྐྲས། །
ཇཾ་ཆང་ཟས་གི་དྲོ་བ་མི་མཐོང་ཆུ་ཆད་ཉཾ་ཡི་བམ་རོའི་གཟུགས། །

ཏཾ་ཐ་ག་ཏའི་དབྱངས་ལ་བཀྱོན་སའི་བུ་ཆུང་ཐཾ་ལ་ཁྱོད་མ་འཁོ། །  
དྃ་ལྟའི་སྨག་གི་ནྃ་རག་སྡུག་བསྔལ་བསལ་བའི་གོ་སྐབས་ཁྱོད་ལ་མེད།  །
པཾ་ཏྲའི་གཟུགས་དབྱིབས་འཁྱོག་ལ་གྱུ་སྐབས་ཕཾ་ངན་བུ་དེས་མ་ཤེས་མདོག  །
བཾ་གླང་ལྟ་བུའི་རྣམ་ཤེས་འཐོམ་པས་མཾ་རིག་རྒད་མོ་དེ་བས་འཐུག །

ཙཾ་རིའི་འཕྲང་ལམ་བརྒྱ་ལས་བརྒལ་བའི་རྒད་པོའི་ཚཾ་གྲང་འགྱུར་ལྡོག་ཚ། །
ཛཾ་དྲག་ཆེ་བས་ཨ་ངན་འོག་ཏུ་ཨ་ཉེ་ཉམས་ཆུང་ཝཾ་ལས་ཞུམ། །
ཞཾ་ལ་ཉེ་དུས་ཟཾ་ལ་རྔམ་ཀྱང་གསོག་ཟས་སྣུམ་པོ་བུ་ཡིས་འཕྲོག  །
འཾ་ཅག་བཟང་པོའི་བུ་ཡི་སྲོལ་འཛིན་ཡཾ་རབས་སྤྱོད་བཟང་སྦལ་སྤུའི་དཀོན། །

རཾ་བ་སྒོ་བཞི་སྒོ་ལ་བསྐྱལ་བཞིན་ལཾ་རྒྱ་སྟོང་པའི་སྟོང་གཏམ་ལབ། །
ཤཾ་རུས་གཅིག་གི་སཾ་བོན་བདག་པོ་རྒན་རྒོག་རྒན་གསོ་ཁང་ལ་བཀར། །   
ཧཾ་ལམ་སྐེ་ལ་ལྕགས་ཐག་རྒྱག་ཁད་ཁྲེལ་མེད་ཨཾ་ངན་སྣབ་ལུག་ཚོ། །
གཤིན་རྗེ་ནག་པོའི་བཀའ་ཁྲིམས་ཡོད་ན་ལྕགས་ཚན་དམར་པོའི་ནང་དུ་ཆུག།     
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་༣༠ ཉིན་མོར་སྟེང་བསོད་བློ་ནས།
 
 
Re:སྐྱོ་གླུ།
[ 2013/3/31 11:24:54 | By: སྐུ་མགྲོན་KPg6JV(སྐུ་མགྲོན) ]
 
སྐུ་མགྲོན་KPg6JV(སྐུ་མགྲོན)ཡག་པོ་སྤེལ་འདུག་བཀའ་དྲིན་ཆེ།།། ཨ་ཚ་ནས།།།
 
 
Re:སྐྱོ་གླུ།
[ 2013/3/30 23:59:46 | By: vase ]
 
vaseཁ་པར་ནང་དུ་གནོན་ཉེས་སོང་བས་ཐེང་གསུམ་ཙམ་སྤེལ་སོང་བ་ཧ་མ་གོ་བས་གྲོགས་རྣམས་དགོང་འགལ་མེད་པར་ཞུ་ཞུ། སྟེང་བསོད་བློ་ནས
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.