སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དང་པོ་མེད་སྡུག་ཕྱིས་སུ་ཡོད་སྡུག་གི་ཀུ་ཤུ་ཁ་པར།
[ 2013/1/16 16:58:00 | By: vase ]
 

དང་པོ་མེད་སྡུག་ཕྱིས་སུ་ཡོད་སྡུག་གི་ཀུ་ཤུ་ཁ་པར།།

 

    ཡ་ཀུ་ཤུ་ཁ་པར།    ཁྱོད་མེད་ན་དུས་བབ་ཀྱི་ཚན་རྩལ་འཕྲུལ་ཆས་བསྒུལ་དཔྱོད་མི་ནུས་པའི་རྗེས་ལུས་པ་ཟེར་བའི་བརྙས་བཅོས་བྱས་པ་དེ་བས་སྡུག   ཁྱོད་མེད་ན་མགོ་བོ་ལྟག་རྒྱབ་ཏུ་དབྱུག་པའི་གཟུར་འགྲོས་པ་མཐོ་པོའི་མིང་རྟགས་ཅན་གྱི་གསེང་དུ་མ་ཚུད་ན་དེ་བས་སྡུག     ཁྱོད་མེད་ན་འཛམ་གླིང་གོ་ལ་ཧྲིལ་པོའི་དུས་བབ་བདེ་སྡུག་གི་ལྟད་མོ་མ་མཐོང་ན་དེ་བས་སྡུག    ཁྱོད་མེད་ན་ང་གྲྰ་རྐྱང་འཁྱམས་པོ་སེམས་ཅན་ཕལ་མོ་ཆེ་ཡི་མཚོ་བཅུད་ཀྱི་དྰངས་མ་ནམ་ཕྱེད་ཀྱི་གཉིད་ལ་མ་ཡོལ་ན་དེ་བས་སྡུག    ཁྱོད་མེད་ན་ཕྱི་དགྲ་ཡིས་ང་ལ་དཔལ་འབྱོར་འཕེལ་རྒྱས་གསེང་གི་སྤྲང་པོ་གོ་ལ་ཧྲིལ་པོའི་རྗེས་ལུས་པ་ཟེར་བས་བརྙེས་བཅོས་བྱས་པ་དེ་བས་སྡུག།         ཡ་ཀུ་ཤུ་ཁ་པར།               ད་ཁྱོད་ཡོད་ན་ང་སློབ་གཉེར་བའི་རུམ་ཁ་དྲོད་མོ་ནང་གི་རྣམ་གཡེང་སྒྱུ་མའི་གྲོང་ཁྱེར་ཆུང་ཆུང་ཞིག       ཁྱོད་ཡོད་ན་ང་གྲྰ་རྐྱང་འཁྱམས་པོའི་དངུལ་ཁུག་གཉིད་ལ་བསྙུན་མཁན་གྱི་གཏེ་ཧོ་ངོ་མ།   ཁྱོད་ཡོད་ན་གཞི་ལམ་འབྲས་བུའི་གཞུང་གསེབ་ཉུལ་མཁན་གྱི་བརྩོན་འགྲུས་དྲག་པོ་ཕྱི་ལོག་ལ་བཀར་མཁན་གྱི་ལེ་ལོའི་སྒམ་ཆུང་གྲུ་གཞི་མ།   ད་ཅི་དགོས་ཤེས་མ་སོང་ཀུ་ཤུ་ཁ་པར་ལགས།    ཁྱོད་ནི་ཡོད་སྡུག་མེད་སྡུག་ཅི་འདྲའི་ཡ་མཚན་ཅན།   ཡོད་ཚད་ཀྱི་མིག་རྒྱང་འཕེན་ས་ཡང་ཁྱོད།     སློབ་སྦྱོང་ལ་བར་ཆད་བྱེད་མཁན་གྱི་གཏེ་ཧོ་ངོ་མ་ཡང་ཁྱོད།     ཁྱོད་ནི་བདེ་སྡུག་གཉིས་ཀྱི་གཞི་མ་ཞིག་རེད་འདུག །              སྤྱི་ལོ་  ༢༠༡༣   ཟླ་   ༡     ཚེས་༡༦     ཉིན།

                          སྲོ་ལོ་དཀར་པོ།         

                            

 
 
Re:དང་པོ་མེད་སྡུག་ཕྱིས་སུ་ཡོད་སྡུག་གི་ཀུ་ཤུ་ཁ་པར།
[ 2013/2/4 17:19:55 | By: ཚུལ་ཁྲིམས།(སྐུ་མགྲོན) ]
 
ཚུལ་ཁྲིམས།(སྐུ་མགྲོན)ཡག་པོ་འདུག་མུ་མཐུད་རྒྱུད་སྐྱོང་གནོངས་རོགས།
 
 
Re:དང་པོ་མེད་སྡུག་ཕྱིས་སུ་ཡོད་སྡུག་གི་ཀུ་ཤུ་ཁ་པར།
[ 2013/1/16 18:09:57 | By: སྐུ་མགྲོན་t85Bs1(སྐུ་མགྲོན) ]
 
སྐུ་མགྲོན་t85Bs1(སྐུ་མགྲོན)ལགས་སོ། གསེར་ཞུན་ལགས། ང་རང་གློག་གླད་ཐོག་ལག་རྩལ་ཞན་པས་དབང་གི་འ་ཟུར་འདོགས་ཚུལ་ཅུང་ཙམ་འགྲིགས་མ་སོང་ལགས་དགོང་དག་ཞུ། ཁྱེད་ཀྱི་སློབ་གསོའི་འབོད་བསྐུལ་གནང་བ་བཀའ་དྲིན་ཤིན་ཏུ་ཆེ།།
 
 
Re:དང་པོ་མེད་སྡུག་ཕྱིས་སུ་ཡོད་སྡུག་གི་ཀུ་ཤུ་ཁ་པར།
[ 2013/1/16 17:39:40 | By: bonnaktwang ]
 
bonnaktwangདུས་བསྟུན་གྱི་རྩོམ་འདྲ་སྤེལ་བ་ལེགས་གསོལ་དང་། ད་དུང་གྲྰ་ལ་གྲྭ་དང་། དྰངས་ལ་དྭངས་སོགས་བརྡ་དག་སྐོར་ལ་ད་དུང་ཤུགས་རེ་རྒྱབ་ན་མ་འོངས་རིག་གནས་ཡར་ཟླར་འགྲན་པའི་མདུན་ལམ་ཡོད་དོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.